Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ལོ་གསར།

Posted on 2021-01-31 By ཁ་བརྡ No Comments on བོད་ཀྱི་ལོ་གསར།

ཆང་སྐྱེས།
 
སྤྱིར་གདོང་དམར་བོད་ཀྱི་ལོ་གསར་ལ།།
རྩིས་ཚེས་གྲངས་མི་གཅིག་ཁ་ཤས་ཤིག།
བོད་བཙན་པོ་སྤུ་དེ་གུང་རྒྱལ་སྐབས།།
མ་རྒན་མོ་བལ་མའི་ཟླ་རྩིས་ཞེས།།
དགུང་ཟླ་བའི་འཕེལ་འགྲིབ་དང་བསྟུན་ནས།།
ཡུལ་ལྷོ་ཁ་ཡར་ལྷ་ཤམ་པོ་ཡི།།
ཁམ་སིལ་སྡོང་མེ་ཏོག་བཞད་པ་ན།།

དེ་ལས་མང་བ་། “བོད་ཀྱི་ལོ་གསར།” »

སྙན་ངག

ང་ཚོ་སུ་རེད།

Posted on 2021-01-30 By ཁ་བརྡ No Comments on ང་ཚོ་སུ་རེད།

མཐིང་ཟླ།
 
རང་ཡུལ་བོར་བའི་ལམ་དེའི་ཡང་མཐའ་ན།
སྡུག་ཡུས་མནར་བའི་ཡུལ་གྱར་ཁྱུ་ཚོགས་ཤིག
མདུན་ན་ཡོད་པ་ནི་འཚོ་བའི་འགྲན་རྩོད་དེ་ཡིན།
རྒྱབ་ན་ཡོད་པ་ནི་མིག་ཆུའི་རེ་སྒུག་དེ་ཡིན།
བསམ་གཞིགས་ཐེངས་རེར། ཕྱི་མིག་ཐེངས་རེར།
འདས་དུས་ལ་འཁྲེང་སེམས་སྐྱེས་མྱོང་།
འཁྱག་སིབ་སིབ་ཀྱི་ལོ་ཟླ་དེ་གྲང་མོ་ཡིན།

དེ་ལས་མང་བ་། “ང་ཚོ་སུ་རེད།” »

གླུ་གཞས།

རྒྱ་གར་གློག་བརྙན་(Aap To Aise Na the) གང་ཉིད་འདི་འདྲ་མེད་ཅེས་པའི་གླུ་ཞིག

Posted on 2021-01-302021-01-30 By དགེ་རབ་ No Comments on རྒྱ་གར་གློག་བརྙན་(Aap To Aise Na the) གང་ཉིད་འདི་འདྲ་མེད་ཅེས་པའི་གླུ་ཞིག

པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༢༦ ཉིན།
 
Tu is tarah se meree jindagee mein shaamil hain
Jahaan bhee jaaoo ye lagataa hain teree mahafil hain
གང་ཉིད་འདི་ལྟར་ང་ཡི་མི་ཚེར་འདུས་བྱས་པ།།
གང་དུ་སྐྱོད་ཀྱང་ཁྱོད་ནི་སྙན་ངག་འདུ་འཛོམས་འདྲ།།

Ye aasamaan ye baadal ye raaste ye hawaa
Har ek cheej hain apanee jagah thhikaane se

དེ་ལས་མང་བ་། “རྒྱ་གར་གློག་བརྙན་(Aap To Aise Na the) གང་ཉིད་འདི་འདྲ་མེད་ཅེས་པའི་གླུ་ཞིག” »

གླུ་གཞས།, འགྱུར་རྩོམ།

༢༠༢༡ གི་སྲིད་སྐྱོང་གླེང་བའི་སེམས་གཏམ་དམར་པོ།

Posted on 2021-01-292021-01-30 By ཁ་བརྡ 11 Comments on ༢༠༢༡ གི་སྲིད་སྐྱོང་གླེང་བའི་སེམས་གཏམ་དམར་པོ།

པདྨ་རིག་འཛིན།
 
༡) གངས་ཅན་བོད་ཀྱི་བསྟན་སྲིད་ཉམས་ཆགས་སུ་སོང་བ་དང་བསྟུན། བོད་གཞུང་གི་བདག་དབང་ཡང་འབྲི་ཆུའི་སྟོད་སྨད་ཀྱིས་ཕྱེས་ཡོད་པ་ནི་ཆབ་སྲིད་ཀྱི་དགོས་དབང་ཡིན་པ་བཤད་མ་དགོས། དེ་ལྟ་བུའི་ཆབ་སྲིད་ཀྱི་དགོས་དབང་གིས་ཁམས་ཕལ་ཆེར་དང་། ཨ་མདོ་ཡོད་ཚད་རྒྱ་གཞུང་གི་ཕྱོགས་སུ་ཤོར་བ་ལས། བོད་གཞུང་ལ་གཏོགས་ཐུབ་མེད། འདི་ནི་ཆབ་མདོའི་ཆིངས་ཡིག་དག་གིས་མཚོན་པའི་ལོ་རྒྱུས་ཀྱི་བདེན་དཔང་རེད། ཡིན་ན་ཡང་། བོད་པ་ཡོངས་ཀྱི་ལོ་རྒྱུས་ཀྱི་རྒྱབ་རྟེན་ནི་བོད་གཞུང་དགའ་ལྡན་ཕོ་བྲང་ཡིན་དགོས་པ་བསྙོན་དུ་ག་ལ་ཡོད། བོད་ས་གཞན་དབང་དུ་ལྷག་ཅིང་། བོད་མི་གཞན་ཡུལ་དུ་གྱར་བའི་གཉན་འཕྲང་ཅན་གྱི་

དེ་ལས་མང་བ་། “༢༠༢༡ གི་སྲིད་སྐྱོང་གླེང་བའི་སེམས་གཏམ་དམར་པོ།” »

བསམ་ཚུལ།

གྲོགས་པོ།

Posted on 2021-01-29 By ཁ་བརྡ 2 Comments on གྲོགས་པོ།

རྩོམ་པ་པོ། འགྱན་སངས་རྒྱས་དོན་གྲུབ། འོས་སྦྱོར་བ། ཚེ་དཔག་རིག་འཛིན།
 
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

མདོ་སྨད་རྨ་ཆུའི་ལྷོ་རྒྱུད་དུ་ཆགས་པའི་ས་མ་འབྲོག་གི་ཡུལ་ཞིག་ཏུ་སྐྱེས། སྔ་ཕྱིར་རྫོང་མི་རིགས་སློབ་འབྲིང་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམ་ནས་སློབ་གཉེར་བྱས་མྱོང་ལ། སློབ་ཆེན་དེ་ཉིད་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་སོགས་ནས་རིག་གནས་དཔྱོད་འཇུག་གི་ལས་ཀ་བསྒྲུབས་མྱོང་། ཁོང་གིས་ལས་ཞོར་དུ་《བོད་ལྗོངས་ཞིབ་འཇུག་》སོགས་རིག་གཞུང་དུས་དེབ་གང་མང་ཅིག་གི་སྟེང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་

དེ་ལས་མང་བ་། “གྲོགས་པོ།” »

སྣ་ཚོགས།

རྒྱང་རིང་གི་ཁ་པར།

Posted on 2021-01-28 By ཁ་བརྡ 5 Comments on རྒྱང་རིང་གི་ཁ་པར།

རྔ་བ་ཀུན་བཟང་།

དེ་རིང་གློ་བུར་དུ་གཤོག་མེད་ཀྱི་མཁན་རླུང་བརྒྱུད་ནས་ཆ་མེད་ཞིག་གི་ཁ་པར་ཐོན་ཐལ། ངས་དང་པོ་ནས་རྒྱུ་མཆན་གང་ཡིན་འདྲི་མ་ཐུབ། རང་ཉིད་ཡང་ཡ་མཚན་དུ་གྱུར་ནས་ཁོང་གི་སྐད་ཆ་ལ་ཉན། ཧ་ལམ་ལོ་མང་པོའི་གོང་ནས་ངོ་ཤེས་པའི་རྣམ་པ་ཞིག་བསྟན་ན་ཡང་།

དེ་ལས་མང་བ་། “རྒྱང་རིང་གི་ཁ་པར།” »

ལྷུག་རྩོམ།

བོད་ཀྱི་གསོ་རིག་ལ་སྐད་རིགས་གང་ཡིན་ཡང་ངེས་པར་དུ་བོད་ཀྱི་གསོ་རིག་ཅེས་པའི་དོན་བསྒྱུར་གྱི་མིང་གདགས་དགོས།

Posted on 2021-01-26 By ཁ་བརྡ 4 Comments on བོད་ཀྱི་གསོ་རིག་ལ་སྐད་རིགས་གང་ཡིན་ཡང་ངེས་པར་དུ་བོད་ཀྱི་གསོ་རིག་ཅེས་པའི་དོན་བསྒྱུར་གྱི་མིང་གདགས་དགོས།

དཀོན་མཆོག་རྒྱལ་མཚན།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ།

དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་བ་དང་དྲུག་ཅུ་བ་ནས་བཟུང་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཆ་མང་པོར་དར་འགོ་ཚུགས་པ་དང་བསྟུན། ཕྱི་གླིང་བའི་

དེ་ལས་མང་བ་། “བོད་ཀྱི་གསོ་རིག་ལ་སྐད་རིགས་གང་ཡིན་ཡང་ངེས་པར་དུ་བོད་ཀྱི་གསོ་རིག་ཅེས་པའི་དོན་བསྒྱུར་གྱི་མིང་གདགས་དགོས།” »

བསམ་ཚུལ།

སྤོ་བོ་བྷིར་ནེ་གླེང་བ།

Posted on 2021-01-26 By ཁ་བརྡ No Comments on སྤོ་བོ་བྷིར་ནེ་གླེང་བ།

བཞག་ལྡོམ་ལྗང་ལོ།

བྷིར་ནེ་ནི་དགུང་ལོ་བགྲེས་ཤིང་མཚམས་རེ་དགོད་བྲོ་བ་དང་སྐབས་རེ་གཟབ་ནན་ཀྱི་ཆབ་སྲིད་པ་ཞིག་ཡིན་། ཁོ་ནི་སྤྱི་ལོ་་༡༩༤༡/༩/༨་ལ་ཨ་རིའི་མངའ་སྡེ་ནེའུ་ཡོག་ནས་ལྗེའུ་མི་རིགས་ངལ་རྩོལ་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་། ལོ་ན་ཆུང་དུས་སུ་སློབ་གྲྭ་འགྲིམ་བཞིན་པའི་སྐབས་ཕ་མ་གཉིས་པོ་འདས་ཀྱང་མུ་མཐུད་ནས་སློབ་སྦྱོང་བྱས་ཏེ་ཨ་རིའི་མངའ་སྡེ་Chicago སློབ་གྲྭ་ཆེན་མོ་ནས་སྲིད་དོན་

དེ་ལས་མང་བ་། “སྤོ་བོ་བྷིར་ནེ་གླེང་བ།” »

སྣ་ཚོགས།

ནད་ཡམས་ཞི་ཆེད་ཐའེ་ཝན་དུ་བརྒྱུད་པ་གསུམ་གྱི་དགེ་འདུན་པས་སྨན་བླའི་སྟོང་མཆོད་འཚོགས་པ།

Posted on 2021-01-26 By ཁ་བརྡ No Comments on ནད་ཡམས་ཞི་ཆེད་ཐའེ་ཝན་དུ་བརྒྱུད་པ་གསུམ་གྱི་དགེ་འདུན་པས་སྨན་བླའི་སྟོང་མཆོད་འཚོགས་པ།

གནས་ཚུལ་མཁོ་སྤྲོད་པ་ཤེར་འོས་སྒོམ་སྒྲུབ་ཆོས་ཚོགས།

དེ་ཡང་ཐའེ་ཝན་ནི་ནང་པ་སངས་རྒྱས་པའི་བསྟན་པ་དར་རྒྱས་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཐའེ་ཝན་རང་གི་ས་གནས་ཀྱི་གཙོ་བོའི་ཆོས་བརྒྱུད་རྒྱ་བརྒྱུད་ནང་བསྟན་ལས་གཞན་ད་དུང་། བོད་བརྒྱུད་ནང་བསྟན་ཡང་དར་རྒྱས་ཆེན་པོ་ཡོད་

དེ་ལས་མང་བ་། “ནད་ཡམས་ཞི་ཆེད་ཐའེ་ཝན་དུ་བརྒྱུད་པ་གསུམ་གྱི་དགེ་འདུན་པས་སྨན་བླའི་སྟོང་མཆོད་འཚོགས་པ།” »

སྣ་ཚོགས།

གླུ་ངོ་མ་ཡིན་ལ་རྫུན་མའང་ཡིན།

Posted on 2021-01-262021-01-26 By ཁ་བརྡ No Comments on གླུ་ངོ་མ་ཡིན་ལ་རྫུན་མའང་ཡིན།

ཆང་སྐྱེས།
 
ཨ་ཁུ་དགེ་བཤེས་གྲོང་ནས་མག་པར་བསྡད།།
བན་ཆུང་ལང་ཤོར་ཨ་རག་ཆང་ལ་ལོབས།།
ཆོས་ཀྱི་སྙིང་བོ་མཛེས་མའི་རུམ་ན་གསུངས།།
ཡོད་ཚད་མ་ཡིན་ཕལ་ཆེར་འདི་མོ་རེད།།

མི་དམངས་དགེ་རྒན་རྒྱན་དང་ཤོ་ལ་ཆགས།།
སློབ་མ་མང་པོ་གྲོང་དང་སྲང་ན་ལུས།།

དེ་ལས་མང་བ་། “གླུ་ངོ་མ་ཡིན་ལ་རྫུན་མའང་ཡིན།” »

སྙན་ངག

རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་གྱི་ལེའུ་བརྒྱད་པ།

Posted on 2021-01-26 By ཁ་བརྡ 3 Comments on རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་གྱི་ལེའུ་བརྒྱད་པ།

བློ་བཟང་རིན་ཆེན་གྱིས་བསྒྱུར།

71 Forgive others, not because they deserve forgiveness, but because you deserve peace.
71 གཞན་ལ་བཟོད་སྒོམ་བྱེད་པ་ནི་ཁོ་ཚོར་འོས་ཤིང་འཚམས་པས་མིན་པར།

དེ་ལས་མང་བ་། “རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་གྱི་ལེའུ་བརྒྱད་པ།” »

འགྱུར་རྩོམ།

ནོར་གླིང་མཐོ་སློབ་ཀྱི་སྐབས་དྲུག་པའི་སློབ་མ་ཐུན་མོང་ནས་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་ལ་རྟེན་འབྲེལ་ཞུ།

Posted on 2021-01-252021-01-25 By ཁ་བརྡ No Comments on ནོར་གླིང་མཐོ་སློབ་ཀྱི་སྐབས་དྲུག་པའི་སློབ་མ་ཐུན་མོང་ནས་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་ལ་རྟེན་འབྲེལ་ཞུ།

རྒན་ལགས་བཀའ་དྲིན་ཆེ་རྟེན་འབྲེལ་ཞུ།

<<བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ།>>ཞེས་པའི་ལོ་རྒྱུས་ཀྱི་དེབ་ཐེར་འདི་ནི་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་གི་ཤེས་རབ་ཀྱི་ཉིང་ཁུ་གཅིག་ཏུ་བསྡུས་པའི་ལོ་རྒྱུས་ཀྱི་དེབ་ཕྲེང་གཉིས་པ་

དེ་ལས་མང་བ་། “ནོར་གླིང་མཐོ་སློབ་ཀྱི་སྐབས་དྲུག་པའི་སློབ་མ་ཐུན་མོང་ནས་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་ལ་རྟེན་འབྲེལ་ཞུ།” »

སྣ་ཚོགས།

ཨ་མ།

Posted on 2021-01-25 By ཁ་བརྡ No Comments on ཨ་མ།

ཆང་སྐྱེས།
 
ཤར་ཕྱོགས་རི་རྒྱལ་ལྷུན་པོའི་དབུ་རྩེ་ནས།།
དཀར་གསལ་བཅོ་ལྔའི་ཟླ་བ་འཛུམ་པ་ན།།
བཀའ་དྲིན་བརྗོད་ཐབས་མེད་པའི་དྲིན་ཆེན་མ།།
ལྷན་ཏུ་བཞུགས་པ་འདྲ་བའི་འཕྲུལ་སྣང་ཞིག།

རིན་ཆེན་མི་ཡི་ལུས་རྟེན་གནང་མཁན་མ།།
བུ་ཡི་ཆེད་དུ་ཡོད་ཚད་གཏོང་མཁན་མ།།

དེ་ལས་མང་བ་། “ཨ་མ།” »

སྙན་ངག

EVERYTHING ཟེར་བའི་འཚོལ་བཤེར་མཉེན་ཆས་བོད་སྒྱུར་མ།

Posted on 2021-01-242021-01-24 By ཁ་བརྡ 6 Comments on EVERYTHING ཟེར་བའི་འཚོལ་བཤེར་མཉེན་ཆས་བོད་སྒྱུར་མ།

བསོད་ནམས་ཟླ་བས།

མཉེན་ཆས་འདི་ཅི་ཞིག་རེད།

EVERYTHING ཟེར་བའི་མཉེན་ཆས་འདི་ནི་སོ་སའི་གློག་ཀླད་ནང་ངོས་ཀྱི་ཡིག་ཆ་ཡོད་ཚད་འཚོལ་བཤེར་བྱེད་ཐུབ་པའི་མཉེན་ཆས་ཆུང་ཆུང་ཞིག་སྟེ་ནུས་པ་ཆེ་ཆེར་ལྡན་པ་ཞིག་ཡིན། གལ་ཏེ་ཁྱེད་ཀྱི་མཉེན་ཆས་འདི་སོ་སོའི་

དེ་ལས་མང་བ་། “EVERYTHING ཟེར་བའི་འཚོལ་བཤེར་མཉེན་ཆས་བོད་སྒྱུར་མ།” »

ངོ་སྤྲོད།

མེ་ཏོག་དེ་ལ་ལྟ་འདོད།

Posted on 2021-01-24 By ཁ་བརྡ No Comments on མེ་ཏོག་དེ་ལ་ལྟ་འདོད།

ཁྲོ་གཏུམ།

རྡོ་སྐྱེས་མེ་ཏོག་རྡ་སའི་རི་བོར་བཏབ།།
རི་དེའི་མགོ་ན་མེ་ཏོག་སྣ་བརྒྱ་ཡོད།།
མེ་ཏོག་ནང་གི་མེ་ཏོག་མ་འདྲ་བ།།
རྡོ་སྐྱེས་མེ་ཏོག་ཡིན་པ་སྙད་སྐོས་མིན།།

སུས་ཀྱང་མ་བཤད་མི་འདིས་བཤད་ཀྱིན་པ།།
རྡོ་ནས་སྐྱེས་པའི་མེ་ཏོག་ཅིག་ལ་བཤད།།
བྱེ་ཐང་མེ་ཏོག་དེབ་དང་གློ་བརྙན་ཡོད།།
རྡོ་སྐྱེས་མེ་ཏོག་གློག་བརྙན་

དེ་ལས་མང་བ་། “མེ་ཏོག་དེ་ལ་ལྟ་འདོད།” »

སྙན་ངག

ཅི།

Posted on 2021-01-24 By ཁ་བརྡ No Comments on ཅི།

མགལ་དུམ།
 
སྣ་ཚོགས་སེམས་ལ་སྣ་མང་འཁྲུལ་སྣང་རེ།།
འཁྲུལ་སྣང་རེ་ལ་རྒྱབ་བཤད་ཕྲ་ཤན་རེ།།
ཕྲ་ཤན་ཚིག་ལ་ཆགས་སྡང་རྣོ་བོ་རེ།།
རྣོ་བོའི་ཚོར་བར་བདེན་ཁ་སྤྲོད་དམ་ཅི།།

སོ་སྐྱེས་རེ་ལ་ནོར་བ་ཕྲན་བུ་རེ།།
ཕྲན་བུའི་ལས་ལ་གཞན་གྱི་ཁ་རྡུང་རེ།།

དེ་ལས་མང་བ་། “ཅི།” »

སྙན་ངག

ཁྱེད་རང་ད་དུང་ངའི་སེམས་ནང་གི་མི་དེ་ཡིན།

Posted on 2021-01-23 By ཁ་བརྡ No Comments on ཁྱེད་རང་ད་དུང་ངའི་སེམས་ནང་གི་མི་དེ་ཡིན།

རྔ་བ་ཀུན་བཟང་།
 
མི་ཞིག་ལ་དགའ་བ་ནི་གློ་བུར་ཏུ་གཡོ་བའི་མུན་ནག་དང་། སྐད་ཅིག་ངང་འགྱུར་བའི་འཇའ་མཚོན་ལྟར་མིན། ཞག་ནས་ཞག་དང་། ཉིན་ནས་ཉིན། ཟླ་ནས་ཟླ། ལོ་ནས་ལོ། མདོར་ན་ཉིན་ཞག་དུས་དྲུག་ལ་ཁྲ་ཆུང་མིག་གིས་འཚོ་ས་དང་གངས་དཀར་སེམས་ཀྱིས་གཏན་ས་དེ་ཡིན།

ཁྱེད་རང་ད་དུང་ངའི་སེམས་ནང་གི་མི་དེ་ཡིན། ངས་འཕྲེང་དོག་དང་དམྱལ་བ་བརྒྱུད་ནས་ཁྱེད་རང་འཚོལ་མྱོང་ལ། མིག་ཆུ་དང་གདུང་བའི་ངང་ནས་ཁྱེད་རང་དྲན་མྱོང་། ད་དུང་། འབྲི་མི་ཚར་བའི་སྙན་ངག་ཁྲོད་ནས་ཁྱེད་རང་བསྒུགས་ནས།

དེ་ལས་མང་བ་། “ཁྱེད་རང་ད་དུང་ངའི་སེམས་ནང་གི་མི་དེ་ཡིན།” »

ལྷུག་རྩོམ།

སྣབས་ལུད་ཚིར་ཚིར་གྱི་བྱིས་དུས།

Posted on 2021-01-21 By ཁ་བརྡ 1 Comment on སྣབས་ལུད་ཚིར་ཚིར་གྱི་བྱིས་དུས།

རྔ་བ་ཀུན་བཟང་།
 
ང་རང་སྐྱེས་ས་འབྲོག་ཁྱིམ་ཞིག་ཡིན་པ་འདྲ། རང་ངོ་ཤེས་དུས་ནས་དགུན་ཁང་ཆུང་ཆུང་ཞིག་གི་ནང་ཕ་མ་མཉམ་དུ་འདུག། མ་ཟད། ངེད་ཚང་ལ་ཨ་ཡེ་མ་གཏོགས་ཨ་མྱེ་སྔར་ནས་མེད་པར་འདྲ།

ཕྲན་ཡང་འབྲོག་ས་ན་ཡོད་པའི་བྱིས་པ་སྣབས་ལུད་ཚིར་ཚིར་ཅན་དག་མཉམ་དུ་འཚར་ལོངས་བྱུང་བས། གྲོང་ཁྱེར་དང་སློབ་གྲྭ་སོགས་ཀྱི་འཚོ་བ་ལ་ཆ་རྒྱུས་དེ་ཙམ་མེད། འབྲོག་ས་ན་ལས་ཀ་མང་ཆེ་བ་རྟ་ནོར་འཚོ་བ་དང་།ཤིང་འཐུ་རྒྱུ། ལྕི་བ་བསྡུ་རྒྱུ། འོ་མ་བཞོ་རྒྱུ་སོགས་རེད། ཞོར་ལ་དགུན་ཁང་ཆུང་ཆུང་དེ་གཙང་མ་རེ་བཟོ་མྱོང་བ་ད་ལྟ་ཡིད་ལ་གསལ་བོར་དྲན།

དེ་ལས་མང་བ་། “སྣབས་ལུད་ཚིར་ཚིར་གྱི་བྱིས་དུས།” »

ལྷུག་རྩོམ།

རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་ལེའུ་བདུན་པ།

Posted on 2021-01-21 By ཁ་བརྡ No Comments on རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་ལེའུ་བདུན་པ།

བློ་བཟང་རིན་ཆེན་གྱིས་བསྒྱུར།

60 Never judge people by their past. People learn. People change. People move on.
60 མི་རྣམས་ལ་སློབ་སྦྱོང་དང་འགྱུར་ལྡོག ཡར་རྒྱས་གོང་འཕེལ་དུ་འགྲོ་རྒྱུ་ཡོད་པས། ནམ་ཡང་མི་དེའི་འདས་པའི་བརྒྱུད་རིམ་ལ་བལྟས་ནས་ཁ་ཚོན་གཅོད་མི་ཐུབ།

དེ་ལས་མང་བ་། “རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་ལེའུ་བདུན་པ།” »

འགྱུར་རྩོམ།

ཁེ་ཡོད་སོ་བ་ཁེ་མེད་སོ་བ།

Posted on 2021-01-21 By ཁ་བརྡ No Comments on ཁེ་ཡོད་སོ་བ་ཁེ་མེད་སོ་བ།

མགལ་དུམ།
 
ལོ་རྒན་དྲུག་ཅུའི་གཉའ་གནོན་གདུག་རྩུབ་ཁྲོད།།
ཁེ་ཡོད་སོ་བ་ཁེ་མེད་སོ་བ་གཉིས།།
རྒྱ་དངུལ་རག་མིན་ཙམ་གྱི་ཁྱད་པར་ལས།།
བོད་མི་བཙོངས་བའི་ལས་ལ་ཡང་ལྕི་མེད།།

བཙན་བྱོལ་མང་གཙོའི་འཕེལ་རིམ་རིང་མོ་རུ།།
ཁེ་ཡོད་སོ་བ་ཁེ་མེད་སོ་བ་གཉིས།།

དེ་ལས་མང་བ་། “ཁེ་ཡོད་སོ་བ་ཁེ་མེད་སོ་བ།” »

སྙན་ངག

Posts pagination

Previous 1 … 41 42 43 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (53)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme