Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲོ་མ་ར་ཛའི་རྡོ་ཐ་སྐོར་ལ་ཞིབ་འཇུག་བྱས་པའི་ཟིན་བྲིས་ཐོར་བུ།

Posted on 2013-09-202013-09-20 By ཁ་བརྡ་ 23 Comments on སྲོ་མ་ར་ཛའི་རྡོ་ཐ་སྐོར་ལ་ཞིབ་འཇུག་བྱས་པའི་ཟིན་བྲིས་ཐོར་བུ།

གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། (ལྡི་ལི་མཐོ་སློབ།)

དེ་རིང་དྲ་གྲོགས་ཚོས་རྩོམ་ཡིག་འདིའི་མགོ་ནས་ཐིག་ཕྲེང་ཁ་ཤས་ཀློག་ཚེ་། ལྟས་ངན་འདི་ཡང་སྙིང་ཅི་ཞིག་བཤད་ཀྱིན་ཡོད་དམ་སྙམ་པའི་དོགས་པ་སློང་སྲིད་ལ་ཡང་ན་མཐོ་སློབ་ཀྱི་གསར་བུ་ཆ་མེད་དེ་དུས་ཚོད་ཀྱི་ཁོམ་པ་ཡོད་ཚད་ལ་གླེན་གཏམ་རྐྱང་རྐྱང་ཞིག་བཤད་ནས་འདུག་གིི་ཡོད་ས་རེད་སྙམ་པའི་ཚོར་སྣང་བྱུང་སྲིད་མོད། འོན་ཀྱང་དེང་རབས་ཚན་རིག་དང་ཚོང་འབྲེལ་གྱི་རླུང་རྟ་ཡར་ལ་དར་བཞིན་པའི་འཇིག་རྟེན་འདི་ནང་དུ་སྲོ་མ་ར་ཛ་ཞེས་པའི་རྩྭ་(cannabis or marijuana)འདི་ནི་མི་ཞིག་དང་ཡང་ན་ཚོགས་པ་ཞིག་གི་དཔལ་འབྱོར་གསོག་སྒྲུབ་དང་ཨ་སྒོར་ཐེར་འབུམ་མང་པོའི་མ་རྩ་འཕེལ་རྒྱས་གཏོང་རྒྱུ་ཡི་མེད་དུ་མེད་རུང་བའི་མན་ངག་དང་མགྱོགས་ལམ་ལྟ་བུ་ཞིག་ལ་འགྱུར་འདུག

དེ་ལས་མང་བ་། “སྲོ་མ་ར་ཛའི་རྡོ་ཐ་སྐོར་ལ་ཞིབ་འཇུག་བྱས་པའི་ཟིན་བྲིས་ཐོར་བུ།” »

དཔྱད་རྩོམ།

སྒལ་ཚིགས་ལས་མཐོང་བའི་མི།

Posted on 2013-09-202013-09-20 By ཁ་བརྡ་ No Comments on སྒལ་ཚིགས་ལས་མཐོང་བའི་མི།

ཁྲོ་གཏུམ།

སྒལ་ཚིགས་མཐུད་པའི་བུ་ག་དག་གི་རྒྱུ་ལམ
སྦྲུལ་ནག་གི་གཟུགས་སུ་སྒལ་རྣག་ཉལ་འདུག་ས
འགྲེང་ཐུབ་པའི་ཀེར་གཟུགས་ཀྱི་ཁོག་སྟོད་ཁེན་པ་འདི་ཅི་རེད

སྒལ་ཚིགས་གི་མཚམས་དང་རྔ་ཚིགས་གི་བར་དུ
དོན་ལྔ་སྣོད་དྲུག་དང་གློ་སྙིང་མཆིན་གསུམ་གྱི་འདུ་འགོད་ཆེ་ལ
དེ་དག་གི་འདོག་ཐག་ནི་སྒལ་ཚིགས་དང་མ་འབྲེལ་བ་ག་ནས་ཡོད

དེ་ལས་མང་བ་། “སྒལ་ཚིགས་ལས་མཐོང་བའི་མི།” »

སྙན་ངག

༼ལས་ལ་བསྐོས་པ།༽ཞེས་པའི་གཞས་ཚིག་འོས་སྦྱོར་དང་འབྲེལ་ནས་དབང་མེད་དུ་ཤོར་བའི་སྐད་ཆ་འགའ།

Posted on 2013-09-192013-09-19 By ཁ་བརྡ་ 3 Comments on ༼ལས་ལ་བསྐོས་པ།༽ཞེས་པའི་གཞས་ཚིག་འོས་སྦྱོར་དང་འབྲེལ་ནས་དབང་མེད་དུ་ཤོར་བའི་སྐད་ཆ་འགའ།

བཀྲ་ཤིས་དོན་འགྲུབ།

(ལས་ལ་བསྐོས་པ།)
གཡུ་འབྲུག་ཚན་སྡེབ།

གཟུགས་ལ་འཛིན་རྒྱུ་མེད་པ།།
ཨ་སྔོན་དབྱིངས་ཀྱི་འཇའ་ཚོན།།
སྡུག་ལ་དྭངས་རྒྱུ་མེད་པ།།
ཕ་ཡུལ་དྲན་པའི་གདུང་བ།།

དེ་ལས་མང་བ་། “༼ལས་ལ་བསྐོས་པ།༽ཞེས་པའི་གཞས་ཚིག་འོས་སྦྱོར་དང་འབྲེལ་ནས་དབང་མེད་དུ་ཤོར་བའི་སྐད་ཆ་འགའ།” »

སྣ་ཚོགས།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༧ པ་ལ་བགྲོ་གླེང་།

Posted on 2013-09-192013-09-21 By ཁ་བརྡ་ 87 Comments on གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༧ པ་ལ་བགྲོ་གླེང་།

གསར་འགྱུར།

རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་དོན་སྐོར་གྲོས་ཆོད་བཞག

Posted on 2013-09-192013-09-19 By ཁ་བརྡ་ 2 Comments on རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་དོན་སྐོར་གྲོས་ཆོད་བཞག

མཁོ་སྤྲོད་པ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡིག་ཚང་།

0-1ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༩ ཚེས་ ༩ ནས་ ༡༢ བར་ཉིན་བཞིའི་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་(PEN International)ཀྱི་ཚོགས་ཆེན་ཐེངས་ ༧༩ པ་དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་ཨེསི་ལན་ཌིའི་(Iceland) རྒྱལ་ས་རེཀ་རྗ་བིཀ་(Reykjavik)ཏུ་འཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། སྤྱི་ཁྱབ་དྲུང་ཆེ་གཡུ་སྒང་འོད་ཟེར་གཉིས་མཉམ་ཞུགས་དང་འབྲེལ།

དེ་ལས་མང་བ་། “རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་དོན་སྐོར་གྲོས་ཆོད་བཞག” »

གསར་འགྱུར།

པ་ཀི་སི་ཐན་གྱི་བུ་མོ་སྙིང་སྟོབས་ཅན་མ་ལ་ལ་ཡུ་སེབ་རྫ་ཧི་ལ་ད་ལོའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་གཟེངས་རྟགས་མཐོ་ཤོས་དེ་ཐོབ་ཡོད་པ།

Posted on 2013-09-192013-09-19 By ཁ་བརྡ་ 8 Comments on པ་ཀི་སི་ཐན་གྱི་བུ་མོ་སྙིང་སྟོབས་ཅན་མ་ལ་ལ་ཡུ་སེབ་རྫ་ཧི་ལ་ད་ལོའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་གཟེངས་རྟགས་མཐོ་ཤོས་དེ་ཐོབ་ཡོད་པ།

ལུང་རྟོགས།

0ཨེམ་བྷེ་སེ་ཌོར་ཨོ་ཧྥི་ཁོན་ཤིན་(Ambassador of Conscience)ཞེས་པའི་གཟེངས་རྟགས་དེ་ནི། འཛམ་གླིང་སྟེང་གྲགས་ཆེ་བའི་རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་དར་སྤེལ་གཏོང་བའི་རླབས་ཆེན་གྱི་བྱ་བ་སྒྲུབ་པའི་བྱས་རྗེས་ཅན་གྱི་མི་སྣ་ལ། ཆེ་བསྟོད་ཞུ་བའི་ཆེད་དུ་འབུལ་བའི་གཟེངས་རྟགས་མཐོ་ཤོས་ཤིག་ཡིན་ཞིང་། ད་ལོའི་གལ་ཆེའི་གཟེངས་རྟགས་དེ་ཐོབ་མཁན་མི་གཉིས་ཡོད་པ་ལས་གཅིག་ནི།

དེ་ལས་མང་བ་། “པ་ཀི་སི་ཐན་གྱི་བུ་མོ་སྙིང་སྟོབས་ཅན་མ་ལ་ལ་ཡུ་སེབ་རྫ་ཧི་ལ་ད་ལོའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་གཟེངས་རྟགས་མཐོ་ཤོས་དེ་ཐོབ་ཡོད་པ།” »

གསར་འགྱུར།

གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་སྐབས་ཀྱི་ཚོགས་གཙོའི་གསུང་བཤད།

Posted on 2013-09-192013-09-19 By ཁ་བརྡ་ 3 Comments on གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་སྐབས་ཀྱི་ཚོགས་གཙོའི་གསུང་བཤད།

DSC_0054

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༨ ནས་ ༢༨ བར་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་དབུ་འཛུགས་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་དྲུག་པའི་ཐོག་ཆིབས་སྒྱུར་གནང་བའི་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ།

དེ་ལས་མང་བ་། “གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་སྐབས་ཀྱི་ཚོགས་གཙོའི་གསུང་བཤད།” »

གསར་འགྱུར།

ཚད་གཞིའི་བསྟན་བཅོས་འཚོ་བའི་མེ་ལོང་།

Posted on 2013-09-182013-09-18 By ཡེ་ཤེས་ 7 Comments on ཚད་གཞིའི་བསྟན་བཅོས་འཚོ་བའི་མེ་ལོང་།

OLYMPUS DIGITAL CAMERAཀླུ་སྨྱོན་ཧེ་རུ་ཀ

གྲྭ་ཁྲིམས་ཁ་ཤས་ཀྱི་ཚད་གཞི།
ཐིག་རྩ་མེད་པའི་ཐང་ཀ་རྙིང་བ་ཞིག
དག་ཆ་མེད་པའི་ཁྲིམས་གཞུང་རྫོབ་རོ་ཞིག

བླ་མའི་ཚད་གཞི།
རབ་བྱུང་ན་ཡོན་ཏན་ཡོད་མཁན་ཞིག
དེ་མིན་ཡང་སྙིང་རྗེ་ཡོད་པ་ཞིག

དེ་ལས་མང་བ་། “ཚད་གཞིའི་བསྟན་བཅོས་འཚོ་བའི་མེ་ལོང་།” »

རྩོམ་རིག

དཔེ་དེབ་ལ་དགའ་བ་རྣམས་འདིའི་གཟའ་སྤེན་པའི་ཉིན་ལ་རྩེ་དཔེ་མཛོད་ཁང་ལ་འགྲོ་རྒྱུ་མ་བརྗེད།

Posted on 2013-09-18 By ཁ་བརྡ་ 5 Comments on དཔེ་དེབ་ལ་དགའ་བ་རྣམས་འདིའི་གཟའ་སྤེན་པའི་ཉིན་ལ་རྩེ་དཔེ་མཛོད་ཁང་ལ་འགྲོ་རྒྱུ་མ་བརྗེད།

Tromdu_day_BO_F_low copyབོད་ཀྱི་དབུས་གཙང་ས་ཁུལ་ལ། ཁྲོམ་དུས་ཅེས་ལོ་རེར་བོད་ཀྱི་ཞིང་པ་དང་། འབྲོག་པ་དང་། དེ་བཞིན་སྒྱུ་རྩལ་བ་ལ་སོགས་ཀྱིས་རང་རང་གི་ཡུལ་གྲུ་སོ་སོའི་དམིགས་བསལ་ཐོན་རྫས་བསྣམས་ནས་ལོ་རེའི་ཁྲོམ་དུས་ཀྱི་འདུ་འཛོམས་ལ་ཞུགས་སྲོལ་ཡོད།
ད་རེས་ང་ཚོས་ཁྱེད་རྣམ་པ་ཀུན་ཕན་གྱི་ཁྲོམ་དུས་ལ་གདན་འདྲེན་ཞུ་བཞིན་ཡོད། ཐེངས་འདིའི་ཁྲོམ་དུས་ལ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ནང་ལ་བྲིས་པའི་བོད་ཀྱི་ནང་ཆོས་དང་། ཧི་མ་ལ་ཡའི་སྒྱུ་རྩལ། རྩོ མ་རིག ཞིབ་འཇུག་རྩོ མ་ཡིག དུས་དེབ་སྣ་ཚོགས། དེ་བཞིན་སྒྲ་བརྙན་གྱི་གླུ་གར་སྡེར་མ་སྣ་ཚོགས།

དེ་ལས་མང་བ་། “དཔེ་དེབ་ལ་དགའ་བ་རྣམས་འདིའི་གཟའ་སྤེན་པའི་ཉིན་ལ་རྩེ་དཔེ་མཛོད་ཁང་ལ་འགྲོ་རྒྱུ་མ་བརྗེད།” »

གསལ་བསྒྲགས།

ཞེ་མ་བདེ།

Posted on 2013-09-182013-09-18 By ཁ་བརྡ་ 3 Comments on ཞེ་མ་བདེ།

ཨོ་རྒྱན་ཉི་མ།

ཀ་བ་བུམ་པ་རྩོད་ནས་མི་ཚེ་རྫོགས།།
ཁ་དོག་དཀར་དམར་བརྩིས་ཏེ་སོ་ཡང་རལ།།
ག་གེ་མོ་ལས་ངེད་ཅག་ལྷག་གོ་ཞེས།།
ང་བདག་ཁུར་ཆེན་འཁྱེར་ལ་ཞེ་མ་བདེ།།

དེ་ལས་མང་བ་། “ཞེ་མ་བདེ།” »

རྩོམ་རིག

བསླབ་བྱ་མ་རྒྱག་སློབ་གསོ་སྤྲོད།

Posted on 2013-09-182013-09-18 By ཁ་བརྡ་ 6 Comments on བསླབ་བྱ་མ་རྒྱག་སློབ་གསོ་སྤྲོད།

རིག་འཛིན་ལྷུན་གྲུབ།

ང་ཚོ་ནི་བསླབ་བྱའི་ཕྱུག་ཅིང། སློབ་གསོའི་དབུལ་བའི་མི་རིགས་ཤིག་རེད། ང་ཚོས་བསམ་མི་ཕོད་པ་དང་། བཤད་མི་ཕོད་པ་དང་། སྒྲུབ་མི་ཕོད་པ་ནི་བསླབ་བྱའི་འཇུག་འབྲས་དང། གཞན་བརྟེན་གཤིས་ངན་དང་། རང་ཚུགས་མི་ཐུབ་པ་དང་། བསྟུན་གང་མཁས་བྱེད་པ་ནི་སློབ་གསོའི་ལན་པ་རེད། བསླབ་བྱ་རྒྱག་དགོས། བསླབ་བྱ་བྱོས། བསླབ་བྱ་ཉན་དགོས་ཞེས་ཀུན་གྱི་ངག་ལ་འཇགས་ཤིང། ཞེ་བསམ་པའི་གཏིང་ནས་ཀྱང་མི་ཚེའི་འགྲོ་ལུགས་སྐྱོང་སྐབས། བསླབ་བྱ་ནི་མེད་ཐབས་མེད་པ་ཞིག་ཏུ་འདོད། ང་ཚོ་ནི་བསླབ་བྱ་བརྒྱབ་རྒྱུར་དགའ་ཞིང་བསླབ་བྱ་ཉན་རྒྱུར་དེ་བས་མོས།

དེ་ལས་མང་བ་། “བསླབ་བྱ་མ་རྒྱག་སློབ་གསོ་སྤྲོད།” »

སྣ་ཚོགས།

མདོ་སྨད་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག

Posted on 2013-09-17 By ཁ་བརྡ་ 3 Comments on མདོ་སྨད་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༧ ལོར་ཟི་ལིང་དུ་པར་བཏབ་པའི་ “རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་”ན་འཁོད་པའི་ “བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།”ཞེས་པའི་མཚན་ཅན་གྱི་བོད་ཀྱི་རྒྱལ་རབས་ལས། འདིར་ “ལེའུ་གཉིས་པ། མདོ་སྨད་ཀྱི་ལོ་རྒྱུས་བྱེ་བྲག་ཏུ་བཤད་པ།” ཞེས་པ་ཟུར་བཀོལ་གྱིས་བཏོན་ཡོད། དེར་སྤྱིའི་བཤད་པ་དང་། ཙོང་ཁའི་རྒྱལ་བོའི་སྐོར། གླིང་གེ་སར་གྱིས་དབང་བསྒྱུར་ཚུལ། མགོ་ལོག་སོགས་ཀྱི་སྐོར། རྒྱལ་རོང་གི་སྐོར། ཟུང་ཆུའི་ཕྱོགས་ཀྱི་ལོ་རྒྱུས་བཅས་འཁོད་འདུག་ན་…

དེ་ལས་མང་བ་། “མདོ་སྨད་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག” »

ལོ་རྒྱུས།

ཁ་པར་ནང་གི་ཨེ་རླུང་ལ་གསན་རོགས།

Posted on 2013-09-172013-09-17 By ཀླུ་ 1 Comment on ཁ་པར་ནང་གི་ཨེ་རླུང་ལ་གསན་རོགས།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཉིན་རེའི་ལས་རིམ་ཁག་ད་ཆ་ཁ་པར་ཐོག་ཨང་གྲངས་-༡-༨༥༧་༢༣༢་༠༡༡༢་མནན་ན་གསན་ཐུབ་གྱི་ཡོད་། ཞིབ་ཕྲའི་གནས་ཚུལ་གཤམ་གྱི་ཨེ་རླུང་ཚང་གི་དྲ་ཐག་ནས་གཟིགས་རོགས། ཨེ་རླུང་དྲ་ཐག  

གསལ་བསྒྲགས།

རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་གཏམ་བཤད།

Posted on 2013-09-172013-09-17 By ཁ་བརྡ་ 4 Comments on རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་གཏམ་བཤད།

བོད་འབྱོར། རོང་བོ་དགེ་འདུན་ལྷུན་གྲུབ།

༼གཏམ་བཤད་རྩོམ་ཡིག་འདི་ནི་ཁུངས་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཀན་ལྷོ་གཙོས་ནས་མི་རིགས་རྩོམ་རིག་དང་འབྲེལ་བའི་ཚོགས་འདུའི་ཐོག་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་ལྷམ་ཀོག་ལགས་ཀྱིས་གཏམ་བཤད་གནང་བ་ཞིག་རེད།༽

འདིར་མཁས་པ་དང་ལོ་ཙཱ་བ་རྩོམ་པ་པོ་དག་དབུས་པའི་ཆེད་ལས་ཀྱི་མི་སྣ་དག་དང་ལྷན་ཅིག་ཏུ་འདུ་འཛོམས་བྱུང་བས་དགའ། སྐབས་ཀྱི་གླེང་བྱ་ནི་མི་རིགས་ཀྱི་རྩོམ་རིག་དང་འབྲེལ་ནས་ལོ་ཙཱའི་སྐོར་ཡིན་ཙང་། ཕྲན་ནི་སྐད་གཉིས་སྨྲ་བའི་གྲས་ལ་མི་དབང་ཡང་།

དེ་ལས་མང་བ་། “རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་གཏམ་བཤད།” »

སྣ་ཚོགས།

མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།

Posted on 2013-09-172013-09-17 By ཁ་བརྡ་ 4 Comments on མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།

སྐྱིད་བྱམས་བསྟན་འཛིན་དགའ་བ།

ང་ཚོ་འདི་ལྟར་ཕ་མ་གཅིག་གི་བུ་ཕྲུག་དང་། ཤ་ཁྲག་གཅིག་གི་གཅེན་གཅུང་དུ་གྱུར་པའི་ལས་བསོད་ཆེ་རུང་། ཁྱེད་གཉིས་འཇིག་རྟེན་འདི་ནས་ཞལ་གྱེས་པ་སྔ་སོང་བའམ། ཡང་ན་ཁྱེད་གཉིས་འཚོ་དུས་སུ་དེ་ལྟར་མི་རིང་བར་ཆས་འགྲོ་བ་མི་ཤེས་པའི་དབང་གིས། ངས་ཁྱེད་གཉིས་ལ་ཡིད་ཚིམ་པའི་ཁ་ཡ་ཞིག་བྱ་ཐུབ་མ་སོང་། དེའི་སྟབས་ཀྱིས་ཁྱེད་གཉིས་ཀྱི་གཅེན་གཅུང་དུ་གྱུར་བའི་ང་ལ་དེ་རིང་གནོང་འགྱོད་ཤིན་ཏུ་ཆེ་ཞིང་། སྡུག་བསྔལ་རབ་ཏུ་ལྕི། འོན་ཀྱང་བྲལ་ཟིན་པའི་མཐའ་མར་འགྱོད་ཀྱང་རང་སྡུག་ལས་བྱ་ཐབས་ཟད་སྟབས།

དེ་ལས་མང་བ་། “མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།” »

རྩོམ་རིག

སྦྲ་ནག

Posted on 2013-09-172013-09-17 By ཁ་བརྡ་ No Comments on སྦྲ་ནག

བསྟན་འཛིན་འོད་ཟེར།

ཁྱོད་ཀྱི་རུས་རྐང་མཁའ་རླུང་ལས་མཆེད།
ཁྱོད་ཀྱི་བརྗིད་ཉམས་རྩྭ་ཐང་ནས་བལྟམས།
དུད་སྤྲིན་གྱིས་གངས་རི་ལ་སྨུག་ཞགས་འཁྱུག།
བརྩེ་བ་དང་དུང་འཛུམ་གྱི་མེ་ཏོག་དགོད།
སྤོབས་པ་དང་སྙིང་སྟོབས་ཀྱི་རྦ་རླབས་འཕྱོ།
མེས་པོའི་ལོ་རྒྱུས་དེ་སྦྲ་ནག་ལ་ཐིམ།

དེ་ལས་མང་བ་། “སྦྲ་ནག” »

སྙན་ངག

གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།

Posted on 2013-09-152013-09-15 By ཁ་བརྡ་ 39 Comments on གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།

བསྟན་པའི་ཉི་མ།

སྔོན་ཨ་མདོ་ཡུལ་་འབྲོག་སྡེ་ཆེན་པོ་ཞིག་ན་སྤུན་ཟླ་གསུམ་ཡོད་པའི་ཁྱིམ་ཚང་གཅིག་ཡོད། བུ་སྤུན་གསུམ་ག་ཆོས་སེམས་ཆེན་པོ་ཡོད་པར་མ་ཟད་སྒོམ་ཉམས་ལེན་སོགས་ལ་བརྩོན་པ་བྱེད་མཁན་ཤ་སྟག་རེད། སྐབས་ཤིག་ལུང་བ་དེར་བླ་མ་རྩ་ཆེན་ཞིག་ཡོད་པ་དེས་གཅོད་ཀྱི་དབང་གནང་བཞིན་འདུག་ཟེར་བ་ཞིག་སྤུན་ཟླ་གསུམ་གྱིས་ཐོས། དེ་ནས་ཁོང་གསུམ་པོས་གཅོད་དབང་ཞུ་རུ་འགྲོ་རྒྱུ་ཡིན་མིན་གྲོས་བྱས་པས་གསུམ་ག་ཁ་འཆམས་ཏེ་ཞུ་རུ་སོང་། གཅོད་དབང་ཐོབ་མཁན་ཚང་མ་རི་བརྒྱ་གཉན་བརྒྱ་དུར་བརྒྱ་སོགས་ལ་འགྲིམ་དགོས་འདུག་ཀྱང་། ཁོང་གསུམ་པོས་ཁས་ལེན་དམ་བཅའ་བྱས་ཏེ་གཅོད་དབང་ཟབ་མོ་དེ་ཐོབ་པར་བྱས།

དེ་ལས་མང་བ་། “གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།” »

བརྩམས་སྒྲུང་།

འཇིགས་མེད་བློ་གྲོས་སྔོན་མས་གསལ་བཤད།

Posted on 2013-09-152013-09-15 By ཁ་བརྡ་ 17 Comments on འཇིགས་མེད་བློ་གྲོས་སྔོན་མས་གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།

ཁོ་བོ་རྩོམ་རིག་གི་ལམ་ལ་ཞུགས་ནས་ཧ་ལམ་ལོ་བཅོ་བརྒྱད་ལྷག་ཙམ་འགོར་ཟིན། བོད་དུ་སྡོད་སྐབས་སྦྲང་ཆར་དང་མཚོ་སྔོན་སློབ་གསོ་སོགས་ཀྱི་ཐོག་ཏུ་རྩོམ་ཡིག་མང་པོ་སྤེལ་མྱོང་བར་མ་ཟད། མཚོ་སྔོན་སློབ་གསོ་ཚང་གིས་ངས་བྲིས་པའི་དག་ཡིག་སྟོང་ཐུབ་སྤར་བཅང་མ་དམིགས་བསལ་གྱི་ལེ་ཚན་བྱས་ནས་པར་སྐྲུན་བྱེད་མྱོང་བས། འཇིགས་མེད་བློ་གྲོས་ཟེར་བའི་རྩོམ་འབྲི་མཁན་ཞིག་ཡོད་པ་མི་མང་པོས་ཤེས་ཡོད། དེ་ནས་རྒྱ་གར་དུ་སླེབས་རྗེས་རྩོམ་པ་པོ་གང་མང་ཞིག་གིས་བྲིས་པའི་དེབ་རྣམས་སོ་སོས་པར་སྐྲུན་བྱེད་པ་ལས་གཞུང་གིས་པར་སྐྲུན་མི་གནང་ཡང་།

དེ་ལས་མང་བ་། “འཇིགས་མེད་བློ་གྲོས་སྔོན་མས་གསལ་བཤད།” »

གསལ་བསྒྲགས།

རོ་ལངས་བཏུལ་བ། ༼ཚན་པ་གཉིས་པ༽

Posted on 2013-09-142013-09-14 By ཁ་བརྡ་ 7 Comments on རོ་ལངས་བཏུལ་བ། ༼ཚན་པ་གཉིས་པ༽

དགེ་འདུན་རྒྱ་མཚོ།

རྗེས་འཇུག་སློབ་མ་ཚོས་ཀྱང་ཉིན་མཚན་དབྱེར་མེད་དུ་གདུང་མཆོད་བསྒྲུབས། བླ་མ་མ་བཞུགས་ཚེ་དགོན་པའི་ནང་གི་དབང་འཛིན་ཆེས་ཤོས་ནི་ཨ་ཁུ་རྡ་རྡ་ཡིན། བླ་མ་ཡོད་དུས་ཕྱག་མཛོད་ཡིན་ལ་བླ་མ་མེད་དུས་བླ་ཚབ་ཡིན། དགེ་ཕྲུག་གཞན་དག་ཚོས་ཨ་ཁུ་རྡ་རྡ་ལ་བླ་མའི་ཞལ་ཆེམས་ཅི་གསུངས་དྲན་གསོ་གཏོང་དུ་བཅུག་པ་རེད། བླ་མས་ཉིན་མ་གསུམ་གྱི་ནང་ཚུན་ལ་སྐུ་གདུང་ས་འོག་ལ་སྦས་གསུངས་སོང་། ཡིན་ཡང་དེའི་སྐོར་དགོངས་ཞག་ཚང་ན་བསམ་བློ་གཏོང་རྒྱུ་ཡིན། ཨ་ཁུ་རྡ་རྡས་སྐད་ཆ་དེ་འདྲ་ཞིག་བཤད་ནས་གཞན་གྱི་ཁ་འགོག་ཐབས་བྱས།

དེ་ལས་མང་བ་། “རོ་ལངས་བཏུལ་བ། ༼ཚན་པ་གཉིས་པ༽” »

བརྩམས་སྒྲུང་།

ཚོར་བའི་ཉིང་ཁུ།

Posted on 2013-09-142013-09-14 By ཁ་བརྡ་ 5 Comments on ཚོར་བའི་ཉིང་ཁུ།

ལུང་རྟོགས།

0-1མིག་མཐའ་ནས་ལྷུང་བའི་མཆི་མ་རྡོག་ཅིག
སེམས་ཀྱི་ཕྱི་ནང་གི་གསང་བ་ཡོད་ཚད།
ཁྱོད་ཀྱི་ནང་ནས་གཟུགས་བརྙན་བཞིན་མཐོང་བྱུང་།
ཁྱོད་ནི་ཚོར་བ་བཞུས་པའི་ཉིང་ཁུ་ཞིག་ཡིན་པས།
ཁྱོད་ཀྱིས་བཞག་པའི་བག་ཆགས་ཡང་སྤྱིར་བཏང་ཞིག་ག་ལ་ཡིན།

དེ་ལས་མང་བ་། “ཚོར་བའི་ཉིང་ཁུ།” »

སྙན་ངག

Posts pagination

Previous 1 … 418 419 420 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme