Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་འཕྲིན། (བོད་འབྱོར།)

Posted on 2014-04-162014-04-16 By ཁ་བརྡ་ 1 Comment on དཔེ་འཕྲིན། (བོད་འབྱོར།)

ལྷ་རྩེའི་ཁུ་བྱུག

ང་ཚོ་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་བརྒྱུད་ཆེན་མོ་དཔལ་ལྡན་འབའ་རོམ་པ་དར་མ་དབང་ཕྱུག་མཆོག་གི་སློབ་ཆེན་འགྲོ་མགོན་ཏི་ཤྲཱི་རས་པ་ཁོང་གིས་བརྩམས་གནང་བའི་བསྟན་བཅོས་ཡོན་ཏན་འོད་ཅེས་མདོ་མཚན་ཉིད་ཐེག་པ་ནས་སྔགས་བླ་མེད་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བཞི་རིམ་བར་དུ་ཉམས་ལེན་དང་གཞུང་བཤད་རྨད་དུ་བྱུང་བའི་བསྟན་བཅོས་ཤིག་ཡོད། རྗེས་འཇུག་པ་ང་འདྲ་བ་མང་པོས་ཚིག་དོན་གྱི་ཞིབ་ཆ་ལ་ཚིག་འགྲེལ་གྱི་ཡིག་ཆ་སོགས་ཕར་ཞོག གཞུང་བཤད་ཀྱི་སྤྱི་དབུབ་ཙམ་དང་ཉམས་ལེན་གྱི་རིམ་པ་ཙམ་གོ་བས་མ་ཕིག་ནས་ད་བར་ལུས་ཡོད།

དེ་ལས་མང་བ་། “དཔེ་འཕྲིན། (བོད་འབྱོར།)” »

དེབ་ཐེར།

ཡུལ་ཤུལ་དུ་གོས་སྐུ་བཤམས་ནས་ས་འགུལ་བྱུང་སྟེ་ལོ་ངོ་བཞི་འགོར་བར་རྗེས་དྲན་བྱས་པ།

Posted on 2014-04-162014-04-16 By ཁ་བརྡ་ 8 Comments on ཡུལ་ཤུལ་དུ་གོས་སྐུ་བཤམས་ནས་ས་འགུལ་བྱུང་སྟེ་ལོ་ངོ་བཞི་འགོར་བར་རྗེས་དྲན་བྱས་པ།

གནས་ཚུལ་མཁོ་སྤྲོད་པ། དོན་འགྲུབ་བཀྲ་ཤིས།

unnamed-1གོས་སྐུའི་འདབས་སུ་འདས་པོའི་མཚན་བཀོད་པ།
ཟླ་4 པའི་ཚེས་14 ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱི་འདམ་དཀར་ལྷུན་གྲུབ་བདེ་ཆེན་ཆོས་འཁོར་གླིང་དུ་སྲིད་ལ་སྨི་བདུན་ཅུ་དང་ཞེང་ལ་སྨི་ལྔ་བཅུ་ཡོད་པའི་གོས་སྐུ་བཤམས་ནས་4.14 ས་འགུལ་བྱུང་ནས་ལོ་བཞི་འགོར་བར་རྗེས་དྲན་བྱས་འདུག

དེ་ལས་མང་བ་། “ཡུལ་ཤུལ་དུ་གོས་སྐུ་བཤམས་ནས་ས་འགུལ་བྱུང་སྟེ་ལོ་ངོ་བཞི་འགོར་བར་རྗེས་དྲན་བྱས་པ།” »

གསར་འགྱུར།

བོད་ཕམ་ཉེས་ལས་བླངས་བའི་བསླབ་བྱ་དང་ཐབས་ཇུས།

Posted on 2014-04-152014-04-16 By སྤོབས་པ་མཐའ་ཡས། 127 Comments on བོད་ཕམ་ཉེས་ལས་བླངས་བའི་བསླབ་བྱ་དང་ཐབས་ཇུས།

ཅོ་རི་ཉི་མ།

(རྒྱ་གཞུང་གི་ལས་བྱེད་བོད་མི་རྣམས་དང་བོད་མི་བྱིངས་ཀྱི་བར་མཐུན་ཐབས། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་དང་ལྷག་པར་དུ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པ་འགྲིག་ཐབས། རང་བཙན་པ་དང་དབུ་མའི་ལམ་པའི་བར་གྱི་འགལ་བ་སེལ་ཐབས་བཅས་བསམ་ཚུལ་གླེང་བ།)

ཁྱོད་ཀྱི་ཟུངས་ཁྲག་བཙན་པོའི་ཁྲག་རྒྱུད་རེད།
།
ང་ཡི་རུས་རྐང་བཙན་པོའི་རུས་རྒྱུད་རེད།
།
ང་ཚོ་ཚང་མ་རིགས་གཅིག་སྤུན་ཟླ་རེད།
།
སྤུ་རྒྱལ་བཙན་པོའི་རྒྱལ་གཞིས་འཛིན་མཁན་རེད།།

དེ་ལས་མང་བ་། “བོད་ཕམ་ཉེས་ལས་བླངས་བའི་བསླབ་བྱ་དང་ཐབས་ཇུས།” »

རྩོམ་རིག

ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ

Posted on 2014-04-152014-04-15 By ཁ་བརྡ་ 10 Comments on ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ

དཔལ་ལྡན་རྒྱལ།

unnamed-5ཟླ་བ་བཞི་བའི་ཚེས ༡༣ཉིན། ངའི་བཟའ་ཟླ་དང་། བུ་ཕྲུག་གཉིས། ཚ་བོ་བཅས་ནང་མི་ཚང་མ་ཨ་རིའི་སྲིད་འཛིན་དང་པོ་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ མོང་ཐི་ཝར་ནན་ལ་ལྟ་བསྐོར་དུ་སོང་བ་ཡིན། རྒྱལ་ས་ཝ་ཞིན་ཀྲོན་གྱི་ལྷོ་ནུབ་ཕྱོགས་སུ་རླངས་འཁོར་བསྐོར་ནས་སོང་ན་དུས་ཚོད་ཕྱེད་ཀའི་ནང་གནས་དེར་སླེབས་ཐུབ། མོང་ཐེ་ཝར་ནོན་ནི། ཨ་རིའི་སྲིད་འཛིན་དང་པོ་འཇོར་རྗེ་ཝ་ཞིན་ཀྲོན་ ༼༡༧༣༢-༡༧༩༩༽གྱི་གཞིས་ཀ་ཡིན།

དེ་ལས་མང་བ་། “ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ” »

ལོ་རྒྱུས།

སྐྱེ་རྒུ་མདོ ད་དུང་ཡང་ང་ཚོའི་སེམས་ཁོང་ན་ཡོམ་ཡོམ་འདར་བའི་སྐྱོ་བ་ཞིག

Posted on 2014-04-152014-04-15 By ཁ་བརྡ་ 2 Comments on སྐྱེ་རྒུ་མདོ ད་དུང་ཡང་ང་ཚོའི་སེམས་ཁོང་ན་ཡོམ་ཡོམ་འདར་བའི་སྐྱོ་བ་ཞིག

དོན་འགྲུབ་བཀྲ་ཤིས།

unnamed-4སྐྱེ་རྒུ་མདོ ད་དུང་ཡང་ང་ཚོའི་སེམས་ཁོང་ན་ཡོམ་ཡོམ་འདར་བའི་སྐྱོ་བ་ཞིག ཤ་རུས་ཀྱི་ཁྲག་རྒྱུན་བཞུར་བའི ཕྱི་མའི་འཕྲེང་ལམ་དུ འཆི་བདག་གིས་བཙན་དབང་ཐེབས་པའི ཉམ་ཆུང་གི་ཚེ་སྲོག་དམར་བོ སྐྱི་གཡའ་བའི་ནངས་མོ་དེར་རེ་རེ་བཞིན་འཁྱེར་སོང ས་བདག་གི་མཛུབ་མོ་འགུལ་ཐེངས་གཅིག་གིས ངའི་སྤུན་ཟླ་གྲངས་མེད་ཀྱི་ཚེ་སྲོག་གཞབ་སོང རང་བྱུང་ཁམས་ལ་སྙིང་རྗེ་བྲལ་བ་ཡིན་ནམ

དེ་ལས་མང་བ་། “སྐྱེ་རྒུ་མདོ ད་དུང་ཡང་ང་ཚོའི་སེམས་ཁོང་ན་ཡོམ་ཡོམ་འདར་བའི་སྐྱོ་བ་ཞིག” »

སྙན་ངག

སིམ་པའི་ཚོམ།

Posted on 2014-04-152014-04-15 By ཁ་བརྡ་ No Comments on སིམ་པའི་ཚོམ།

བཀྲ་ཤིས་དོན་འགྲུབ།

བྱང་གི་རླུང་བུ་ལྷོ་ཡི་ལམ་དུ་ཕྱོགས།།
སྤྲིན་པ་ནག་པོས་ཁྲོ་ཞལ་ལན་དུ་སྟོན།།
ཆར་ཐིགས་ཆུ་མོའི་པང་དུ་ལོག་པ་ན།།
མཚོ་མོའི་འཛུམ་གྱིས་སྤྲོ་སྣང་མངར་མོ་བསུ།།

མུན་པས་ཡིད་ཀྱི་སྣང་བ་འཕྲོག་པའི་དུས།།
ཟླ་བའི་ཞལ་རས་འོད་ཀྱི་གསེང་ནས་ཕེབས།།

དེ་ལས་མང་བ་། “སིམ་པའི་ཚོམ།” »

སྙན་ངག

ངའི་རྨི་ལམ་དུ་ཁྱོད་ཁོ་ན་རྨིས་བཞིན་ཡོད།

Posted on 2014-04-152014-04-15 By ཁ་བརྡ་ No Comments on ངའི་རྨི་ལམ་དུ་ཁྱོད་ཁོ་ན་རྨིས་བཞིན་ཡོད།

མིག་ཆོས།

ན་ནིང་ཟླ་བཅུ་གཉིས་ཇི་ལྟར་རྫོགས་པ་ངས་མི་ཤེས།
ཟླ་གཉིས་ཀྱི་དགུན་ཟླ་གུང་གསེང་སླེབས་བྱུང་།
སློབ་ཕྲུག་ཕོ་མོ་ཡོངས་ཀྱིས་རེ་སྒུག་བྱ་སའི་དགུན་ཁའི་གུང་གསེང་སླེབས་བྱུང་།
ང་ལ་མཚོན་ན་སེམས་ཁམས་དགའ་སྐྱོ་གཉིས་ལྡན་བྱུང་བ་ནི།
བདག་ཤེས་ལྡན་མ་ཡུམ་དཔེ་སྟོན་བཞག་སྟེ་རང་རངགི་ཚང་ཕྱོགས་སུ་འགྲོ་དགོས་པས་སོ།

དེ་ལས་མང་བ་། “ངའི་རྨི་ལམ་དུ་ཁྱོད་ཁོ་ན་རྨིས་བཞིན་ཡོད།” »

རྩོམ་རིག

རླབས་ཆེ་བའི་བུ་མོ་ཞིག

Posted on 2014-04-152014-04-15 By ཁ་བརྡ་ 5 Comments on རླབས་ཆེ་བའི་བུ་མོ་ཞིག

—-འབའ་སྲས་ཀྱིས་འབའ་སྲས་མོར་བྲིས།

ཁྱེད་དང་ངེད་གཉིས་ཕ་ཡུལ་གཅིག་པ་ལས།།
གཤིས་ཤིང་མཛའ་བའི་འབྲེལ་བ་ཅི་ཡང་མེད།།
འོན་ཀྱང་སྒྲུབ་བཞིན་བྱ་བ་རླབས་པོ་ཆེས།།
ཁོ་ཡི་སྙིང་གི་ས་ལ་ཉི་འོད་སྦྱིན།།

ཁྱེད་ཀྱི་ཞལ་རས་མཛེས་པའི་ཉི་ཟེར་གྱིས།།
བདག་ཡིད་མཚན་སྐྱེས་མེ་ཏོག་གད་པ་མིན།།

དེ་ལས་མང་བ་། “རླབས་ཆེ་བའི་བུ་མོ་ཞིག” »

སྙན་ངག

ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།

Posted on 2014-04-152014-04-15 By ཁ་བརྡ་ 4 Comments on ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།

མེ་ཏོག་སྒྲོལ་དཀར། འཛིན་རིམ་༡༠ རང་ལོ་༡༤ དཔེ་སྟོན་སློབ་གྲྭ

༡༽ སྤྱིར་ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་ནང་གི་མི་ཕལ་པ་བཞིན་དུ་བསམ་བློ་གཏོང་མ་ཤེས་མཁན་དང་ཀུན་སྤྱོད་ཕལ་པའི་ལས་འགན་དེ་མ་ཡིན་པར་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སློབ་མ་བཟང་པོ་ཞིག་དང་ཡ་རབས་སྤྱོད་བཟང་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན། ང་ཚོ་སློབ་ཕྲུག་ཚོས་སྤྱི་ཚོགས་ཀྱི་མི་ཕལ་པ་བཞིན་བྱེད་རྒྱུ་མེད་པར་མ་ཟད་མི་གཞན་ལ་མིག་དཔེ་སྟོན་མཁན་ཞིག་བྱེད་དགོས།

དེ་ལས་མང་བ་། “ང་ཚོ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སྒྲུབ་དགོས་པའི་ལས་འགན།” »

རྩོམ་རིག

ལང་ཚོའི་དུས་སྐབས།

Posted on 2014-04-152014-04-15 By ཁ་བརྡ་ No Comments on ལང་ཚོའི་དུས་སྐབས།

དོན་འགྲུབ་བཀྲ་ཤིས།

དགུ་ཉིས་བཅོ་བརྒྱད་ལང་ཚོའི་བཞིན་མདངས་དམར་པོ།།
མི་ཚེའི་ནོར་འཛིན་ཕྱུག་མོའི་དུས་གསར་ཕོ་ཉ།།
ནོར་བཞིའི་ཞབས་རྗེས་སྙེགས་པའི་སྲིད་པའི་བློ་སྙིང་།།
དུས་རབས་བརྡ་འཕྲིན་འདྲེས་པའི་ཤེས་བྱའི་ཕྱོགས་སུ།།
བརྩོན་སེམས་ཆུ་རྒྱུན་དྲག་པའི་རྦ་རླབས་འཕྱོ་བཞིན།།
ལང་ཚོའི་སེར་ཆེན་དུས་འདི་དམ་གྱིས་བཟུང་ནས།།

དེ་ལས་མང་བ་། “ལང་ཚོའི་དུས་སྐབས།” »

སྙན་ངག

བརྗེད་དཀའ་བའི་བཞི་གཅིག་བཞི།

Posted on 2014-04-142014-04-14 By ཁ་བརྡ་ 3 Comments on བརྗེད་དཀའ་བའི་བཞི་གཅིག་བཞི།

འབའ་སྲས།

ཁ་སང་བདེ་ལ་སྐྱིད་པའི་རང་ཁྱིམ་ནས།།
ཕ་མ་ལྷན་དུ་འཛོམས་པའི་དགོད་སྒྲ་མཆིས།།
དེ་རིང་འཇིགས་ཤིང་སྐྱོ་བའི་འཇིག་རྟེན་ཞིག །
གློ་བུར་ཉིད་དུ་སྲོག་གི་གཤེད་མར་གདེངས།།

འཆི་བ་མི་རྟག་ཡིན་པས་མི་འཆི་བ།།
སུ་དང་གང་གིས་བཟློག་པར་མི་འགྱུར་ཀྱང་།།

དེ་ལས་མང་བ་། “བརྗེད་དཀའ་བའི་བཞི་གཅིག་བཞི།” »

སྙན་ངག

འཆར་སྣང་གི་རྨི་ལམ།

Posted on 2014-04-142014-04-14 By ཁ་བརྡ་ 2 Comments on འཆར་སྣང་གི་རྨི་ལམ།

བྱམས་བརྩེ།

དེ་རིང་སླར་ཡང་ཁོ་བོས་དྲན་འཆར་སེམས་ཐོག་ཏུ་བླངས་ནས་ཡིག་ཐོག་ཏུ་ཕབ་སྟེ་དྲ་གྲོགས་ཚོར་ཀློག་བཅུག་འདོད་ཡོད། རེད་ཡ། སྤུན་ཟླ་ཚོ། ད་སྐབས་བདག་ལ་སྟོང་བསམ་ཞིག་ཡོད་དེ། དེ་ནི་ངའི་རྨི་ལམ་ཡིན་ལ། དེ་ནི་ངའི་རེ་བའི་དམིགས་འདུན་ཉག་གཅིག་ཀྱང་ཡིན། འོན་ཀྱང་། ཁོ་བོའི་སྟོང་བསམ་དེས། རྨི་ལམ་དེས། བདག་ལ་མཚན་མོའི་གཉིད་ཀྱི་བདེ་བ་འཕྲོག་ཅིང་། ཉིན་མོར་ཟས་ཀྱི་བྲོ་བ་མ་ཚོར་བའི་ཚད་དུ་སྐྱེལ། ད་དུང་། མངོན་འགྱུར་ཐུབ་པར་དཀའ་བའི་སྟོང་བསམ་དེས་ཉིན་ལྟར་ངའི་ལུས་ངག་གི་བྱ་སྤྱོད་མཐའ་དག་སྙིང་པོ་མེད་པ་རུ་བསྒྱུར་ཏེ། བདག་སེམས་རྟ་ཕོ་དེའི་འགྲོ་འདུག་གི་རང་དབང་ཡོངས་སུ་འཕྲོག་ཅིང་། བཙན་གྱིས་འདེད་དེ་བཙོན་དུ་བསྒྱུར་སོང་།

དེ་ལས་མང་བ་། “འཆར་སྣང་གི་རྨི་ལམ།” »

རྩོམ་རིག

ཕ་བུའི་སྐྱེས་སྐར།

Posted on 2014-04-142014-04-14 By ཁ་བརྡ་ 4 Comments on ཕ་བུའི་སྐྱེས་སྐར།

རྔ་རྒོད།

ང་ལ་མཚོན་ན་དེ་རིང་ནི་བཀྲ་ཤིས་དོན་བཟང་གི་ཉི་མ་ཞིག་སྟེ། ལས་ཀྱིས་བསྐོས་པའི་རང་གི་བུ༼ལས་བསྐོས༽ཀྱི་སྐྱེས་སྐར་ཉིན་མོ་དེ་རེད། དེའི་ཕྱིར། དེ་རིང་ཞོགས་ཀར་ཉི་མ་རི་རྩེར་ཤར་པ་དང་མཉམ་པོར། རྡུང་ལེན་མཁན་ཁོ་བསྟན་གྱི༼སྐྱེས་སྐར༽ཞེས་པའི་རྡུང་ལེན་འོད་སྡེར་དེ་མདུན་གྱི་བརྙན་འཁོོར་དེའི་ནང་ནས་ལྟ་ཉན་བྱེད་ཞོར་དང་རྩེད་ཞོར་ལ། ཁ་རྩང་ཕ་མས་ཉོས་པའི་ལེགས་སྐྱེས་འགའ་དང་། ལྷག་པར་དུ་བརྩེ་དུང་མཚོན་བྱེད་དེ་སྙིང་གི་དབྱིབས་ཅན་གྱི་ཐུད་དམ་cake ཟེར་བའི་མངར་ཟས་སོགས་བུ་འདི་ལ་སྤྲད་པས། བུ་ལས་བསྐོས་རང་གི་འདོད་པ་དེ་ཅུང་ཁེངས་ཡོད་པ་སོགས་རྟོགས་ཐུབ།

དེ་ལས་མང་བ་། “ཕ་བུའི་སྐྱེས་སྐར།” »

རྩོམ་རིག

གླུ་གར།

Posted on 2014-04-142014-04-14 By ཁ་བརྡ་ No Comments on གླུ་གར།

སྐྱོ་བྲག་དགའ་དབང་།

དིང་སང་བོད་ནི་གླུ་གར་གྱི་རྒྱ་མཚོ་ཞེས་པ། དོན་མེད་ཀྱི་འུར་འགྲོགས་ཙམ་ཞིག་མིན་པར་བོད་ལ་གླུ་གར་གྱི་རིགས་ཆེས་མང་བ་སྟེ། གླུ། གཞས། མགུར། གདངས། དབྱངས། ད་དུང་གྱང་རྡུང་བ། འབྲི་བཞོ་བ། ཕྱིང་པ་བརླིང་བ་སོགས་ལས་རིགས་འདྲ་མིན་མང་པོ་ཞིག་ལ་དབྱངས་ཚིག་མ་འདྲ་བ་མཐའ་ཡས་སོ། །

གླུ་ནི་སྐད་ཤུགས་ཆེན་པོས་ལེན། གཞས་ནི་འབྲིང་པོས་གཏོང་། མགུར་གདངས་དབྱངས་རྣམས་ནི་དལ་བོས་འཐེན།

དེ་ལས་མང་བ་། “གླུ་གར།” »

རྩོམ་རིག

ངའི་རྨི་ལམ།

Posted on 2014-04-142014-04-14 By ཁ་བརྡ་ 7 Comments on ངའི་རྨི་ལམ།

བསྟན་འཛིན་ཚེ་བརྟན་ཆེ་བ། རང་ལོ་༡༥ འཛིན་རིམ་༡༠ དཔེ་སྟོན་སློབ་གྲྭ

ཉིན་མོ་དེར་ངས་གསེར་མདོག་ཅན་གྱི་ཉི་མ་ལ་བལྟ་སྐབས་ཁོང་གིས་ཞེན་ཆགས་དང་འཁྲེང་སེམས་ཀྱི་སྒོ་ནས་རི་རབ་རྒྱབ་ལ་ནུབ་སོང་ལ། དེ་ནས་རིམ་བཞིན་བུ་མོ་ངས་གནམ་མཁར་བལྟས་པ་ན། བྱ་བྱིའུ་རྣམས་རང་གནས་སུ་ངལ་གསོ་བར་བསྐྱོད་བཞིན་འདུག་ལ་ཐོག་ཁང་འོག་གི་མ་མ་ཚང་མས་རང་ཉིད་ཀྱི་བྱིས་པ་རྣམས་ལ་དགོང་ཟས་བཟའ་བར་ཤོག་ཅེས་སྐད་འབོད་བྱེད་ཀྱིན་འདུག་ལ། མྱུར་ཞིང་བྱིས་པ་ཆུང་ཆུང་རྣམས་ངོ་ལག་གཙང་མ་བཟོས་ནས་དགོང་ཟས་བཟའ་བར་ཕྱིན།

དེ་ལས་མང་བ་། “ངའི་རྨི་ལམ།” »

རྩོམ་རིག

<< གོ་རིམ་འཆོལ་བའི་འགྲོས >>

Posted on 2014-04-142014-04-14 By ཁ་བརྡ་ No Comments on << གོ་རིམ་འཆོལ་བའི་འགྲོས >>

ཚེ་རིང་།

unnamed-3ན་ཚོད་ཀྱི་མགོ་བོ་ཡུན་གྱིས་འདེགས་དུས
ཉི་མ་ནི་ངའི་ཚེ་སྲོག་བཞིན
ཏག་ཏག་ནམ་མཁའི་དཀྱིལ་ལ་སླེབས་འདུག
ཨུ་ཚུགས་ཀྱིས་འཚོ་བའི་གོ་རིམ་འགྲིམ་སྐབས
བར་སྟོངས་ནི་ནམ་ཡང་བར་སྟོངས་དེ་
ཁ་གསེབ་མེད་པ་ནི་དུས་ཚོད་ཀྱི་གྱོང་གུན་ཁོ་ན་རེད

དེ་ལས་མང་བ་། “<>” »

སྙན་ངག

ང་དང་ངའི་དགུན་ཁའི་འགྲུལ་བཞུད་རིང་མོ།

Posted on 2014-04-132014-04-13 By ཁ་བརྡ་ 3 Comments on ང་དང་ངའི་དགུན་ཁའི་འགྲུལ་བཞུད་རིང་མོ།

སྒྲོལ་མ་བཟང་མོ། རང་ལོ་༡༥ འཛིན་རིམ་༡༠ དཔེ་སྟོན་སློབ་གྲྭ

ཞོགས་ཁའི་མལ་ནས་སད་མ་ཐག་ཕྱིའི་ཁོར་ཡུག་ལ་བལྟས་ཚེ་ནམ་མཁའ་སྔོ་ཐིང་ཐིང་ཞིག་ལ་ཤར་ནུབ་ཀྱི་རི་ཕྱོགས་ནས་རྟ་བདུན་དབང་པོ་སེར་ཞིང་སྒོར་ཟླུམ་འདྲ་བ་ཤར་བཞིན་འདུག། ངས་མིག་ཆུང་དེ་ག་ལེར་ནམ་མཁའ་བལྟས་ཚེ་བྱ་བྱིའུ་དེ་དག་དགའ་སྐྱིད་དཔལ་ལ་རོལ་བཞིན་གནས། ན་ཆུང་བྱིས་པ་རྣམས་ཀྱང་སྔར་དང་མི་འདྲ་བར་སེམས་པ་དེ་ཚོ་ལྷ་ཡུལ་ལ་སླེབས་པ་བཞིན་དགའ་སྤྲོས་ཁེངས། ཕྲུ་གུ་རྣམས་ཀྱང་སློབ་གྲྭས་ཐོག་ཏུ་རང་ཉིད་ཀྱི་བསུ་བའི་སྤུན་མཆེད་རྣམས་རེ་སྒུག་བྱས་ནས་བསྡད།

དེ་ལས་མང་བ་། “ང་དང་ངའི་དགུན་ཁའི་འགྲུལ་བཞུད་རིང་མོ།” »

རྩོམ་རིག

ཆུང་འདྲིས་མིན་པའི་བག་ཆགས།

Posted on 2014-04-132014-04-13 By ཁ་བརྡ་ 1 Comment on ཆུང་འདྲིས་མིན་པའི་བག་ཆགས།

ཨ དོན་ཉི།

unnamed-2བག་ཆགས་དེའི་རྐྱེན་གྱིས། ངས་མགྲིན་པ་སྐྲང་བཞིན་དུ་གླུ་བླངས། རྐང་བ་འཐེང་བཞིན་དུ་བྲོ་ལྡིང་།
མུ་མཐུད་དུ་ཅི་ཞིག་བཤད་རྩིས་བྱས་ན་ཡང་། མར་རྩམ་ལྟ་བུའི་སྐད་ཆ་དེ་ད་དུང་ཤོད་མེད་པ་འདྲ།

ཆུང་འདྲིས་མིན་པའི་བག་ཆགས་དེའི་དབང་གིས། ང་ལ་སྨ་ར་སྐྱེས་ཤིང་། ངའི་ཕོ་ཚོད་བཏུལ།
གློ་བུར་བའི་རྨི་ལམ་གྱི་དབུས་སུ། ཁྱེད་ལ་ཕྲད་ཅིང་ཁྱེད་ལ་གྱེས་དུས།

དེ་ལས་མང་བ་། “ཆུང་འདྲིས་མིན་པའི་བག་ཆགས།” »

སྙན་ངག

ང་ཡི་མེས་པོ་དམ་པའི་ཞབས་རྗེས།

Posted on 2014-04-132014-04-13 By ཁ་བརྡ་ No Comments on ང་ཡི་མེས་པོ་དམ་པའི་ཞབས་རྗེས།

དོན་འགྲུབ་བཀྲ་ཤིས།

གངས་དང་གངས་ཆུའི་མཛེས་ལྗོངས་བདག་གིར་བྱས།།
ཚེ་དང་སྲོག་གིས་ཆོས་དང་རིག་གནས་བསྐྲུན།།
བྱམས་དང་བརྩེ་བས་བཞེངས་པའི་འཇིག་རྟེན་འདི།།
ང་ཡི་མེས་པོ་དམ་པའི་ཞབས་རྗེས་ཤིག།

དམར་ཡག་སྟག་དང་འདྲ་བའི་དཔའ་རྩལ་གྱིས།།
གནམ་བསྐོས་གོང་མའི་སྙིང་གི་རྩ་བསྐུལ་ཏེ།།

དེ་ལས་མང་བ་། “ང་ཡི་མེས་པོ་དམ་པའི་ཞབས་རྗེས།” »

སྙན་ངག

<< གྲོགས་པོ་དང་སྤྲིན་པ >>

Posted on 2014-04-132014-04-13 By ཁ་བརྡ་ 1 Comment on << གྲོགས་པོ་དང་སྤྲིན་པ >>

ཚེ་རིང་།

unnamed-1འཇིག་རྟེན་ནི་ནམ་མཁའ་དང་འདྲ་སྟེ
ནམ་མཁའ་དང་འདྲ་བའི་འཇིག་རྟེན་ནས
དགོས་དམིགས་དང་འདོད་འདུན་གང་རུང
རླུང་བུ་བཞིན་གང་སར་ལྡིང་ཞིང
རྒྱ་རྙི་ལྟར་ཕྱོགས་སུ་བཀྲམ་
དེའི་དབང་གིས
ཁྱོད་དང་ང ད་དུང་ཁོ་ཚོ
ཆུ་ཐིགས་ཁུར་བའི་སྤྲིན་པ་ལྟར

དེ་ལས་མང་བ་། “<>” »

སྙན་ངག

Posts pagination

Previous 1 … 368 369 370 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme