གནས་ཚུལ་གཏོང་མཁན། དོན་འགྲུབ་བཀྲ་ཤིས།
ཟླ་འདིའི་ཚེས་༦ རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་བདེ་སླར་སློབ་ཕྲུག་ཚོགས་ཁང་དུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གོ་སྒྲིག་འོག བོད་མིའི་མཉམ་འབྲེལ་ཁག་གི་ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་ཐོག་ཟབ་སྦྱོང་ཞིག་ཉིན་གཉིས་རིང་འཚོགས་ཡོད་པ་རེད། ཐེངས་འདིར་ཟབ་སྦྱོང་སྤྲོད་མཁན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པ་(Mr.C N parashivamurthy)དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་བཅས་ཡིན་པ་རེད།
དེ་ལས་མང་བ་། “བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཟབ་སྦྱོང་།” »



མགོན་མཆོག་སྟོན་པ་མཉམ་མེད་བུ་རམ་བཞིན།།