འོས་སྦྱོར་བ། སྐྱོ་བྲག་དགའ་དབང་།
(རྩོམ་པ་པོ་མི་ཤེས་ནའང་། བཟང་ངན་གཤིབ་བསྡུར་དང་གནས་ཚུལ་ངོ་སྤྲོད་བྱས་པའི་ཡིག་ཆ་ཞིག་སྟེ། བོད་ཡུལ་གྱི་དྲ་ལམ་དག་ཏུ་ཁྱབ་ཀྱིན་གདའ།)
དེང་སང་བོད་རྣམས་ཀྱི་ཁ་བརྡ་རིང་མོའི་ཁྲོད་དུ་རྒྱ་བླ་རྒྱ་བླ་ཟེར་ནས་རྒྱུན་དུ་གླེང་བཞིན་ཡོད། རྒྱ་བླ་ཞེས་པའི་ཐ་སྙད་དེ་གསར་བ་ཞིག་ཡིན་མིན་བརྗོད་དཀའ་མོད། དོན་ལ་བོད་ཀྱི་མི་རྒྱ་ནག་གི་རྒྱལ་པོའི་དབུ་བླ་དང་རྒྱ་རིགས་ཀྱི་མིའི་བླ་མ་མཛད་མཁན་ལ་གོ། དེ་ལ་འཇམ་མགོན་ས་སྐྱ་པཎྜི་ཏ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། བྱམས་ཆེན་ཤཱཀྱ་ཡེ་ཤེས་དང་། རྒྱལ་དབང་གོང་ས་ལྔ་བ་ཆེན་མོ་སོགས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་།

