Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲི་ངན་ལག་པའི་ཐོག་ཏུ་རྣོ།

Posted on 2014-09-142014-09-14 By ཁ་བརྡ་ 38 Comments on གྲི་ངན་ལག་པའི་ཐོག་ཏུ་རྣོ།

འཇམ་གཅེས།

བོད་ཀྱི་གཏམ་དཔེར། གྲི་ངན་ལག་པའི་ཐོག་ཏུ་རྣོ།།ཁྱི་ངན་བདག་པོའི་ཐོག་ཏུ་ངར་ཟེར་སྲོལ་ཡོད་པ་བཞིན། ་རང་རེའི་བོད་པའི་སྤྱི་ཚོགས་ནང་དུའང་དཔེ་དེ་དང་མཚུངས་པའི་མི་བུ་ཁག་གཅིག་ཡོད། ལྷག་པར་དུ་ཡང་ངོ་བོ་དང་། རྣམ་པ། ཐབས་དང་སྒོ་སྣ་ཚོགས་པར་གོ་སྐབས་འཇུས་ཏེ་ནང་ཁུལ་དུ་ངར་ངར་རྒོད་རྒོད་དང་། ཁ་ལྕེ་བདེ་མདོག ལ་རྒྱ་ཆེ་མདོག སྤྱི་སེམས་ཡོད་མདོག་སོགས་མདོར་ན་མདོག་སྣ་ཚོགས་པའི་སྒོ་ནས་ཡོད་ཚད་ཁ་སྟོང་ཚིག་སྟོང་གྱི་ལམ་ནས་སྙུག་གུའི་རྩེ་མོར་ནང་ཁུལ་ཁོ་ནར་གཡུག་པ་ཙམ་ལས། དེ་མིན་བོད་མིའི་རྩ་དོན་ལ་ཕན་པའི་རྒྱལ་སྤྱིའི་གླེང་སྟེགས་ཁག་གམ་ཡང་ན་སྤྱི་སྒེར་ཚོགས་པ་ཁག

དེ་ལས་མང་བ་། “གྲི་ངན་ལག་པའི་ཐོག་ཏུ་རྣོ།” »

རྩོམ་རིག

དོ་ནུབ་ང་གྲོང་ཁྱེར་ན་ཡོད།

Posted on 2014-09-142014-09-14 By ཁ་བརྡ་ 2 Comments on དོ་ནུབ་ང་གྲོང་ཁྱེར་ན་ཡོད།

སྤྱན་ཆེན་པོ།

དོ་ནུབ་ང་གྲོང་ཁྱེར་ཞིག་ན་ཡོད
ཁེར་རྐྱང་དང་འདྲ་བའི་གྲོང་ཁྱེར་ཞིག་ན་ཡོད
ས་རྡུལ་དང་གད་སྙིགས་དབེན་པའི་གྲོང་ཁྱེར་ཞིག་ན་ཡོད་པས
རླངས་འཁོར་གྱི་དུང་སྒྲ་དང་ཁང་བརྩེགས་ཀྱི་འཚང་ཁའི་ཁྲོད་ནས
ངས་རྔམས་མཐུག་པོའི་མུན་པ་ཞིག་ཟ་བཞིན
མཚན་མོ་འདིའི་གྲོང་ཁྱེར་ལ་ཉུལ་བཞིན་ཡོད

དེ་ལས་མང་བ་། “དོ་ནུབ་ང་གྲོང་ཁྱེར་ན་ཡོད།” »

སྙན་ངག

ཆེས་ཐོག་མའི་བོད་མིའི་བྱིས་དེབ།

Posted on 2014-09-132014-09-13 By ཁ་བརྡ་ 8 Comments on ཆེས་ཐོག་མའི་བོད་མིའི་བྱིས་དེབ།

བློ་གྲོས་རབ་བརྟན།
 
ཕྲན་ཉེ་ཆར་༼སྐད་ཡིག༽ཟེར་བའི་བྱིས་དེབ་རྩོམ་པ་པོ་དོན་འགྲུབ་ཚེ་རིང་ལགས་དང་ཐུག་པའི་གོ་སྐབས་བྱུང་བ་དང་། སྐབས་དེར་ངས་ཁོང་ལ་ཁོང་གིས་གསར་དུ་བརྩམས་པའི་བྱིས་དེབ་སྐོར་ནས་སྐད་ཆ་སྐོར་ཞིག་དྲིས་ཡོད།

 
དྲི་བ། བྱིས་པ་ཆུང་ཆུང་གི་ཀློག་དེབ་དེ་འདྲ་ཞིག་འབྲི་དགོས་པའི་ཐོག་མའི་བསམ་བློ་འཁོར་སྟངས་ཞིག་གསུང་རོགས།

དོན་འགྲུབ། བོད་ཕྱི་ནང་ཚང་མ་ན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། བདག་གིས་ཀྱང་བོད་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་བྱེད་རྒྱུ་ནི་ཆེས་གནད་འགག་ཏུ་མཐོང་།

དེ་ལས་མང་བ་། “ཆེས་ཐོག་མའི་བོད་མིའི་བྱིས་དེབ།” »

བཅར་འདྲི།

ཕ་གྭིའི་བུ་མོ། (སྙན་ཚོམས)

Posted on 2014-09-132014-09-13 By ཁ་བརྡ་ 2 Comments on ཕ་གྭིའི་བུ་མོ། (སྙན་ཚོམས)

ཟླ་བ་གཞོན་ནུ།

བརྩེ་བ་འདི་ཟིལ་བ་བཞིན།།
རྩ་ལོ་ལ་འཁྲིལ་ནས་སྡོད།།
ཟིལ་བ་འདི་བརྩེ་བ་བཞིན།།
རྩེ་མོ་ནས་ཟག་ལ་ཁད།།

—

ཟླ་འོད་བསིལ་བསིལ་འབབ་པའི་དུས།།
སྐར་ཚོགས་ཆེམ་ཆེམ་འཕྲོ་བའི་ཚེ།།

དེ་ལས་མང་བ་། “ཕ་གྭིའི་བུ་མོ། (སྙན་ཚོམས)” »

སྙན་ངག

སྲིད་སྐྱོང་མཆོག་གི་གསལ་བཤད།

Posted on 2014-09-132014-09-13 By ཁ་བརྡ་ 1 Comment on སྲིད་སྐྱོང་མཆོག་གི་གསལ་བཤད།

བོད་ཀྱི་དུས་བབ་ནས་དྲངས།

དེ་རིང་ཉིན་ཧྲིལ་བོར་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་མཐར་གྲོས་ཆོད་དོན་ཚན་གཉིས་བཞག་སོང་ལ། དེ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་གནད་དོན་ཁག་ཅིག་གི་ཐོག་གསལ་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་ཡོད་པ་ལྟར། ཚོགས་གཙོའི་གཏམ་བཤད་དང་གཞུང་འབྲེལ་མྱ་ངན་གུས་འདུད་གྲོས་ཆོད་སོགས་གྲུབ་རྗེས།

དེ་ལས་མང་བ་། “སྲིད་སྐྱོང་མཆོག་གི་གསལ་བཤད།” »

གསར་འགྱུར།

སྟག་ཤར་བས་བུད་མེད་ལ་ལག་པ་འཕྱར་མི་རུང་།

Posted on 2014-09-122014-09-12 By ཁ་བརྡ་ 24 Comments on སྟག་ཤར་བས་བུད་མེད་ལ་ལག་པ་འཕྱར་མི་རུང་།

བསྟན་འཛིན་ཚེ་དབྱངས་ཀྱིས།
——————
250px-RayRice27ཟླ་འདིའི་ཚེས་བཅུའི་དགོང་མོར་སྲིད་འཛིན་ཨོ་སྦ་མས་ཁ་ཆེའི་དྲག་སྤྱོད་འཇིགས་སྐུལ་བའི་སྡེ་ཁག་ཨ་ཡེ་སི་ཞེས་པ་ལ་རྒོལ་རྡུང་ཚར་གཅོད་བྱེད་རྒྱུའི་བསྒྲགས་གཏམ་སྤེལ། བསྒྲགས་གཏམ་དེ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་གསར་འགྱུར་ཞིག་རེད། རྒྱལ་ཡོངས་གསར་འགྱུར་འདི་དང་གོ་ས་མཉམ་པའི་གསར་འགྱུར་གཞན་ཞིག་བྱུང་བ་ནི་ཨ་རིའི་རྐང་རྩེད་སྤོ་ལོ་རྩེ་མཁན་ཞིག་གི་སྐོར་རེད། རྩེད་མོ་བ་དེས་མིང་ལ་རའེ་རེ་སི་ཟེར།

དེ་ལས་མང་བ་། “སྟག་ཤར་བས་བུད་མེད་ལ་ལག་པ་འཕྱར་མི་རུང་།” »

གསར་འགྱུར།

སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་དང་པོ།

Posted on 2014-09-122014-09-15 By ཁ་བརྡ་ 2 Comments on སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་དང་པོ།

དེ་ལས་མང་བ་། “སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་དང་པོ།” »

གློག་བརྙན་།

བརྩམས་ཆོས་བཀླག་ན་འདི་ལྟར་ཀློགས།

Posted on 2014-09-122014-09-12 By ཁ་བརྡ་ 5 Comments on བརྩམས་ཆོས་བཀླག་ན་འདི་ལྟར་ཀློགས།

དུར་བྱང་།

ཁོ་བོས་«ཆོས་དུང་དཀར་པོ»ཞེས་པའི་ལོ་དེབ་སྤྱིའི་འདོན་ཐེངས་དགུ་བར་བཀོད་ཅིང་མཁན་ཆེན་བསོད་ནམས་རྒྱ་མཚོས་མཛད་པའི་«མཁས་འཇུག་ལུང་གི་རྒྱབ་མདུན་ལྗོངས་ཀྱི་འགྲེལ་བཤད»ཅེས་པའི་རྩོམ་ཡིག་དེ་ནན་ཏུར་གྱིས་བཀླགས་པ་ཡིན། ཀློག་གིན་ཀློག་གིན་གཅིག་རྗེས་གཅིག་འཕྲོར་ཨ་ལེ་འདི་རེད་འདུག ཨ་ཙི་གན་ཡིན་འདུག་ཅེས་ཆིག་ལབ་འགའ་ངག་ནས་ཐལ་རྒྱུ་བྱུང་། དཔེ་བཞག་ན། རྒྱ་གར་འཕགས་པའི་ཡུལ་ན་རླུང་ལྟར་གྲག་ཅིང་བོད་སྐད་དུ་མིང་ཙམ་ལས་མ་བྱུང་བའི་«དབྱངས་ཅན་མགུལ་རྒྱན»ཞེས་པའི་རྩོམ་པ་པོ་སུ་ཡིན་དང་དུས་རབས་སོགས་ཀྱི་ཆ་ལ། སྔ་འགྲེལ་ཕལ་མོ་ཆེས་བསྟན་བཅོས་ཀྱི་མིང་ཙམ་བགྲང་བ་དང་།

དེ་ལས་མང་བ་། “བརྩམས་ཆོས་བཀླག་ན་འདི་ལྟར་ཀློགས།” »

དཔྱད་རྩོམ།

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ།

Posted on 2014-09-122014-09-12 By ཁ་བརྡ་ 4 Comments on རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ།

ཡོང་ཁུངས། བོད་ཀྱི་གསོ་རིག་དྲ་བ།
 

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་གསུམ་པ་བལ་ཡུལ་དུ་འཚོག་རྒྱུའི་གསལ་བསྒྲགས།

ལས་དོན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ།
ས་གནས། བལ་ཡུལ་གྱི་རྒྱལ་ས་ཀ་རྡོ་མན་དོ།
དུས་ཚོད། སྤྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༧ ནས་༣༠ བར།
རྩ་འཛུགས་པ། བལ་ཡུལ་བོད་ཀྱི་གསོ་རིག་ཁང་།
དྲྭ་གནས། http://www.attm-austria.at

བོད་ལུགས་གསོ་བ་རིག་པའི་སྨན་པ་དང་ནད་གཡོག ཞིབ་འཇུག་པ་དང་དགེ་རྒན།

དེ་ལས་མང་བ་། “རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ།” »

གསལ་བསྒྲགས།

སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ།

Posted on 2014-09-112014-09-12 By ཡེ་ཤེས་ 24 Comments on སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ།

ཚངས་དབང་།

2211155489༄༅།།ཨ་ལགས་དཀོན་མཆོག་ཚང་བྱ་བ་ནི། རེབ་གོང་གསེར་མོ་ལྗོངས་ཀྱི་ནང་གསེས་སྒོ་དམར་བྱ་བའི་གྲོང་སྡེ་རུ་འཁྲུངས་ཤིང་། རེབ་གོང་གི་བོན་སྡེ། ཁྲི་ཀ་ཕྱོགས་ཀྱི་བོན་སྡེ་བཅས་ཀྱིས་ཨ་ལགས་སྒོ་དམར་ཞེས་འབོད། སྒོ་དམར་རང་དུ་སྒོ་དམར་སྤྲུལ་སྐུ་ཡོད་པས། ཨ་ལགས་སྒོ་དམར་ཞེས་མི་འབོད་དོ།། ཉེ་ཆར་བོན་གྱི་རྫོགས་ཆེན་ཉམས་ལེན་བྱས་ནས་འཇའ་ལུས་བརྙེས་པའི་བླ་མ་རྟོགས་ལྡན་པ་ཞིག་རེད། ང་རང་ཆུང་དུས་སྒོ་དམར་དགོན་དུ་ཡོད་སྐབས་ངའི་ཤག་དང་ཁོང་གི་ཤག་གཉིས་ཐག་ཉེ་ཡིན་པས། ཁོང་རྒྱུན་དུ་ངེད་ནང་ལ་ཕེབས་ཀྱི་ཡོད།

དེ་ལས་མང་བ་། “སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ།” »

ལོ་རྒྱུས།

མངོན་པ་མཛོད་ཀྱི་ལམ་ཡིག

Posted on 2014-09-112014-09-11 By ཁ་བརྡ་ 6 Comments on མངོན་པ་མཛོད་ཀྱི་ལམ་ཡིག

བྱ་མདོ-སྐལ་རྒྱམ།

དཔེ་ཆ་ནི་མིའི་རིགས་ཀྱི་བསམ་བློའི་རྒྱགས་ཕྱེ་ངོ་མ་དེ་ཡིན་པར་བཤད་པ་ལྟར། མི་གཞིའི་ཀུན་སྤྱོད་ཀྱི་བསམ་བློ་ལེགས་བཅོས་དང་། མིའི་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། རྩོད་སྒྲུབ་ཀྱི་རིགས་ལམ་གསར་བ་ལ་སོགས་པའི་ཤེས་རབ་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་གཙོ་བོ་ནི་དཔེ་ཆ་ཀློག་པ་འདི་ཡིན་ལ། དེ་ཡང་རང་གིས་རིག་ཚན་ཅི་ཞིག་ལ་སྦྱོང་བའི་སྐབས་དེའི་སྐོར་གྱི་དཔེ་དེབ་ཅི་འདྲ་ཞིག་ཡོད་པ་དང་དེ་དག་ལས་གང་ཞིག་བཟང་བའི་སྐོར་གྱི་འདེམས་གསེས་མ་ནོར་བ་བྱེད་རྒྱུ་ནི་ངེས་པར་གལ་ཆེའོ།།

དེ་ལས་མང་བ་། “མངོན་པ་མཛོད་ཀྱི་ལམ་ཡིག” »

དཔྱད་རྩོམ།

གསོན་ལྤགས་བཤུ་བཞིན་པའི་བོད།

Posted on 2014-09-112014-09-11 By ཁ་བརྡ་ 11 Comments on གསོན་ལྤགས་བཤུ་བཞིན་པའི་བོད།

བློ་གྲོས་རབ་བརྟན།

ངས་དྲ་ལམ་ཁག་ནས་པར་འདི་མཐོང་སོང་། མི་ཚོས་བཤད་ན་དེ་བོད་ཡུལ་དུ་རྒྱ་མི་ཞིག་གིས་རི་དྭགས་རྐྱང་གི་གསོན་ལྤགས་བཤུ་བཞིན་པའི་པར་ཞིག་རེད། བོད་མི་ཚོས་དེ་ལ་མ་དགའ་བའི་རྣམ་འགྱུར་སྟོན་གྱིན་བོད་ཀྱི་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་ཐད་ནས་གླེང་གི་འདུག

ངས་པར་དེར་བལྟས་ཀྱིན་བལྟས་ཀྱིན་གོ་བ་གཞན་ཞིག་སྤྲོད་ཡོང་གི་འདུག ང་བོད་ཀྱི་གནད་དོན་དང་འབྲེལ་དེང་གི་བོད་མི་ཚོའི་གནས་བབ་ཀྱི་ཀློང་ན་ཁྲིད་སོང་།

དེ་ལས་མང་བ་། “གསོན་ལྤགས་བཤུ་བཞིན་པའི་བོད།” »

ངོ་སྤྲོད།

ཐ་མག་བཅད་ཟིན། ཆང་རག་སྤངས་ཟིན།

Posted on 2014-09-112014-09-11 By ཁ་བརྡ་ 5 Comments on ཐ་མག་བཅད་ཟིན། ཆང་རག་སྤངས་ཟིན།

འབའ་སྲས།

ཐ་མག་དཀར་དཀར་འཐེན་པས་གློ་བ་ནག །
ཆང་རག་མང་མང་འཐུང་བས་མཆིན་པ་ལྡར།།
ཚེ་ཡི་གཤེད་མར་གདེངས་པའི་དགྲ་བོ་གཉིས།།
དམ་བཅའ་རལ་གྲིའི་རྩེ་ནས་དར་ལ་བརྫངས།།

ཐ་མག་འཐེན་པས་གློ་ལུད་ཇེ་མང་རེད།།
ཆང་རག་འཐུང་བས་མཆིན་ནད་ཇེ་སྡུག་རེད།།

དེ་ལས་མང་བ་། “ཐ་མག་བཅད་ཟིན། ཆང་རག་སྤངས་ཟིན།” »

སྙན་ངག

གལ་ཆེའི་གནད་དོན་གསུམ།

Posted on 2014-09-112014-09-11 By ཁ་བརྡ་ 2 Comments on གལ་ཆེའི་གནད་དོན་གསུམ།

སྐྱོ་བྲག་དགའ་དབང་།

དིང་གི་དུས་སུ་སྔར་བོད་ཡུལ་ལ་བྱུང་མྱོང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པའི་གནས་སྟངས་ལ་བརྟེན་ནས། བོད་པ་རྣམས་སྲོག་བློས་གཏོང་གིས་ས་མཚམས་བརྒལ་ཏེ་རྒྱ་བལ་དུ་འབྱོར་བ་ནའང་ཁ་སོས་ནམ་ལངས་ཤིག་མ་བྱུང་བས། ཡར་རྒྱས་སུ་ཕྱིན་པ་ནུབ་ཕྱོགས་པའི་རྒྱལ་ཁབ་རྣམས་སུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་སྐྱབས་བཅོལ་ཞུ་ལ་བསྐྱོད་ཀྱི་ཡོད་པ་བཞིན། ངའི་སྤུན་ཟླ་ཡང་གཉན་འཕྲང་མང་པོ་བརྒྱུད་ནས་སོང་བ་རེད། ཕར་བསླེབས་པ་ན་འཇིགས་དངངས་ཆེ་ཤོས་ནི་སྐྱབས་བཅོལ་ཐོབ་མིན་ཡིན་ཞིང་། སྐྱབས་བཅོལ་ཐོབ་མིན་ནི་དྲི་བའི་ལན་ལ་རག་ལས་པ་ཡིན་ཕྱིར། ངས་ཁོ་ལ་ལམ་སྟོན་འདི་ལྟར་བྱས་པ་ཡིན།

དེ་ལས་མང་བ་། “གལ་ཆེའི་གནད་དོན་གསུམ།” »

ངོ་སྤྲོད།

མཇལ་ཁ་ཐེངས་གཅིག་གི་རྗེས་ཚོར།

Posted on 2014-09-102014-09-10 By ཁ་བརྡ་ 2 Comments on མཇལ་ཁ་ཐེངས་གཅིག་གི་རྗེས་ཚོར།

རེབ་ཐོག་མདའ།

དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་བདག་དངལྷན་དུ་ཟླ་བ་གསུམ་རིང་རྩོམ་སྒྱུར་ཟབ་སྦྱོང་ལ་ཞུགས་ཀྱིན་པའི་སློབ་གྲོགས་བུ་བུ་མོ་སུམ་ཅུ་དང་། བོད་བརྒྱུད་ནང་བསྟན་ལ་བསླབ་པ་སློབ་གཉེར་གནང་དང་གནང་མུས་སུ་ཡོད་པའི་ཕྱི་གླིང་རྒྱལ་ཁབ་ཁག་སུམ་ཅུ་ལྷག་ནས་ཕེབས་པའི་སློབ་མ་བརྒྱ་ལྷག གཞན་གདན་ས་གསུམ་ནས་ཚན་རིག་སློབ་གཉེར་དུ་སླེབས་པའི་དགེ་འདུན་པ་དྲུག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་མཆོག་གཙོས་ལས་ཀྱི་སྣེ་མོའི་ཚན་ཁག་ཅིག་བཅས་ས་གསུམ་སྐྱེ་བོ་ཀུན་གྱི་ཡིད་རབ་དབང་མེད་དུ་འཕྲོག་ཅིང་།

དེ་ལས་མང་བ་། “མཇལ་ཁ་ཐེངས་གཅིག་གི་རྗེས་ཚོར།” »

བསམ་ཚུལ།

《ཡིག་འབྲུ་ཁྲི་བདུན་མ》རྒྱ་ཡིག་གི་དེབ་གཟུགས་སུ་ཐོན་པ།

Posted on 2014-09-102014-09-10 By ཁ་བརྡ་ 21 Comments on 《ཡིག་འབྲུ་ཁྲི་བདུན་མ》རྒྱ་ཡིག་གི་དེབ་གཟུགས་སུ་ཐོན་པ།

གནས་ཚུལ་མཁོ་སྤྲོད་པ། ལྡོང་སྲས།

unnamed《སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ》མ་ཕྱི་བོད་ཡིག་ཡིན་ཞིང་། སློབ་དཔོན་ཆེན་མོ་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཕྱི་ལོ་༡༩༦༢ ལོའི་ཡར་སྔོན་གྱི་བོད་ནང་ལ་རྟོག་ཞིབ་བརྒྱུད་ནས་ཡ་ང་བའི་གནས་སྟངས་ཇི་མ་ཇི་བཞིན་འབྲི་འགོད་ཀྱིས་རྒྱ་ཡིག་ནང་བསྒྱུར་ཏེ་རྒྱ་དམར་གཞུང་ལ་ཕུལ་བའི་སྙན་ཞུ་རེད་ལ། རྒྱ་དམར་གཞུང་གིས་རྒྱལ་ཁབ་ཀྱི་གསང་ཡིག་ཏུ་བསྒྱུར་ནས་དེང་གི་བར་དེབ་ཏུ་བཟོས་ནས་བཀྲམས་ཆོག་གི་མེད།

སྙན་ཞུ་འདི་བཞིན་རྒྱ་དམར་གཞུང་ལ་ཕུལ་སྐབས།

དེ་ལས་མང་བ་། “《ཡིག་འབྲུ་ཁྲི་བདུན་མ》རྒྱ་ཡིག་གི་དེབ་གཟུགས་སུ་ཐོན་པ།” »

གསལ་བསྒྲགས།

སེམས་ཀྱི་ནོར་བུ་ཆ་འགྲིག ༼གཞས་གསར།༽

Posted on 2014-09-092014-09-09 By ཁ་བརྡ་ 1 Comment on སེམས་ཀྱི་ནོར་བུ་ཆ་འགྲིག ༼གཞས་གསར།༽

གཞས་མ། དུང་ཟླ་སྒྲོལ་མ།

གླུ་གཞས།

བླ་བྲང་འཇིགས་མེད་ལ་ལོ་ལྔའི་ཁྲིམས་ཐག་བཅད་འདུག

Posted on 2014-09-092014-09-09 By ཁ་བརྡ་ 2 Comments on བླ་བྲང་འཇིགས་མེད་ལ་ལོ་ལྔའི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ་ནས་དྲངས།
 

རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་བླ་བྲང་དགོན་པའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་སུ་ལོ་ལྔའི་ཁྲིམས་ཐག་བཅད་འདུག

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གཞུང་གིས་དེ་སྔོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པའི་ལས་འགན་འཁུར་མྱོང་མཁན་གྲྭ་འཇིགས་མེད་རྒྱ་མཚོ་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༨ པར་འཛིན་བཟུང་གིས་ད་བར་བཀག་ཉར་བྱས་ཡོད་པར་མ་ཟད།

དེ་ལས་མང་བ་། “བླ་བྲང་འཇིགས་མེད་ལ་ལོ་ལྔའི་ཁྲིམས་ཐག་བཅད་འདུག” »

གསར་འགྱུར།

ལྷོ་ཨ་ཕི་རི་ཀའི་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ།

Posted on 2014-09-082014-09-08 By ཁ་བརྡ་ No Comments on ལྷོ་ཨ་ཕི་རི་ཀའི་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ།

ཡོང་ཁུངས། བོད་ཀྱི་བང་ཆེན།

 
254449_21069704896936

༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བ་དེར་ཞི་བདེའི་ལྷན་ཚོགས་ཐོག་ངོ་རྒོལ་གནང་སྲིད།

ཟླ་འདིའི་ཚེས་༥ ཉིན་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་༸གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་ཐད་དྲང་བདེན་མིན་པའི་ཐབས་ལམ་ལག་བསྟར་གནང་སོང་ཞེས་ཡུལ་དེའི་ཀེབ་ ཊ་ཨོན་གྲོང་སྡེའི་སྤྱི་ཁྱབ་པ་(Mayor of Cape Town City) པེ་ཊི་ཤི་ཡ་ཌི་ལི་ལིས་ (PATRICIA DE LILLE) གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་རེད།

དེ་ལས་མང་བ་། “ལྷོ་ཨ་ཕི་རི་ཀའི་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ།” »

གསར་འགྱུར།

ཚངས་མགུར་མ་ཡིན་པའི་ཚངས་མགུར་ཞིག

Posted on 2014-09-082014-09-08 By ཁ་བརྡ་ 11 Comments on ཚངས་མགུར་མ་ཡིན་པའི་ཚངས་མགུར་ཞིག

སྐྱ་རེངས།

unnamed༡
ཉི་མ་ནུབ་རྗེས་ཟླ་བ་འཆར།།
ཟླ་བ་ནུབ་རྗེས་ཉི་མ་ཤར།།
ཉི་མ་ཟླ་བ་འཕྲད་ས་ཞིག།
རྒྱ་མཚོའི་གཏིང་ན་ལུས་ཡོད།།

༢
ཁྱོད་ནི་རྒྱ་མཚོ་ཕ་རོལ།།
ང་ནི་རྒྱ་མཚོ་ཚུ་རོལ།།
ང་གཉིས་འཕྲད་སའི་ཁྱིམ་ཞིག།
ཤར་ནུབ་མཚམས་སུ་ལུས་ཡོད།།

དེ་ལས་མང་བ་། “ཚངས་མགུར་མ་ཡིན་པའི་ཚངས་མགུར་ཞིག” »

སྙན་ངག

Posts pagination

Previous 1 … 341 342 343 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme