Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་དཔོན་ཆེན་མོ་༧ དམུ་དགེ་བསམ་གཏན་ཚང་ལ་བཟོད་གསོལ་དང་མཉམ་པོར་འདིར་ཁོང་གི་རྗེས་འབྲངས་པ་ཚོར་སྐད་སྐུར་ཞིག་ཡོད།

Posted on 2014-11-192014-11-19 By ཁ་བརྡ 49 Comments on སློབ་དཔོན་ཆེན་མོ་༧ དམུ་དགེ་བསམ་གཏན་ཚང་ལ་བཟོད་གསོལ་དང་མཉམ་པོར་འདིར་ཁོང་གི་རྗེས་འབྲངས་པ་ཚོར་སྐད་སྐུར་ཞིག་ཡོད།

རྔ་རྒོད།

unnamedསྤྱིར་སྐྱེས་བུ་གང་ཞིག་གི་ཕྱག་རྗེས་ལ་བལྟས་ཏེ། དེ་ལ་རྗེས་དྲན་ཆེ་མ་ཆུང་གསུམ་རེ་བྱས་དང་བྱ་རྒྱུ་ནི་ཆོས་ཉིད་རེད། འོན་ཀྱང་དེ་ལ་ཉི་ཚེ་བའི་རྗེས་དྲན་དང་རྟག་བརྟན་གྱི་རྗེས་དྲན། ཡང་ན་ཚོང་གི་ངོ་བོར་གྱུར་པའི་རྗེས་དྲན་དང་། རྗེས་དྲན་རྫུན་མ་དང་ངོ་མ་སོགས་མང་ངོ་།། གང་ལྟར་སྐབས་དོན་གཙོ་བོ་ནི་དམ་པ་དམུ་དགེ་བསམ་གཏན་ཁོང་གིས་ང་ཚོར་བཞག་པའི་མཛད་རྗེས་དེ་ལ་ཆོས་སྲིད་གཉིས་མཆིས་མོད།

དེ་ལས་མང་བ་། “སློབ་དཔོན་ཆེན་མོ་༧ དམུ་དགེ་བསམ་གཏན་ཚང་ལ་བཟོད་གསོལ་དང་མཉམ་པོར་འདིར་ཁོང་གི་རྗེས་འབྲངས་པ་ཚོར་སྐད་སྐུར་ཞིག་ཡོད།” »

དཔྱད་རྩོམ།

བློ་སྦྱོང་རང་སྐྱོབ་མ།

Posted on 2014-11-192014-11-19 By ཁ་བརྡ 1 Comment on བློ་སྦྱོང་རང་སྐྱོབ་མ།

ཤར་ཕྱོགས་ཁུག་རྟ།

སྟོང་དང་བྱམས་ཆེན་བརྗོད་པའི་མཁྱེན་རྩལ་དང།།
འཇིག་རྟེན་མངོན་སུམ་ལས་ལ་ཕན་ཐོགས་ཀྱི།།
དོན་དམ་མཁས་དང་ཉམས་ལེན་དབྱེར་མེད་པ།།
དཔལ་ལྡན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།།

དེང་དུས་ཆེ་ཕྲ་ཕལ་རྣམས་རགས་པ་རེ།།
གོ་རིག་མྱོང་བས་ཚད་དུ་གདའ་ནའང།།

དེ་ལས་མང་བ་། “བློ་སྦྱོང་རང་སྐྱོབ་མ།” »

སྙན་ངག

སྤོབས་མཆོག་མཐའ་ཡས་ཀྱི་དཀའ་ངལ་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག

Posted on 2014-11-182014-11-19 By ཁ་བརྡ 17 Comments on སྤོབས་མཆོག་མཐའ་ཡས་ཀྱི་དཀའ་ངལ་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག

ཨ་ནུ་ཐང་བསོད་ནམས།

༡༽

དཀའ་ངལ་འདི་འཕྲད་མཁན་སྤོབས་མཆོག་མཐའ་ཡས་གཅིག་བུ་མིན་པ་སྤྱི་ཚོགས་ལས་ཐོད་རྒལ་གྱི་བསམ་བློ་འཛིན་མང་པོ་ཞིག་ལ་དེ་ལྟར་དཀའ་ངལ་འཕྲད་བཞིན་ཡོད། ཐ་ན་ཤཱཀྱ་ཐུབ་པ་ལའང་དཀའ་ངལ་དེ་འཕྲད་ཡོད། ཟབ་ཞི་སྤྲོས་བྲལ་འོད་གསལ་འདས་མ་བྱས།། བདུད་རྩི་ལྟ་བུ་ཆོས་ཤིག་ཁོ་བས་རྙེད། སུ་ལ་བསྟན་ཡང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ཁྲོད་དུ་གནས་པར་བྱ།། ཚིག་ཇི་བཞིན་ཨེ་ཡིན་མི་ཤེས་མོད་གནད་དོན་དེ་ལྟར་ཡིན། དཀའ་ངལ་འདི་རིགས་འཕྲད་ས་ནི་བཀག་རྒྱ་ཡོད་པའི་སྤྱི་ཚོགས་ཁྲོད་ནས་ཚད་བརྒལ་གྱི་བསམ་བློ་འཛིན་ཀུན་ཡིན།

དེ་ལས་མང་བ་། “སྤོབས་མཆོག་མཐའ་ཡས་ཀྱི་དཀའ་ངལ་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག” »

བསམ་ཚུལ།

སྐྱིད་པོ་རེད།

Posted on 2014-11-182014-11-19 By ཁ་བརྡ No Comments on སྐྱིད་པོ་རེད།

འབའ་སྲས།

གངས་ཅན་ཡུལ་ནས་སྡོད་སྐལ་མ་བྱུང་བས།།
མི་ཡུལ་ས་མཐའི་སྐྱོ་བ་འཁུར་དགོས་ཀྱང་།།
བཙན་གྱིས་དབང་བསྒྱུར་རང་དབང་འཕྲོག་པ་ཡི།།
གཞན་བསྟུན་དཀའ་ངལ་མེད་པས་སྐྱིད་པོ་རེད།།

སྤུན་དང་གཉེན་ཉེ་དཔུང་རོགས་མེད་པའི་ཡུལ།།
ལྟ་བ་རིག་གཞུང་མི་མཐུན་ཕྱི་གླིང་ནས།།

དེ་ལས་མང་བ་། “སྐྱིད་པོ་རེད།” »

སྙན་ངག

བརྡ་རྙིང་པའི་བོད་སྐད་འདི་འདྲ་ཡིན་ནམ།

Posted on 2014-11-182014-11-18 By ཁ་བརྡ 5 Comments on བརྡ་རྙིང་པའི་བོད་སྐད་འདི་འདྲ་ཡིན་ནམ།

དེ་ལས་མང་བ་། “བརྡ་རྙིང་པའི་བོད་སྐད་འདི་འདྲ་ཡིན་ནམ།” »

གློག་བརྙན་།

པར་བཏབ་སྙན་ངག

Posted on 2014-11-182014-11-18 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 5 Comments on པར་བཏབ་སྙན་ངག

འཇིགས་མེད་ནུབ་པ།

21

ཁྱེད་ཀྱིས་རྟ་ཕོ་མདུན་ལ་འཁྲིད་།།
མི་ཚོགས་སྟུག་པོ་རྒྱབ་ལ་ལངས།།

དེ་ལས་མང་བ་། “པར་བཏབ་སྙན་ངག” »

པར།, སྙན་ངག

མོན་གྱི་སྤ་གྲོ་སྟག་ཚང་གི་གཏམ་རིག་འཛིན་གྲུབ་པའི་ལམ་ཡིག

Posted on 2014-11-182014-11-18 By ཁ་བརྡ 12 Comments on མོན་གྱི་སྤ་གྲོ་སྟག་ཚང་གི་གཏམ་རིག་འཛིན་གྲུབ་པའི་ལམ་ཡིག

སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་བརྩམས།

 

༄༅༎ སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མོན་གྱི་སྤ་གྲོ་སྟག་ཚང་གི་གཏམ་རིག་འཛིན་གྲུབ་པའི་ལམ་ཡིག་ཅེས་བྱ་བ།

 
༈ བླ་མ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༎ ཡི་དམ་སྒྲུབ་པ་བཀའ་བརྒྱད་ལ་ཕྱག་འཚལ་ལོ༎ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོ༎ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ལ་ཕྱག་འཚལ་ལོ༎ དེ་ཡང་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་བྱ་བ། རང་བཞིན་གྱིས་བློ་གྲོས་གསལ་ཞིང་སྐྱེ་མཆེད་དྭངས་པ། རང་བྱུང་པདྨ་རྒྱལ་པོའི་བཀའ་གཏེར་གྱི་ཆོས་སྒོ་རབ་འབྱམས་ལ་ཐོས་བསམ་སྒོམ་པའི་སྐལ་བ་སྦོམ་པོར་གྱུར་པ་བདག རང་ལོ་བཅུ་བདུན་བཅོ་བརྒྱད་ཡས་མས་ཀྱི་དུས་སུ།

དེ་ལས་མང་བ་། “མོན་གྱི་སྤ་གྲོ་སྟག་ཚང་གི་གཏམ་རིག་འཛིན་གྲུབ་པའི་ལམ་ཡིག” »

ལོ་རྒྱུས།

མཐུན་སྒྲིལ་གྱིས་ཨ་གངས་ཅན་པ།

Posted on 2014-11-182014-11-18 By ཁ་བརྡ No Comments on མཐུན་སྒྲིལ་གྱིས་ཨ་གངས་ཅན་པ།

ཨེ་མ་ཧོ།

ཕ་བླ་མའི་ཆོས་གྲྭར་མཐུན་འཚོལ་ཕྱིར།
ཆོས་སངས་རྒྱས་བསྟན་འཛིན་རྫོགས་ཆེན་པ།།
ཁག་གསུམ་བཞིར་གཅིག་ཏུ་མཐུན་སྒྲིལ་གྱིས།།
ཐུགས་དམ་ཚིག་དར་དཀར་གསོས་ན་བཟང་།།

དེ་ལས་མང་བ་། “མཐུན་སྒྲིལ་གྱིས་ཨ་གངས་ཅན་པ།” »

སྣ་ཚོགས།

ཚན་རིག་པ་ཚོས་འཇིག་རྟེན་ས་གཞི་ལ་འགན་སྲུང་དགོས་པའི་ཁ་བརྡ།

Posted on 2014-11-182014-11-19 By ཁ་བརྡ No Comments on ཚན་རིག་པ་ཚོས་འཇིག་རྟེན་ས་གཞི་ལ་འགན་སྲུང་དགོས་པའི་ཁ་བརྡ།

ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

དེང་དུས་ཚན་རིག་ཀླད་རྩ་རྣོ་བའི་སྐབས།།
མི་རྣམས་རང་མཁེ་རང་མིང་གྲགས་ལ་བརྩོན།།
འཇིག་རྟེན་ས་ཡི་ལོ་ཚད་མ་རྫོགས་གོང་།།
ཚན་རྩལ་རིག་པས་ཉེན་མཁའི་ནང་དུ་བཞག།
ཚན་རྩལ་རིག་པའི་ལག་རྩལ་མཐོ་པོའི་འོག།
འཇིག་རྟེན་མི་རྣམས་དངོས་པོའི་འདོད་པས་བཟི།།

དེ་ལས་མང་བ་། “ཚན་རིག་པ་ཚོས་འཇིག་རྟེན་ས་གཞི་ལ་འགན་སྲུང་དགོས་པའི་ཁ་བརྡ།” »

སྙན་ངག

འབྲེལ་མོལ་མདུན་བསྐྱོད་མ་ཐུབ་དོན་ཅི་རེད།

Posted on 2014-11-182014-11-18 By ཁ་བརྡ 19 Comments on འབྲེལ་མོལ་མདུན་བསྐྱོད་མ་ཐུབ་དོན་ཅི་རེད།

ཤར་ཕྱོགས་ཁུག་རྟ།

དབུ་མའི་ལམ་གྱི་རྗེས་འཇུག་པ་རྣལ་མ་ཞིག་ལ་མཚོན་ན། དེ་རིང་སང་ཉིན་གསལ་ཁ་བྱེད་དགོས་པའི་གནད་དོན་གཅིག་ཡོད་པ་ནི། འབྲེལ་མོལ་མུ་མཐུད་མདུན་བསྐྱོད་མ་ཐུབ་པའི་གནད་འགག་མི་མང་ལ་གསལ་བཤད་བྱེད་རྒྱུ་དེ་རེད། ད་ལྟའི་བོད་རྒྱའི་དཀའ་རྙོག་གི་གནས་བབ་གང་དུ་སླེབས་ཡོད་མེད་ལ་ཐུགས་འདྲིས་མེད་མཁན་ཚོས། རྒྱུ་མཚན་ཅི་ཞིག་གིས་འབྲེལ་མོལ་མདུན་བསྐྱོད་མ་ཐུབ་པ་ཡིན་ནམ་བསམས་ཏེ། དེ་ཡོང་ཐབས་ཀྱི་གཞི་རྩའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྤྱི་སྦོམ་གྱི་རེ་དོགས་འབྱུང་ངེས་ལ། 

དེ་ལས་མང་བ་། “འབྲེལ་མོལ་མདུན་བསྐྱོད་མ་ཐུབ་དོན་ཅི་རེད།” »

བསམ་ཚུལ།

བོད་ལུགས་བརླག་སྲུང་གི་སྨྱོན་ཚིག་དྲི་ཟའི་པི་ཝཾ།

Posted on 2014-11-172014-11-17 By ཁ་བརྡ No Comments on བོད་ལུགས་བརླག་སྲུང་གི་སྨྱོན་ཚིག་དྲི་ཟའི་པི་ཝཾ།

ཨེ་མ་ཧོ།

སརྦ་ལོ་ཀ་བྷོ་ཊ་བི་ཛ་ཡེ།
བོད་རྒྱལ་བཙན་པོའི་བདེན་དྲང་ལོ་རྒྱུས་བརྗེད།།
རང་དབང་ཟེར་ནས་བྲན་གཡོག་ལམ་ལུགས་སྤེལ།།
ཤེས་ལྡན་མི་ལ་ཉེས་མེད་རྫུན་ཞྭ་གཡོགས།།
བདེན་པའི་རྒྱལ་ཁ་རི་བོང་རྭ་དང་མཚུངས།།

དེ་ལས་མང་བ་། “བོད་ལུགས་བརླག་སྲུང་གི་སྨྱོན་ཚིག་དྲི་ཟའི་པི་ཝཾ།” »

སྙན་ངག

གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་བཞག་པ།

Posted on 2014-11-172014-11-17 By ཁ་བརྡ 1 Comment on གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་བཞག་པ།

ཡོང་ཁུངས། བོད་ཀྱི་དུས་བབ།

གནམ་གཤིས་འགྱུར་ལྡོག་གི་ཞེད་སྣང་།

ཨོ་སི་ཊོ་ལི་ཡའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྟེང་གོ་ལའི་ཚ་དྲོད་དང་འཇིགས་སྐུལ་དྲག་སྤྱོད་པ། དེ་བཞིན་ཨི་བྷོ་ལ་ནད་ཡམས་བཅས་ཀྱི་སྐོར་ལ་གྲོས་མོལ་བྱས་འདུག
ཟླ་འདིའི་ཚེས་༡༥ དང་༡༦ ཉིན་གཉིས་རིང་ཨོ་སི་ཊོ་ལི་ཡའི་བྷེར་སི་བྷན་(BRISBANE)གྲོང་ཁྱེར་ནང་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་བཏང་སྟེ་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཇེ་ལེགས་སུ་གཏོང་རྒྱུ། ཚོགས་མིའི་རྒྱལ་ཁབ་ཁག་གི་བར་ཚོང་ཁྲལ་ཇེ་ཡང་དུ་བཏང་སྟེ།

དེ་ལས་མང་བ་། “གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་བཞག་པ།” »

གསར་འགྱུར།

ཚིག་ཇ་ཚོང་ཁང་དང་རླུང་རྟ།

Posted on 2014-11-172014-11-17 By ཁ་བརྡ No Comments on ཚིག་ཇ་ཚོང་ཁང་དང་རླུང་རྟ།

རྒྱང་མིག

སེམས་ཚོར་ཞིག་གིས་གོམ་འགྲོས་ཡར་ལ་བསྒྱུར།།
འགྲོ་ཕྱོགས་ཤིག་གིས་གོམ་སྣེ་གཞུང་ལམ་དྲངས།།
ལྟ་སྟངས་ཤིག་གིས་ཚིག་ཇ་ཚོང་ཁང་མཐོང༌།།
ཡིད་འགྱུར་ཞིག་གིས་ཇ་ཞིག་འཐུང་འདོད་སྐྱེས།།

ཇ་ཁང་ནང་དུ་སླེབས་མཚམས་མིག་བསྐོར་བརྒྱབ།།
ཇ་ཁང་ནང་དུ་མི་ཚོགས་གང་འཚམས་འདུག །

དེ་ལས་མང་བ་། “ཚིག་ཇ་ཚོང་ཁང་དང་རླུང་རྟ།” »

སྙན་ངག

ཆོལ་གསུམ་མཛའ་བརྩེ་བརྟན་པའི་སྨོན་ལམ་ལུགས་ཟུང་རྒུད་པ་གསོ་བའི་བདུད་རྩི།

Posted on 2014-11-162014-11-17 By ཁ་བརྡ་ 9 Comments on ཆོལ་གསུམ་མཛའ་བརྩེ་བརྟན་པའི་སྨོན་ལམ་ལུགས་ཟུང་རྒུད་པ་གསོ་བའི་བདུད་རྩི།

མི་གསོན་པོས་འོས་སྦྱོར་བྱས།

མཆོག་གསུམ་རྩ་གསུམ་བདེན་ཚིག་གྲུབ་པའི་ཚོགས།།
ཁྱད་པར་གངས་ཅན་སྐྱོང་བར་ཞལ་བཞེས་པའི།།
ཕྱག་ན་པདྨོ་སྒྲོལ་མ་མཚོ་སྐྱེས་རྒྱལ།།
བསིལ་ལྗོངས་ལྷ་དང་སྲུང་མས་བྱིན་རླབས་སྩོལ།།
རིགས་གསུམ་སེམས་དཔའི་རྣམ་རོལ་སྤྲུལ་པའི་རྒྱལ།།
ལོ་པཎ་རིག་འཛིན་གྲུབ་བརྙེས་འཕགས་པའི་ཚོགས།།
གསར་རྙིང་བཀའ་གཏེར་རིང་ལུགས་འཛིན་པའི་སྡེ།།

དེ་ལས་མང་བ་། “ཆོལ་གསུམ་མཛའ་བརྩེ་བརྟན་པའི་སྨོན་ལམ་ལུགས་ཟུང་རྒུད་པ་གསོ་བའི་བདུད་རྩི།” »

སྙན་ངག

ལྷ་སྲས་ཚེ་དབང་མཆོག་གི་བཀའ་མོལ་གྱི་ཚོར་སྣང་མེ་ལོང་ཡེ་ཤེས།

Posted on 2014-11-162014-11-16 By ཁ་བརྡ་ No Comments on ལྷ་སྲས་ཚེ་དབང་མཆོག་གི་བཀའ་མོལ་གྱི་ཚོར་སྣང་མེ་ལོང་ཡེ་ཤེས།

ཨེ་མ་ཧོ།

ན་མོ་གུ་རུ་པུནྱེ་ཛྙྰ་ན་ཡེ།
མི་བརྗེད་ཞིང་གི་མགོན་པོ་ཤཱཀྱའི་རྒྱལ།།
མདོ་སྔགས་བསྟན་པའི་བདག་པོ་པདྨ་འབྱུང་།།
རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆོས་ཀྱི་རྗེ།།
ཀུན་འདུས་ཀུན་མཁྱེན་བླ་མས་དུས་ཀུན་སྐྱོང་།།
བསོད་ནམས་ཡེ་ཤེས་རྒྱ་མཚོ་མཐར་ཕྱིན་ནས།།
མཚན་དཔེ་ལང་ཚོ་སྟོང་གི་མངོན་མཐོ་བའི།།

དེ་ལས་མང་བ་། “ལྷ་སྲས་ཚེ་དབང་མཆོག་གི་བཀའ་མོལ་གྱི་ཚོར་སྣང་མེ་ལོང་ཡེ་ཤེས།” »

སྙན་ངག

རྐྱང་ཡིག་ཀ་བཤད་མ་བཞུགས་སོ།

Posted on 2014-11-162014-11-16 By ཁ་བརྡ 5 Comments on རྐྱང་ཡིག་ཀ་བཤད་མ་བཞུགས་སོ།

གཞུང་པ་ཚེ་དབང་བསོད་ནམས།

ཀ་བཤད་ཁ་བཤད་གང་བཤད་དང་།།
ཁ་དང་ལག་པ་མང་བ་དང་།།
ག་ས་གང་ལ་གནས་པ་ནས།།
ང་དང་དགའ་བ་མང་བ་དང་།།
ཅ་ལག་ཆ་ཤས་མང་ན་ཡང་།།
ཆ་ལག་ཚང་བ་གང་དང་གང་།།

དེ་ལས་མང་བ་། “རྐྱང་ཡིག་ཀ་བཤད་མ་བཞུགས་སོ།” »

སྙན་ངག

གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན།

Posted on 2014-11-152014-11-15 By ཁ་བརྡ་ 16 Comments on གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན།

དྲན་དཀར་དཔལ་ཡོན།

unnamedགཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན། ཡིན་པ་མ་ཟད། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་སྣང་སྲིད་ཀུན་ཁྱབ་རྟག་བརྟན་མི་འགྱུར་བའི་རྒྱུ་འབྲས་ཀྱི་སྲིད་གཞུང་ཉིད་དབང་ཕྱུག་ཆེན་པོར་བཀའ་བསྩལ་འདུག་ཅེས་སུ་སྒྲོགས་པར་མཛད། འོ་ན་ཁོང་གི་དད་ཡུལ་གྱི་དབང་ཕྱུག་དེ་ཅི་ཡིན་ནམ་ཞེས། རྟོག་ལྡན་འགས་འདྲི་བར་གདོན་མི་ཟ།
ཡོངས་གྲགས་ཀྱི་ཕྱི་བའི་གཞུང་ལུགས་སུ་གསལ་བའི་དབང་ཕྱུག་ནི་ཁྱད་པར་བརྒྱད་དང་ལྡན་པ་ཞིག་ཏུ་འདོད།

དེ་ལས་མང་བ་། “གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན།” »

རྩོམ་རིག

བྱེས་ཀྱི་ས་སྐྱ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན།

Posted on 2014-11-152014-11-16 By ཁ་བརྡ་ 13 Comments on བྱེས་ཀྱི་ས་སྐྱ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན།

གནས་ཚུལ་མཁོ་གཏོང་བ། ཐུབ་བསྟན་རྒྱལ་མཚན།

 

བྱེས་ཀྱི་གདན་ས་ས་སྐྱ་ཆོས་སྒར་ཕྱག་བཏབ་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན།

ཕྱི་ལོ་༢༠༡༤། ༡༡། ༡༣་དང་༡༤ སྟེ་ཉིན་གཉིས་ཀྱི་རིམ་རྒྱ་གར་བྱང་ཕྱོགས་མངའ་ཁུལ་དཱེ་ཧཱ་རཱ་དུན་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་། དབུ་བརྙེས་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོ་རྒྱས་པ་ཞིག་ཚོགས་གནང་སོང་། སྐབས་དེར་སྐུ་མགྲོན་གྱི་ཚོགས་མགོན་དུ་དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཆོག་དང་། སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ།

དེ་ལས་མང་བ་། “བྱེས་ཀྱི་ས་སྐྱ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན།” »

གསར་འགྱུར།

གླུ་ཚིག་རིན་མེད་དུ་སྐུལ་བ།

Posted on 2014-11-152014-11-15 By ཁ་བརྡ་ 2 Comments on གླུ་ཚིག་རིན་མེད་དུ་སྐུལ་བ།

སྐྱོ་བྲག་དགའ་དབང་།

ངས་གླུ་ཡི་སྐོར་ཅི་ཡང་མི་ཤེས་ལ་ང་རང་གླུ་ལ་དམིགས་བསལ་དགའ་བའི་རིགས་ཀྱང་མིན། ཡིན་ནའང་། ངའི་ཤ་རུས་ཁྲག་རྒྱུད་བོད་པ་གཙང་མ་གཙང་རྐྱང་ཡིན་པའི་ཞེན་ཆགས་ཀྱིས། ང་བོད་ཀྱི་ཁོར་ཡུག་དང་། བོད་ཀྱི་མི་རིགས། བོད་ཀྱི་རིག་གཞུང་ལ་ཆེས་དགའ་ཞིང་དུངས། རང་མི་རིགས་ཀྱི་ཞེན་པ་ནི་ང་གཅིག་པུ་མིན་པར་ང་ཚོ་ཚང་མ་རེད། ཞེན་པ་འདིས་བོད་ཀྱི་སྣོད་བཅུད་རིག་གཞུང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་བ་ཡང་ཉུང་ཉུང་མིན། རང་གི་མི་རིགས་དང་། རང་གི་ཁོར་ཡུག་དང་། རང་གི་རིག་གཞུང་འཚོ་གནས་ཆེད་དུ་རང་ཉིད་འབད་པ་ནི་རང་ལ་ལྷན་སྐྱེས་སུ་འཁྲི་བའི་འགན་འཁྲི་ཞིག་ལས་གཞན་གྱིས་བཀོལ་ཡོང་བ་མ་རེད་ལ། རང་གིས་བླངས་བཞག་པ་ཞིག་ཀྱང་མ་རེད།

དེ་ལས་མང་བ་། “གླུ་ཚིག་རིན་མེད་དུ་སྐུལ་བ།” »

བསམ་ཚུལ།

དེང་དུས་སྤྱིི་ཚོགས་ཀྱི་རྣམ་འགྱུར་དང་མི་མང་གི་འཚོ་གནས་ལ་དཔྱད་པའི་གཏམ།

Posted on 2014-11-142014-11-14 By ཁ་བརྡ་ 5 Comments on དེང་དུས་སྤྱིི་ཚོགས་ཀྱི་རྣམ་འགྱུར་དང་མི་མང་གི་འཚོ་གནས་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

 
སྐད་ཡིག་རིག་གཞུང་གླེང་མཁན་མང་ན་ཡང་།།
རྒྱུན་འཛིན་ཐུབ་པའི་འགན་འཁུར་ཉིན་སྐར་ཙམ།།
སྐད་ཡིག་རིག་གཞུང་ཟབ་སྦྱོང་མང་ན་ཡང་།།
ལག་བསྟར་ཐུབ་པའི་ལས་འཆར་ཉིན་སྐར་ཙམ་།།
རང་བཙན་དབུ་མ་ཁ་དང་ལྕེ་རྩེར་བཟུང་།།
རང་དོན་སྒྲུབ་་པའི་གདམས་ངག་མིན་ན་དགའ།།

དེ་ལས་མང་བ་། “དེང་དུས་སྤྱིི་ཚོགས་ཀྱི་རྣམ་འགྱུར་དང་མི་མང་གི་འཚོ་གནས་ལ་དཔྱད་པའི་གཏམ།” »

སྣ་ཚོགས།

Posts pagination

Previous 1 … 327 328 329 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme