Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྐྱར་དུ་ཆད་པ་བསྐངས་པའི་ལྷུག་རྩོམ་གསར་བ།

Posted on 2014-11-232014-11-23 By ཁ་བརྡ་ 2 Comments on བསྐྱར་དུ་ཆད་པ་བསྐངས་པའི་ལྷུག་རྩོམ་གསར་བ།

རྩོམ་པ་པོ། ལྷམ་ཀོག (རྒྱང་མིག་གིས་འོས་སྦྱོར་བྱས།)

 

མེས་པོ་སྙན་ངག་པ་ཞིག་གི་ངག་རྩལ།

དེང་གི་ཆར་མང་པོ་ཞིག་གསར་དར་སྙན་ངག་འབྲི་བར་ཕྱོགས་པ་དང་བསྟུན། མེས་པོའི་མཛོད་ན་ལུས་པའི་ངག་རིག་གི་རྩལ། དབྱངས་ཅན་མའི་ཞལ་ལས་ཀྱང་ཐོན་དཀའ་བ་མང་པོ་ཞིག་ས་འོག་གི་གཏེར་བཞིན་དུ་ཕྱུང་མ་ནུས་པར་ལུས་པ་ནི་ཕངས་ཆེ་ཨང་སྙམ་ནས། ཕྲན་བུས་འདིར་ཟུར་ཙམ་ངོ་སྦྱར་བར་འདོད་པའི་རྩོམ་ཡིག་ནི། བོད་པའི་ཆོས་སྲིད་གང་ཐད་ནས་ཀྱང་གླེང་དགོས་པའི་སྐྱེས་བུ་འགྲོ་མགོན་འཕགས་པའི་སྙན་ངག་ཅིག་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་རྒྱུ་ཡིན།

དེ་ལས་མང་བ་། “བསྐྱར་དུ་ཆད་པ་བསྐངས་པའི་ལྷུག་རྩོམ་གསར་བ།” »

རྩོམ་རིག

ངའི་སེམས་པ།

Posted on 2014-11-232014-11-23 By ཁ་བརྡ 1 Comment on ངའི་སེམས་པ།

གླིང་གཟི་མིག

 
རང་སྣང་སྐྱིད་པོ་དགུང་ལ་མཉམ་པའི་བྱིས་དུས་ཞིག་ལ།།
ང་ཡི་ལང་ཚོ་དབྱར་ཁའི་མེ་ཏོག་མཉམ་དུ་སྨིན་སོང་།།
ལོ་ཟླའི་གྲངས་ཀ་རྡོ་བཙག་རྩེ་རའི་ཁྲོད་ནས་ལྷག་སོང་།།
འདས་པའི་བྱིས་ལོ་ཐུན་གཅིག་རྨི་ལམ་འདྲ་བ་སྐྱིད་སོང་།།

རིག་པ་སྦྱང་ལ་རན་པའི་སྣབས་བླུག་བྱིས་པ་ང་རང་།།
སྤང་ཁའི་མེ་ཏོག་འཐུ་བཞིན་སློབ་གྲྭའི་སྒོ་ནང་འཛུལ་ཚེ།།

དེ་ལས་མང་བ་། “ངའི་སེམས་པ།” »

སྙན་ངག

༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། བདུན་པ།

Posted on 2014-11-222014-11-22 By རྔ་བ་རྒྱལ་ཁམས་པ 3 Comments on ༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། བདུན་པ།

རྔ་བ་རྒྱལ་ཁམས་པ།

གནས་ཆུང་སྒྲ་དབྱངས་གླིང་ལྷ་ཁང་།
གནས་ཆུང་སྒྲ་དབྱངས་གླིང་ལྷ་ཁང་།
ང་ཚོ་ཕྱེད་ཞིག་རལ་དུ་སོང་བའི་ཟམ་ཐོག་དེ་ནས་ཡར་སོང་། ལམ་དེའི་གཡོན་ཕྱོགས་སུ་རྡོ་གསེག་གི་ཁྲོད་མི་ཞིག་གིས་སྒྱེ་མོ་ཞིག་བཟུང་ནས་ཅི་ཞིག་འཚོལ་བའི་ལས་ཀྱིས་བྲེལ། ང་ཚོས་རླངས་འཁོར་བཀག་སྟེ་མི་དེར་སྐད་ཆ་ཞིག་དྲིས། མི་དེས་་ལྷ་ཁང་དེ་ནི་འདིའི་ཡར་ཕྱོགས་ཀྱི་ནགས་ཁུགས་སུ་ཡོད་པ་རེད། ཅེས་ཟེར། དེ་ནས་ངས་ཁོས་ཅི་ཞིག་འཚོལ་བཞིན་ཡོད་མེད་དྲིས་པས།

དེ་ལས་མང་བ་། “༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། བདུན་པ།” »

ལོ་རྒྱུས།

སྤང་གོང་མཚོ་ལ་མཇལ་བ།

Posted on 2014-11-222014-11-22 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 13 Comments on སྤང་གོང་མཚོ་ལ་མཇལ་བ།

གཅན་བཟོད་རྒྱམ།

དེ་རིང་སྤང་གོང་མཚོ་ལ་མཚོ་མཇལ་དུ་འགྲོ་དགོས་པས་ཞོགས་པ་སྔ་མོ་ནས་གཉིད་སད་བྱུང་། མལ་ལས་ལངས་ཏེ་གདོང་པ་ཁྲུས། ཐབ་ཚང་དུ་སོང་སྟེ་ཇ་ཐང་བསྐོལ་ཏེ་སྐོམ་ཆུ་ཁྱེར་སྦྱད་འགྱིག་དམ་ནང་དུ་བླུག ཁྲུས་ཆས་དང་པར་ཆས། ཕྱི་ལ་གྱོན་པའིི་ལྭ་བ་བཅས་རྒྱབ་ཁུག་ཏུ་བརྫངས་དེ་ལམ་དུ་ཆས། གྲོགས་པོ་ནང་མི་དང་བཅས་པ་ད་དུང་གཉིད་ཀྱི་ཞིང་ཁམས་སུ་མྱུལ་བཞིན་འདུག བརྒྱ་ཤོག་དང་པོ་ནས་གསུམ་པ་བར་དུ་ཆུའི་ཡུར་པ་ཆེན་པོ་ཞིག་ཡོད་པ་དེ་དེད་ནས་བོད་ཁྱིམ་སློབ་ཕྲུག་ཆེ་ཆུང་མང་པོས་དཔེ་ཁུག་འཁུར་ཏེ་བོད་ཁྱིམ་སློབ་གྲྭའི་ཕྱོགས་སུ་འགྲོ་བཞིན་འདུག

དེ་ལས་མང་བ་། “སྤང་གོང་མཚོ་ལ་མཇལ་བ།” »

ངོ་སྤྲོད།

ཤར་འདུལ་དམག་དཔོན་འབྲོམ་སེང་གེ་དཔལ་གྱིས་ནང་མི་དང་འཛོམས་དུས་བྱེད་པ།

Posted on 2014-11-222014-11-22 By ཁ་བརྡ་ No Comments on ཤར་འདུལ་དམག་དཔོན་འབྲོམ་སེང་གེ་དཔལ་གྱིས་ནང་མི་དང་འཛོམས་དུས་བྱེད་པ།

རྫ་ཚེ་རིང་བཀྲ་ཤིས།

unnamedལམ་ཆེན་སྣེ་མོ་ཤར་གྱི་མཐའ་ལ་བསྐྱངས།།
སྒར་བའི་མི་ཚེ་སྐྱ་མོའི་ལམ་ནས་ཟད།།
དགུང་མ་རེ་རེ་བཞིན་ཟླ་བ་སྔས་ལ་བཏགས།།
འདི་དུས་ཁོ་བོས་ཁྱེད་རང་དྲན་བཞིན་མཆིས།།

བྱེ་མའི་ཐང་ལ་རྔ་མོང་གོམ་ཁ་བརྟན།།
མི་མེད་ལུང་བར་རྟ་ཕོ་ཕྱི་ཐག་རིང་།།
བྲོ་ཁ་ཆད་ན་ལམ་རོགས་འཚིག་པ་ཟ།།
འདི་དག་ཡོད་ཚད་ང་ལ་ཆ་ཡོད་ཡིན།།

དེ་ལས་མང་བ་། “ཤར་འདུལ་དམག་དཔོན་འབྲོམ་སེང་གེ་དཔལ་གྱིས་ནང་མི་དང་འཛོམས་དུས་བྱེད་པ།” »

སྙན་ངག

ཨ་ཕས་བུ་མོར་བཤད་པའི་སྙིང་གཏམ་ཚིག་གསུམ་མ།

Posted on 2014-11-222014-11-22 By ཁ་བརྡ 6 Comments on ཨ་ཕས་བུ་མོར་བཤད་པའི་སྙིང་གཏམ་ཚིག་གསུམ་མ།

ཆོས་རྗེ་ཚང་ཡོན་ཏན་རྒྱ་མཚོ།

 
ཨ་མ་བཟང་མོའི་བྱམས་བརྩེའི་ཐུ་འོག་ནས།།
འཛུམ་ཆུང་རྒྱས་པའི་བུ་མོ་མེ་ཏོག་ཁྱོད།།
དེ་རིང་ཟླ་བཅུ་ལོངས་པའི་ཉིན་མོ་འདིར།།
ཨ་ཕས་ཚིག་འགའ་བཤད་ལ་བུ་མོས་ཉོན།།

རེ་དོགས་མ་མང་ཕུགས་འདུན་ཡོད་པ་བྱོས།།
དགའ་སྐྱོ་མ་མང་རང་ཚུགས་བརྟན་པ་བྱོས།།

དེ་ལས་མང་བ་། “ཨ་ཕས་བུ་མོར་བཤད་པའི་སྙིང་གཏམ་ཚིག་གསུམ་མ།” »

སྙན་ངག

བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ།

Posted on 2014-11-222014-11-22 By སྤོབས་པ་མཐའ་ཡས། 111 Comments on བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ།

སྤོབས་པ་མཐའ་ཡས།

སྲིད་འཛིན་བློ་བཟང་སེང་གེ་མཆོག་ནི་རྡོ་རྗེ་གླིང་དུ་ས༡༩༦༨ལོར་འཁྲུངས་ཤིང་ཁྲིམས་ལུགས་ཀྱི་མཁས་དབང་དང་ཆབ་སྲིད་ལས་འགུལ་བ་ཞིག་རེད། ༢༠༡༡ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ཁོང་བོད་ཀྱི་སྲིད་སྐྱོང་དུ་མངའ་གསོལ། ཁོང་ནི་རྡོ་རྗེ་གླིང་གི་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ཤིག་ཏུ་འཁྲུངས་ཤིང་འཚར་ལོངས་བྱུང་། བྱིས་པའི་དུས་སུ་ཞིང་གྲོང་གི་གསེབ་ཏུ་བ་ཕྱུག་འཚོ་སྐྱོང་དང་། ནགས་ཚལ་གྱི་གསེང་ནས་འབུད་ཤིང་བསྡུ་ལེན། དགུན་དུས་སུ་གྱོན་གོས་འཚོང་དུ་འགྲོ་བ་སོགས་ཕ་མ་ནང་མིའི་འཚོ་ཐབས་ལ་རོགས་རམ་བྱས།

དེ་ལས་མང་བ་། “བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ།” »

ངོ་སྤྲོད།

༸གོང་ས་མཆོག་གིས་ནེ་ཧ་རུའི་རྗེས་དྲན་ཐོག་བཀའ་སློབ་སྩལ་བ།

Posted on 2014-11-212014-11-21 By ཁ་བརྡ་ No Comments on ༸གོང་ས་མཆོག་གིས་ནེ་ཧ་རུའི་རྗེས་དྲན་ཐོག་བཀའ་སློབ་སྩལ་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 

༸གོང་ས་མཆོག་གིས་ནེ་ཧ་རུའི་རྗེས་དྲན་མཛད་སྒོ་ཐེངས་༡༡ ཐོག་བཀའ་སློབ་སྩལ་བ།

ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ཇ་ཝ་ཧར་ལལ་ནེ་ཧ་རུའི་ Eleventh Nehru Memorial Lecture at Jawaharlal Nehru University རྗེས་དྲན་མཛད་སྒོ་ཐེངས་༡༡ ཐོག་ཆིབས་སྒྱུར་བསྐྱངས་ནས་མིའི་ཐབས་ལམ་འོག་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་རྒྱུ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།

དེ་ལས་མང་བ་། “༸གོང་ས་མཆོག་གིས་ནེ་ཧ་རུའི་རྗེས་དྲན་ཐོག་བཀའ་སློབ་སྩལ་བ།” »

གསར་འགྱུར།

ཕ་ཡུལ་དྲན་པའི་ཀ་བཤད་ཁ་བརྡ་མ།

Posted on 2014-11-212014-11-21 By ཁ་བརྡ No Comments on ཕ་ཡུལ་དྲན་པའི་ཀ་བཤད་ཁ་བརྡ་མ།

ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

ཀ་ལས་མང་པོ་མྱང་པའི་སྤྲེལ་སྲིན་རིགས།།
ཁ་བ་ཅན་དེ་ང་ཚོའི་ཕ་ཡུལ་རེད།།
ག་རེ་བྱས་ནས་རྒྱ་ལ་ཤོར་བ་རེད།།
ང་ཚོ་མི་ཡུལ་ཡོང་དོན་གང་ཡིན་ནམ།།
ཅ་ཅོ་མང་བའི་རྒྱལ་སྤྱིའི་ཆབ་སྲིད་མདུན།།
ཆ་རྒྱུས་མེད་པའི་བོད་མིའི་འཐབ་རྩོད་དེ།།

དེ་ལས་མང་བ་། “ཕ་ཡུལ་དྲན་པའི་ཀ་བཤད་ཁ་བརྡ་མ།” »

སྙན་ངག

སྙན་ངག་གང་ནས་འབྲི། ཇི་ལྟར་འབྲི། ༼ཞར་བཀོད་གཅིག༽

Posted on 2014-11-212014-11-21 By ཁ་བརྡ 2 Comments on སྙན་ངག་གང་ནས་འབྲི། ཇི་ལྟར་འབྲི། ༼ཞར་བཀོད་གཅིག༽

འབའ་སྲས།

སྙན་ངག་ཤོག་དཀར་ངོས་ནས་མིན།།
སྙན་ངག་སྙུ་གུའི་རྩེ་ནས་མིན།།
སྙན་ངག་དཔེ་དེབ་ངོ་ན་མེད།།
སྙན་ངག་ཡི་གེའི་ཚོགས་ན་མེད།།

རི་དང་རྒྱ་མཚོ་སྙན་ངག་ཀློང་།།
ཁྱིམ་དང་གྲོང་ཁྱེར་སྙན་ངག་མཛོད།།

དེ་ལས་མང་བ་། “སྙན་ངག་གང་ནས་འབྲི། ཇི་ལྟར་འབྲི། ༼ཞར་བཀོད་གཅིག༽” »

སྙན་ངག

ངོ་རྒོལ་དང་སྐད་འབོད་ལ་ཐུག་ན་བོད་རྒྱའི་དབར་ན་གནམ་སའི་ཁྱད་པར་མི་འདུག་གམ།

Posted on 2014-11-212014-11-21 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 9 Comments on ངོ་རྒོལ་དང་སྐད་འབོད་ལ་ཐུག་ན་བོད་རྒྱའི་དབར་ན་གནམ་སའི་ཁྱད་པར་མི་འདུག་གམ།

གསར་འགྱུར།

མི་གཞི་དུར་སློག་རྒྱག་པ།

Posted on 2014-11-212014-11-21 By ཁ་བརྡ་ No Comments on མི་གཞི་དུར་སློག་རྒྱག་པ།

ཁྲོ་གཏུམ།
___ ཉིས་སྟོང་བཅུ་ལོའི་ངའི་ང་རྒྱལ་གྱི་སྣེ་མོ་ཞིག

“མི་གཞི” སྤྱི་ཚོགས་ཀྱི་མ་རྐང་ལ་འཐིམས་དགོས་པའི་རེ་བཞག་ལྕི་མོ་ཞིག
“མི་གཞི”སྤྱིའི་བདེ་སྡུག་གི་དྲང་བདེན་ལ་འཁྱིལ་བའི་བླ་སྲོག་གསར་པ།
“མི་གཞི”མིའི་འཚོ་གནས་ལ་སྙིང་པོ་སྐྲུན་ས་དང་ཕུགས་འདུན་གྱི་མར་ཁུ་འཕྱུར་ས།

ཆེ་ས་འཛམ་གླིང་དང་ཆུང་བ་མི་ཚང་གི་བར་དུ་མེད་དུ་མི་རུང་བའི་རང་དབང་དང་འདྲ་མཉམ། ཡིད་རྟོན། འཕེལ་རྒྱས། འབྲེལ་འདྲིས་སོགས་ཀྱི་རྟེན་སའི་གཞི་རྩ་དང༌།

དེ་ལས་མང་བ་། “མི་གཞི་དུར་སློག་རྒྱག་པ།” »

སྣ་ཚོགས།

བྱིས་པའི་འཇིག་རྟེན།

Posted on 2014-11-202014-11-20 By ཁ་བརྡ་ No Comments on བྱིས་པའི་འཇིག་རྟེན།

རྩོམ་མཁན། རེབ། ཧེན་སེལ།(Ray Hansell)
(རྡོ་རྗེ་རིན་ཆེན་གྱིས་དབྱིན་ཡིག་ལས་བསྒྱུར།)

 
ཕེབས་པར་ཞུ། ང་ཡི་འཇིག་རྟེན་དུ་ཕེབས་པར་ཞུ།
རེ་འགས། དེ་ནི་ཕལ་བའི་འཇིག་རྟེན་ཞིག་ཡིན་པར་སྨྲ།
རེད་དེ། དེ་ལྟ་ལགས་མོད་ཀྱང་།
གང་ལྟར། དེ་རུ་ནམ་ཀུན་ང་ཡི་ངོ་གདོང་འཛུམ་གྱིས་ཁེངས།

དེ་ལས་མང་བ་། “བྱིས་པའི་འཇིག་རྟེན།” »

འགྱུར་རྩོམ།

ངའི་ཁ།

Posted on 2014-11-202014-11-20 By ཁ་བརྡ་ 1 Comment on ངའི་ཁ།

འབའ་སྲས།

ཡ་ཁ་སྤུ་ཡི་སྐྱེས་རྒྱ་སྟུག་པོའི་ཁ།།
མ་ཁ་འཇིབ་ན་ཞིམ་ཞིང་མངར་བའི་ཁ།།
ཆང་དྲི་དུ་དྲི་གཏན་ནས་མི་བྲོ་ཁ།།
ང་ཡི་ཁ་འདི་གཞན་དང་མི་མཚུངས་ཁ།།

ཡི་གེ་བཀླག་ན་མེ་ལྕེ་འབར་བའི་ཁ།།
སྙན་ངག་འཆད་ན་གློག་དམར་འཁྱུག་པའི་ཁ།།

དེ་ལས་མང་བ་། “ངའི་ཁ།” »

སྙན་ངག

བོད་གཏན་དུ་བརྗེད་སོང་ངམ།

Posted on 2014-11-202014-11-20 By ཁ་བརྡ་ 1 Comment on བོད་གཏན་དུ་བརྗེད་སོང་ངམ།

གློག་བརྙན་།

སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

Posted on 2014-11-202014-11-20 By ཁ་བརྡ་ 33 Comments on སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 

སྲིད་སྐྱོང་མཆོག་ཨ་རི་དང་ཁེ་ན་ཌ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༡༩ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་ནས་ཁུལ་དེར་ཕྱི་ཚེས་༢༠ ཉིན་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་ནས། ཉིན་དེར་ཨ་རིའི་གྲོང་ཁྱེར་ནི་ཝག་(Newark) ཏུ་ཕེབས་ཐོན་གནང་ནས་ཕྱི་ཚེས་༢༡ ཉིན་ཕེབས་འབྱོར་གནང་ནས་ཉིན་དེར་ཁེ་ན་ཌའི་གྲོང་ཁྱེར་ཧ་ལི་ཕེག་སི་ Halifax ནང་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཟླ་༡༡ ཚེས་༢༡ ནས་༢༦ བར་ཁེ་ན་ཌའི་གྲོང་ཁྱེར་ཧ་ལི་ཕེག་སི་ Halifax རུ་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས།(Halifax International security forum) ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་དང་།

དེ་ལས་མང་བ་། “སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།” »

གསར་འགྱུར།

དགེ་རྒན་ལགས། སེམས་ནང་གི་ཉི་མ།

Posted on 2014-11-202014-11-20 By ཁ་བརྡ་ No Comments on དགེ་རྒན་ལགས། སེམས་ནང་གི་ཉི་མ།

རྩོམ་པ་པོ། ཨ་འདུས་མིག་ཆུ།
——རྩོམ་རིག་དགེ་རྒན་ཨ་འཁོར་བཟོད་པ་ལགས་སུ།

 
ཤེས་རིག་གི་གཞུང་ཤིང་དང་མུན་སེལ་གྱི་སྒྲོན་མེ། སྒྱུ་རྩལ་གྱི་བྱེད་པོ། བྱམས་བརྩེ་ཡི་བདག་ཉིད་ལགས། ཁྱེད་ནི་མི་ཡུལ་གྱི་སློབ་ཕྲུག་སྟོང་ཕྲག་གི་དཔུང་གཉེན་དང་། སློབ་མ་བརྒྱ་ཕྲག་གི་སེམས་ཀྱི་མཐོ་ས་ན་ཉར་བའི་དགེ་བའི་བཤེས་གཉེན་ཡིན།
རྒན་ལགས། ཁྱེད་ཀྱི་སྨྲ་དག་པའི་ལྕེ་རྩེ་ལས་བྱུང་བའི་རིག་གནས་ཀྱི་ཐ་སྙད་གསར་པ་དང་། ལུས་ཀྱི་ཉམས་འགྱུར་ལས་མངོན་པའི་སྒྱུ་རྩལ་གྱི་བཟི་ཁ། ད་དུང་སེམས་ཀྱི་གཏིང་རིམ་ནས་ངོམ་པའི་ཆགས་སྡང་གི་གཤིས་ཉམས་དེ་དག

དེ་ལས་མང་བ་། “དགེ་རྒན་ལགས། སེམས་ནང་གི་ཉི་མ།” »

རྩོམ་རིག

༧སྐྱབས་མགོན་བླ་མ་ཀརྨ་བསོད་ནམས་དྲན་གདུང་གསོལ་འདེབས།

Posted on 2014-11-192014-11-19 By ཁ་བརྡ་ 2 Comments on ༧སྐྱབས་མགོན་བླ་མ་ཀརྨ་བསོད་ནམས་དྲན་གདུང་གསོལ་འདེབས།

ཨེ་མ་ཧོ།

ན་མོ་གུ་རུ་ཀརྨ་རཏྣ་ཡེ།
གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་།།
སྐྱེ་འགག་གནས་བྲལ་རྟེན་འབྱུང་རྒྱལ་བའི་སྲས།།
བསྟན་དང་འགྲོ་བའི་དོན་ལ་བྱོན་མཛད་པའི།།
ངེས་དོན་དགེ་བའི་བཤེས་གཉེན་ཚོགས་ཀུན་རྒྱལ།།
མདོ་ཁམས་རྡོ་སྟོད་ཡོག་མདའ་གཟས་གོར་རུ།།
བདེ་ཆེན་རྡོ་རྗེ་འབའ་ལོར་སྐུ་འཁྲུངས་ཤིང་།།

དེ་ལས་མང་བ་། “༧སྐྱབས་མགོན་བླ་མ་ཀརྨ་བསོད་ནམས་དྲན་གདུང་གསོལ་འདེབས།” »

ངོ་སྤྲོད།

བོད་ཀྱི་འབྲོག་པ་གནས་སྤོ་དང་མེ་འཁོར་ལྕགས་ལམ་བཅས་སྐོར།

Posted on 2014-11-192014-11-19 By ཁ་བརྡ No Comments on བོད་ཀྱི་འབྲོག་པ་གནས་སྤོ་དང་མེ་འཁོར་ལྕགས་ལམ་བཅས་སྐོར།

གློག་བརྙན་།

གཞས་དང་མཚན་མོ།

Posted on 2014-11-192014-11-19 By ཁ་བརྡ No Comments on གཞས་དང་མཚན་མོ།

སྲས།

མཚན་མོ་རྔམས་ཀྱིན་སླར་ཡང་འཁྲིས་ལ་སླེབས།།
མི་རྣམས་མུན་པར་འཁྱུད་ནས་ནས་རྨི་ལམ་རྩོམ།།
ཁོ་བོས་གཉིད་དང་ལོ་ཟླ་བོར་རྗེས་སུ།།
དྲན་པས་གཤེར་བའི་གཞས་དེ་སུ་ལ་ལེན།།

འགྲམ་པ་བསྐྱོར་ཏེ་ངག་སྒོ་ཡང་ཡང་བསལ།།
མགྲིན་པ་རྣོང་གིན་གནའ་བོའི་གཞས་ཚིག་བཀླགས།།

དེ་ལས་མང་བ་། “གཞས་དང་མཚན་མོ།” »

སྙན་ངག

Posts pagination

Previous 1 … 326 327 328 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme