Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།

Posted on 2015-02-172015-02-17 By ཁ་བརྡ 5 Comments on བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།

གྲུ་ཁེམ།

 

མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་རིག་གནས་དང་། ཆོས་ལུགས། ཡུལ་སྲོལ། འཚོ་བ་བཅས་འཕེལ་འགྱུར་བྱུང་བ་དང་དུས་མཉམ་དུ་ལོ་གསར་གཏོང་སྲོལ་མི་འདྲ་བ་བྱུང་བ་དཔེར་ན། རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་

དེ་ལས་མང་བ་། “བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།” »

ངོ་སྤྲོད།

སྐུ་རྒྱལ་བོད་ཀྱི་ལོ་གསར།

Posted on 2015-02-172015-02-18 By ཁ་བརྡ 1 Comment on སྐུ་རྒྱལ་བོད་ཀྱི་ལོ་གསར།

རྩོམ་པ་པོ། མི་གསལ།

 

སྤྱིར་ལོ་གསར་ནི་ལོ་རྙིང་ལས་སྡོམ་གྱི་འགྲུབ་སྟོན་ཞིག་ཡིན་ལ།  ལོ་གསར་སྟ་གོན་གྱི་མཛད་སྒོ་ཞིག་ཀྱང་རེད།   ད་དུང་བོད་ལ་མཚོན་ན་ལོ་གཅིག་གི་ནང་གི་ངལ་གསོའི་དུས་ཚོད་རིང་ཤོས་དེའང་ཆགས་ཡོད། གསལ་བོ་ཞིག་བརྗོད་དཀའ་མོད། གཅིག་བྱས་ན་འཛམ་གླིང་རིལ་མོ་འདིའི་སྒང་གི་དུས་སྟོན་རིང་ཤོས་དང་རྒྱས་ཤོས་དེའང་ཡིན་སྲིད། དགའ་སྟོན་རྐྱང་རྐྱང་གིས་རོལ་ཆོག་པའི་ཉིན་ཞག་སུམ་ཅུ་སྟེ།  སྐུ་རྒྱལ་བོད་ཀྱི་ལོ་གསར་དུས་སྟོན་རིང་མོ་འདིར། 

དེ་ལས་མང་བ་། “སྐུ་རྒྱལ་བོད་ཀྱི་ལོ་གསར།” »

ངོ་སྤྲོད།

འགྱོད་གདུང་དང་མྱ་ངན།

Posted on 2015-02-172015-02-17 By ཁ་བརྡ 1 Comment on འགྱོད་གདུང་དང་མྱ་ངན།

རྔ་བཟའ་བདེ་པོ་འཚོས།

 

འུ་ཅག་བོད་ལ་ཐུན་མོང་གི་གཤིས་ཀ་ཁྱད་མཚར་ཞིག་ཡོད་པ་ཞིག་ནི། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་མ་ཟིན། ནོར་བུ་གཞན་ལ་ཡོད་དུས་ནོར་བུའི་རིན་ཐང་རྟོགས་སོང་ཞེས་པ་ལྟར། འདས་པའི་ལོ་རྒྱུས་ནང་སྐྱེས་བུ་མཁས་ཆེན་དུ་མ་བྱོན་རུང་། གང་ཞིག་རྐྱེན་ལམ་དུ་ཤོར་བ་དང་གཞི་ནས་ཕངས་སེམས་དང་འགྱོད་གདུང་བྱེད་པ་དེ་རེད། ད་ཐེངས་ཀྱང་བཙན་བྱོལ་

དེ་ལས་མང་བ་། “འགྱོད་གདུང་དང་མྱ་ངན།” »

ལྷུག་རྩོམ།

༄༅།།རིས་མེད་རྟེན་འབྲེལ་གྱི་བཀྲ་ཤིས་རྟགས་བརྒྱད།

Posted on 2015-02-17 By ཁ་བརྡ No Comments on ༄༅།།རིས་མེད་རྟེན་འབྲེལ་གྱི་བཀྲ་ཤིས་རྟགས་བརྒྱད།

ཨེ་མ་ཧོ།

 

ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།། བཀྲ་ཤིས་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་དང་།། སྲས་བཅས་འཕགས་པའི་དགེ་འདུན་ཐམས་ཅད་ལ།། ཕྱག་འཚལ་སྐྱབས་མཆི་བདག་ཅག་འགྲོ་ཀུན་ཕྱིར།། ཕན་བདེའི་ལེགས་ཚོགས་ཇི་བཞིན་འབད་མེད་སྩོལ།། ༡ མ་ཤེས་དྲིན་དྲན་དྲིན་ལེན་བཟོ་བ་དང་།། ཡིད་འོངས་བྱམས་དང་བརྩེ་བའི་སྙིང་རྗེས་ཕྱུག། ལྷག་བསམ་རྣམ་དག་རིན་ཆེན་བྱང་ཆུབ་སེམས།།

དེ་ལས་མང་བ་། “༄༅།།རིས་མེད་རྟེན་འབྲེལ་གྱི་བཀྲ་ཤིས་རྟགས་བརྒྱད།” »

སྙན་ངག

ཤིང་མོ་ལུག

Posted on 2015-02-17 By དགེ་རབ་ 2 Comments on ཤིང་མོ་ལུག

རབ་བྱུང་དང་པོའི་ཤིང་མོ་ལུག་གི་ལོར།། (1055)
རིན་བཟང་འདས་ཤིང་པ་ཚབ་ཉི་གྲགས་དང་།།
ཞང་སྟོན་ཆོས་འབར་འཁྲུངས་ཞེས་ཚེ་ཏན་གསུངས།།
མ་གཅིག་ལབ་སྒྲོན་འཁྲུངས་པའི་གཏམ་ཡང་རྙེད།།

དེ་ལས་མང་བ་། “ཤིང་མོ་ལུག” »

ངོ་སྤྲོད།

ཁེར་རྐྱང་གི་གནམ་གང་།

Posted on 2015-02-172015-02-17 By ཁ་བརྡ 2 Comments on ཁེར་རྐྱང་གི་གནམ་གང་།

དཀར་མཚོ།

 
ཉི་མ་རི་ལས་བཞུད་པའི་ས་སྲོད་ལ།།
མདོ་ཁམས་དགུ་ཐུག་ཟེར་ནས་ཧུབ་ཀྱིས་འཐུང་།།
དབུས་གཙང་གནམ་གང་ཟེར་ནས་སྤྲོ་བོ་གཏོང་།།
རུམ་ཁུག་སྟོང་པའི་ཡུལ་གྱར་ང་གཅིག་བུ།།

ལ་ལ་རྫ་ཁོག་བཏུང་ཞེས་བཞུད་ཤུལ་དུ།།
འགའ་རེ་མཛའ་གྲོགས་མཉམ་དུ་འགྲོ་དགོས་ཟེར།།

དེ་ལས་མང་བ་། “ཁེར་རྐྱང་གི་གནམ་གང་།” »

སྙན་ངག

ང་ཡི་གབ་ཚིག ཁྱོད་ཀྱི་ལོ་གསར་ལེགས་སྐྱེས།

Posted on 2015-02-172015-02-17 By ཁ་བརྡ No Comments on ང་ཡི་གབ་ཚིག ཁྱོད་ཀྱི་ལོ་གསར་ལེགས་སྐྱེས།

གླིང་གཟི་མིག

unnamed-10འཆི་བ་ཚབས་ཆེན་རེད་ལ
སྐྱེས་པ་ཚབས་ཆེན་རེད།
བརླག་ཟིན་པའི་ཚེ་སྲོག་སྙིང་རྗེ་རེད་ལ་
སྐྱེས་ཟིན་པའི་ཚེ་སྲོག་སྙིང་རྗེ་རེད།

ཉི་མ་ནུབ་སོང་བསམ་པའི་བློ་དང་
ཟླ་བ་ཤར་སོང་བསམ་པའི་བློ།
འདི་ན་ཚ་དང་ གན་ན་གྲང་།
ལ་ལ་རྒྱགས་ནས་ཤི
ལ་ལ་ལྟོགས་ནས་ཤི།

དེ་ལས་མང་བ་། “ང་ཡི་གབ་ཚིག ཁྱོད་ཀྱི་ལོ་གསར་ལེགས་སྐྱེས།” »

སྙན་ངག

གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།

Posted on 2015-02-17 By ཁ་བརྡ 14 Comments on གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།

རས་པ།

 

མི་ཚེ་ནི་གཞུང་ལམ་ཐོག་གཏོང་བཞིན་པའི་རླངས་འཁོར་དང་འདྲ། དེ་ཡི་རྐྱེན་གྱིས་འཁོར་དགག་གི་གནད་དོན་ལ་གཡོལ་ཐབས་མེད་པའི་དུས་ཧ་ཅང་མང་། དལ་ལྷོད་དང་ཞི་འཇམ། གཟབ་ནན་ངང་གཏོང་མཁས་ཀྱི་རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ནའང་། བརྒྱ་ཆའི་བརྒྱ་རང་ཉིད་ཀྱི་སྲུང་སྐྱོབ་ལ་འགན་སྲུང་ཐུབ་པར་སུ་ཡིས་བཤད་ནུས། བཤད་མི་ཐུབ་པ་རེད།

དེ་ལས་མང་བ་། “གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།” »

དྲན་ཐོ།

ལོ་སར་སྐབས་ཀྱི་རྒྱུན་སྲོལ་བསྡུས་པ།

Posted on 2015-02-172015-02-17 By ཁ་བརྡ 2 Comments on ལོ་སར་སྐབས་ཀྱི་རྒྱུན་སྲོལ་བསྡུས་པ།

དུར་བྱང་།

 

མ་གཞི་ལོ་སར་ཞེས་པའི་ཐ་སྙད་ནམ་བྱུང་དང་འབྲེལ་བའི་དེའི་འབྱུང་ཁུངས་དང་འཕེལ་རིམ་སོགས་གསལ་ལ་ངེས་པ་ཞིག་འདྲི་ཐུབ་ན་ག་འདྲའི་ཡག་པོ་འདུག འོན་ཏེ། ཁོ་བོར་མཚོན་ན་བོད་ཀྱི་ཡུལ་ལུང་སོ་སོར་རྒྱུས་ཆ་ཡེ་མེད། དེའི་ཁར་ཕྲན་པའི་ལྟེ་ཁྲག་འཕོས་ས་དང་འཚར་ལོངས་བྱུང་ས་ཁུ་སིན་ཡུལ་ཚོ་ལའང་ལོ་སར་སྐབས་བྱེད་སྒོ་ཅི་ཡོད་སོགས་རང་གཞན་ཀུན་པོ་ཡིད་ཆེས་ཕེར་བ་

དེ་ལས་མང་བ་། “ལོ་སར་སྐབས་ཀྱི་རྒྱུན་སྲོལ་བསྡུས་པ།” »

ངོ་སྤྲོད།

གྲོགས་པོ་གཉིས་ལ་མྱ་ངན་ཞུ།

Posted on 2015-02-172015-02-17 By ཁ་བརྡ 18 Comments on གྲོགས་པོ་གཉིས་ལ་མྱ་ངན་ཞུ།

ཨ་འདུས་མིག་ཆུ།

 

རྩོམ་པ་པོ་རྔ་བ་ཆོས་གྲགས་དང་སྤྲོ་ཚིགས་ཆོས་གྲགས་གཉིས་ལ་ཕུལ།

དེ་རིང་ནི་གྲོགས་པོ་གཉིས་གྲོངས་རྗེས་ཀྱི་ཉིན་ལྔ་བ་དེ་རེད། ཐོག་དང་པོ་སྐད་ཆ་དེ་གོ་དུས་ཡིད་གཏན་ནས་མ་ཆེས། ཕྱི་ཉིན་ཁོང་གཉིས་ཡིན་པ་གསལ་ཐག་ཆོད་དུས། ངོ་མ་འདུག་མི་བཟོད་པའི་སྣང་བ་ཞིག་གིས་བཅངས་ཤིང་། ཅི་ཞིག་བྱ་དགོས་པའང་མ་

དེ་ལས་མང་བ་། “གྲོགས་པོ་གཉིས་ལ་མྱ་ངན་ཞུ།” »

བསམ་ཚུལ།

དོ་སྣང་བྱ་ཡུལ་མ་ནོར་དགོས།

Posted on 2015-02-172015-02-17 By ཁ་བརྡ 1 Comment on དོ་སྣང་བྱ་ཡུལ་མ་ནོར་དགོས།

འཇམ་གཅེས།

 

གནའ་བོའི་སྲོལ་རྒྱུན་ཟེར་ན་འདྲ། ལམ་ལུགས་ཟེར་ན་ཆོག འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་སྤྱི་ཚོགས་དང་མཚུངས་པའི་བོད་མི་རིགས་སམ་རྒྱལ་ཁབ་ལ་མཚོན་ན། ལོ་གསར་ཟེར་དུས་གལ་ཆེ་བའི་དུས་ཚིགས་ཞིག་ལ་ངོས་འཛིན་ཐོག ལྷ་ཆོས་མི་ཆོས་ཀྱི་བྱེད་སྒོ་མང་དག་ཞིག་སྤེལ་བའི་དུས་ཚིགས་ཞིག་རེད་ལ། དེ་ཡང་ས་ཁུལ་དང་ཡུལ་ལུང་

དེ་ལས་མང་བ་། “དོ་སྣང་བྱ་ཡུལ་མ་ནོར་དགོས།” »

བསམ་ཚུལ།

ཕལ་སྐད་ཅེས་པའི་ཐ་སྙད་བྱུང་ཚུལ་གྱི་སྐད་ཆ་ཞིག

Posted on 2015-02-172015-02-17 By ཁ་བརྡ 4 Comments on ཕལ་སྐད་ཅེས་པའི་ཐ་སྙད་བྱུང་ཚུལ་གྱི་སྐད་ཆ་ཞིག

ཨ་འཇམ།

 

འུ་ཚོའི་སྐད་བརྡའི་ཁྲོད་ཀྱི་ཐོག་མའི་མ་སྐད་དག་མ་མི་ཉུང་བ་ཞིག་རིམ་གྱིས་འགྱུར་ནས་ཕྱིས་སུ་ཐ་སྙད་དེ་དག་གི་བྱུང་བ་ནི་རྙེད་དཀའ་བའི་ཚད་དུ་བསྐྱལ་ཅིང་། རིམ་གྱིས་གོ་དོན་དང་འགྲེལ་བཤད་ཀྱང་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་འགྱུར་ལྡོག་བྱུང་བས། དང་ཐོག་གི་ཐ་སྙད་ཀྱི་བྱུང་བ་དངོས་དེ་ར་འཕྲོད་དཀའ་བའི་གནས་སུ་གྱུར་ཡོད། མ་གཞི་བརྡ་ཡི་ཐ་སྙད་དག་ནི་དུས་དང་

དེ་ལས་མང་བ་། “ཕལ་སྐད་ཅེས་པའི་ཐ་སྙད་བྱུང་ཚུལ་གྱི་སྐད་ཆ་ཞིག” »

དཔྱད་རྩོམ།

ཡང་བསྐྱར་བགྲོད་ལམ་ཞིག་བཙལ་ན།

Posted on 2015-02-17 By ཁ་བརྡ No Comments on ཡང་བསྐྱར་བགྲོད་ལམ་ཞིག་བཙལ་ན།

 སྤྱན་ཆེན་པོ།

 

ས་རྡུལ་གྱིས་གཡོགས་པའི་དཔེ་སྒྲོམ་གྱི་མདུན་ནས

སྒོམ་ཆེན་པ་ཞིག་དང་འདྲ་བར

རྨི་ལམ་གྱི་མཛེས་སྡུག་ལ་དྲོད་ཤ་གླན་དུས

ཆག་གྲུམ་ཤོར་བ་དང་འདྲ་བའི་མེ་ལོང་འདིས

ཅི་ཡང་མི་གསལ་ལ་ཅི་ཡང་མི་དྲན་མོད

དེ་ལས་མང་བ་། “ཡང་བསྐྱར་བགྲོད་ལམ་ཞིག་བཙལ་ན།” »

སྙན་ངག

མཐའ་མཇུག་གི་སྐྱེལ་མ་ཐེངས་གཅིག

Posted on 2015-02-162015-02-16 By ཁ་བརྡ No Comments on མཐའ་མཇུག་གི་སྐྱེལ་མ་ཐེངས་གཅིག

བཀྲ་ཤིས་དོན་འགྲུབ།

 
འཁོར་བའི་གནས་འདི་འཁོར་བ་སུས་མི་ཤེས།།
འཁོར་འདས་གཉིས་ཀྱི་སྣོལ་མཚམས་མི་རྙེད་པས།།
འཁོར་བའི་འཕྲུལ་འཁོར་འཆི་བའི་ཟློས་གར་དེ།།
འཁོར་བདག་བུ་ཆུང་མགོ་ལ་བབས་སམ་ཅི།།

སེམས་ཀྱི་ལྷ་མོ་མི་མངོན་དབྱིངས་ན་བཞུགས།།
སེམས་ཀྱི་བྲན་མོ་མྱ་ངམ་ཐང་ན་འཁྱམས།།

དེ་ལས་མང་བ་། “མཐའ་མཇུག་གི་སྐྱེལ་མ་ཐེངས་གཅིག” »

སྙན་ངག

ཁོར་ཡུག་སྐྱ་བོ་འདིའི་ཟུར་ཞིག

Posted on 2015-02-162015-02-16 By ཁ་བརྡ 1 Comment on ཁོར་ཡུག་སྐྱ་བོ་འདིའི་ཟུར་ཞིག

ཆང་སྐྱེས།

 
ལ་ལ་སྒོར་གྱིས་ཉོས་པའི་ཁྲི་ཐོག་ན་འགྱིངས་ནས།།
འཇོན་ཐང་མེད་ཀྱང་ནུས་པ་ཡོད་མདོག་ཅིག་བསྟན་ཏེ།།
ཁ་ཞེ་མི་མཐུན་རྙོག་གཏམ་བཙན་པོ་རེ་གསུང་བཞིན།།
རང་ཉིད་བདག་གཞན་གཉིས་ཀྱི་བདག་པོ་རུ་བསམ་འདུག །

ལ་ལ་ཙི་ནའི་གྲོང་ལ་རྫུ་འཕྲུལ་གྱིས་འཕུར་ཏེ།།
དད་ལྡན་རྒྱ་མོ་མང་པོའི་འཛུམ་མདངས་ལ་ཆགས་ནས།།

དེ་ལས་མང་བ་། “ཁོར་ཡུག་སྐྱ་བོ་འདིའི་ཟུར་ཞིག” »

སྙན་ངག

ལོ་གསར་སྔོན་གྱི་ལེའུ་འགའ།

Posted on 2015-02-162015-02-16 By ཁ་བརྡ No Comments on ལོ་གསར་སྔོན་གྱི་ལེའུ་འགའ།

རྨ་དུང་ཟླ།

 
ལེའུ་དང་པོ།
མི་རིགས་ཀྱི་མཛེས་སྡུག་རླུང་གིས་ཁུར་སོང་
ཤུལ་དུ་ལྷག་ཡོད་པ་ཁྱོད་དང་ང་ཙམ་
ཁྱེད་ལ་བཙས་ཁུངས་མི་འདུག
ང་ལའང་རུས་ཁུངས་མི་འདུག

རྩྭ་ཐང་གི་ངོ་གདོང་ལྗུང་ཁུ་ཡིན་རབས་ཤིག
འཚོ་ཐབས་ཀྱི་མ་གཞི་ཞིང་འབྲོག་ཡིན་ཚུལ་ཞིག

དེ་ལས་མང་བ་། “ལོ་གསར་སྔོན་གྱི་ལེའུ་འགའ།” »

སྙན་ངག

སྐད་ཆ་ལ་མིག་ཆུས་ཁྲུས་གསོལ་ཚུལ་དེས།

Posted on 2015-02-162015-02-16 By ཁ་བརྡ No Comments on སྐད་ཆ་ལ་མིག་ཆུས་ཁྲུས་གསོལ་ཚུལ་དེས།

མགལ་དུམ།

unnamed-9སྐད་ཆ་དག་སྙིགས་མའི་སྣོད་ཁ་རུ་མ་རྫོངས་ཤིག
ཚོར་བའི་འོ་སྦྲིས་མཐུག་པའི་སྙིང་གཏམ་དང་།
བུ་རམ་གྱི་རོ་བཅུད་མངའ་བའི་འདུ་ཤེས་ཚོ།
གློ་བུར་ཁོ་ན་ལས་བཙས་བ་མ་ཡིན་ཕྱིར།
སང་ཉིན་གྱི་ལྟོགས་སྐོམ་ཡོད་ཚད་རོ་དེ་ཉིད་ཀྱིས་སེལ་ངེས་བ་ཡིན།

མི་སེམས་ལ་ལྐུགས་ཉམས་ཀྱིས་རྣོ་གྲི་དབལ་ཚུལ་དེས།

དེ་ལས་མང་བ་། “སྐད་ཆ་ལ་མིག་ཆུས་ཁྲུས་གསོལ་ཚུལ་དེས།” »

སྙན་ངག

ནང་ཆོས་འཛིན་པར་ང་ཚོར་འདི་ལྟར་དགོས།།

Posted on 2015-02-162015-02-16 By ཁ་བརྡ 2 Comments on ནང་ཆོས་འཛིན་པར་ང་ཚོར་འདི་ལྟར་དགོས།།

ཨེ་མ་ཧོ།

 
ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།
བྱམས་དང་སྙིང་རྗེ་ཆེན་པོས་རྩོད་ལྡན་ཞིང་།།
སངས་རྒྱས་བསྟན་པ་སྤེལ་བའི་སྤྲུལ་བའི་སྐུ།
ཕན་དང་བདེ་བའི་འབྱུང་ནས་རྒྱལ་བ་མཆོག།།
ཀུན་མཁྱེན་ཐུབ་པའི་དབང་པོས་དུས་ཀུན་སྐྱོངས།།
འཛམ་གླིང་གོ་ལ་ཟླུམ་པོའི་ཡངས་སྟེང་ན།།
སངས་རྒྱས་བསྟན་པ་ཡུན་རིང་གནས་པའི་ཐབས།།

དེ་ལས་མང་བ་། “ནང་ཆོས་འཛིན་པར་ང་ཚོར་འདི་ལྟར་དགོས།།” »

སྣ་ཚོགས།

བརྩེ་དུང་གི་ཉིན་མོ།

Posted on 2015-02-162015-02-16 By ཕུན་ཚོགས་ཚེ་རིང་ No Comments on བརྩེ་དུང་གི་ཉིན་མོ།

འདུས་བྱུང་ཕུན་ཚོགས་ཚེ་རིང་།

Valentine´s Dayགནའ་སྔ་མོ་སྔ་མོ་ཞིག་ལ།
རྒྱང་རིང་རྒྱང་རིང་ནས།
བརྩེ་དུང་ཁྱེད་ལ་ཡང་ཡང་ཕྱོགས།

སེམས་ལྡན་ཞིག་ཡིན་ཕྱིན།
ཁྱེད་ལ་དགའ་མ་མྱོང་མཁན་མེད་ལ།
ཁྱེད་ལ་ཞེན་ཆགས་མ་མྱོང་མཁན་ཞིག་དེ་བས་མེད།

དེ་རིང་ནི་ཁྱེད་དང་སླར་ཡང་འགྲོགས་པའི་ཉིན་མོ་དེ་ཡིན་ལ།

དེ་ལས་མང་བ་། “བརྩེ་དུང་གི་ཉིན་མོ།” »

སྙན་ངག

ཁྭ་ཏའི་སྐད་དེས་སེམས་པ་རླབས་བཞིན་སྐྱོམ།

Posted on 2015-02-162015-02-16 By ཁ་བརྡ 8 Comments on ཁྭ་ཏའི་སྐད་དེས་སེམས་པ་རླབས་བཞིན་སྐྱོམ།

ཐེ་བོ་སངས་རྒྱས།

tumblr_n43r8joRpB1r4p4ago1_500འདི་ཟླའི་ཕྱི་ཚེས་བཅུ་གསུམ་ཞོགས་ཀ་ཆུ་ཚོད་དགུ་བའི་གསོལ་ཇའི་བར་གསེང་ལ་དྲ་ལམ་གྱི་གཏམ་མགོ་རྔ་མེད་པ་ཞིག་ངའི་རྣ་བར་འཛུལ་བྱུང་། “ལྡི་ལི་མན་ཇུག་ཏྲི་ལ་ནས་ཨ་མདོའི་གྲྭ་བ་ཞིག་དང་སྐྱ་བོ་ཞིག་དམར་གསོད་བཏང་འདུག་”ཟེར་བ་དེ་རེད། དེ་ཤེས་འདོད་ཀྱིས་སྡོད་མ་ཚུགས་པས་ལམ་སེང་གྲོགས་པོའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་“ལྡི་ལིར་མྱི་གསོད་རྟ་འདེད་བྱས་ཡོད་པ་ཨེ་གོ་”

དེ་ལས་མང་བ་། “ཁྭ་ཏའི་སྐད་དེས་སེམས་པ་རླབས་བཞིན་སྐྱོམ།” »

དྲན་ཐོ།

Posts pagination

Previous 1 … 302 303 304 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme