ཁྲོ་གཏུམ།
ས་སྲོད་ཀྱིས་ང་རང་མ་སྒུལ
སྒུལ་བ་ཐ་དག་གི་ཀློང་ནས་ཐར་བའི
ང་རང་སྔར་བཞིན་མི་ཡུལ་དུ་ཡོད
བོད་པའི་འདུ་ཤེས་ཀྱི་ཀློང་ནས་ཐར་བའི
མི་ཡུལ་སྔར་བཞིན་ཁྱོད་རང་དང་ང་ཡིན
ཁྲོ་གཏུམ།
ས་སྲོད་ཀྱིས་ང་རང་མ་སྒུལ
སྒུལ་བ་ཐ་དག་གི་ཀློང་ནས་ཐར་བའི
ང་རང་སྔར་བཞིན་མི་ཡུལ་དུ་ཡོད
བོད་པའི་འདུ་ཤེས་ཀྱི་ཀློང་ནས་ཐར་བའི
མི་ཡུལ་སྔར་བཞིན་ཁྱོད་རང་དང་ང་ཡིན
དཔལ་དགྱེས་རྡོ་རྗེ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀ་མད་སུམ་ཅུའི་སྲོག་རྩ་མི་གཅོད་ཞིང་།།
ཁ་ཁོག་མཉམ་པས་སྤྱི་དོན་ལས་རིགས་ཀུན།།
ག་ལེར་དཔྱོད་ནས་གངས་ཅན་བསྟན་སྲིད་ཕྱིར།།
ང་ཚོས་སོ་སོས་ངོས་ནས་སྒྲུབ་པར་དགོས།།
ཅ་ཅོའི་འུར་སྒྲོག་དབང་དུ་མ་སོང་བར།།
ཆ་ཡོད་རྒྱུ་མཚན་རྣམ་དག་ལེགས་ཤེས་ནས།།
བྱ་མདོ་སྐལ་རྒྱམ།
བདེ་མོ་བྱོས ལྷིང་འཇགས་ཀྱི་མཚོ་ཁུགས
ཁ་སང་ང་འདིར་སླེབས་དུས
ང་ལ་རང་གིས་མི་ཐེག་པའི་ཁུར་བོ་ལྕི་མོ་ཞིག་ཡོད
ཁྱོད་ཀྱི་དག་གཙང་དང ཁྱོད་ཀྱི་ལྷད་མེད་དེས
ང་ལ་སེམས་གསོ་དང་གུ་ཡངས་གྲངས་མེད་གནང་བས
སོག་མདའ།
གངས་དཀར་བོས་བསྐོར་བའི་བོད་ཀྱི་ཡུལ།།
སྨད་མདོ་སྨད་གླིང་ས་ཤར་ཁོག་ནས།།
དུས་དེ་རིང་ད་གི་དུས་ཚོད་ལ།།
དྲིན་ཕ་ལོ་ཞིག་གིས་བསང་ཞིག་ཕུད།།
དྲིན་མ་ལོ་ཞིག་གིས་མཆོད་ཅིག་འཕངས།།
བུ་སྐྱེས་པའི་རྟེན་འབྲེལ་དེ་ནས་འགྲིག །
དེ་ལས་མང་བ་། “རྒན་མཁར་རྨེའུ་བསམ་གཏན་གྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།” »
ཨེ་མ་ཧོ།
པདྨའི་རྣམ་སྤྲུལ་པདྨའི་རྒྱལ་ཚབ་མཆོག།པདྨ་ཀ་རའི་བསྟན་པ་སྤེལ་བའི་མགོན།། པདྨའི་དགའ་ཚལ་བསྐྲུན་མཛད་ཞི་བདེའི་དཔལ།།པདྨ་གཏུམ་དྲག་རོལ་བའི་རྡོ་རྗེར་འདུད།།དེ་ཡང་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་འབྱུང་འགྱུར་ལུང་བསྟན་བཀའ་རྒྱ་མ་ལས།། མདོ་ཁམས་སྟོད་ནས་པདྨའི་མིང་ཅན་གྱིས༔སྔར་མེད་གནས་སུ་རྟེན་བཞེངས་འགྲོ་བ་འདྲེན༔ པདྨའི་རྣམ་སྤྲུལ་སྐུ་གསུམ་གླིང་གར༔འབྲེལ་ཚད་དཔལ་རིའི་ཞིང་དུ་འདྲེན་པ་འབྱུང༔
རྒྱང་མིག་གིས་འོས་འདོན་ཞུས།
གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་བོད་རྒྱལ་ལོ་༢༡༤༢ ཤིང་ལུག་ལོ་གསར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག རང་རེ་བོད་རིགས་ཡོངས་ཀྱི་དཔྲལ་བའི་མིག་དང་། ཁོང་བའི་སྙིང་གཅིག་བུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་སྟོན་པ་ཏཱ་ལའི་བླ་མ་མཆོག་གང་ཉིད། ཕྱི་ལོ་༢༠༡༥ ནང་གི་རིས་མེད་འཛམ་གླིང་མི་མང་གིས་ཆེས་དགའ་མོས་བྱ་ཡུལ་རླབས་ཆེན་སྐྱེ་བོ་བརྒྱའི་ཁྲོད་ཀྱི་ཨང་དང་པོར་བདམས་ཐོན་བྱུང་འདུག་པའི་གཏམ་བཟང་ཞིག་གང་སར་ཁྱབ་ཀྱིན་པའི་གནས་ཚུལ་འདི་ལེགས་སྐྱེས་སུ་ཕུལ་བ་ཡིན།
དེ་ལས་མང་བ་། “བོད་རྒྱལ་ལོ་༢༡༤༢ ཤིང་ལུག་ལོ་གསར་སྐབས་ཀྱི་གཏམ་བཟང་།” »
དཔལ་གློ་བོ་རྒྱལ་གྱིས་སྒྲ་ཕབ་བྱས།
༼༧སྐྱབས་མགོན་༧གོང་མ་རིན་པོ་ཆེས་བོད་རྒྱལ་ལོ་༢༡༤༢ ལོ་གསར་ལ་བསྩལ་བའི་གསུང་ཕྲིན།༽
བོད་ཕྱི་ནང་གཉིས་ལ་ཞུགས་ཡོད་པའི་ང་རང་ཚོའི་བླ་ཆེན་རྣམ་པ། མཁན་པོ་བླ་སྤྲུལ། དགེ་འདུན་འདུས་པ་རྒྱ་མཚོ། དེ་བཞིན་དད་སྦྱིན་ཁྱིམ་པ་ཕོ་མོ་རྣམས་ལ་ཞུ་ཡ་ལ།
བོད་ཤིང་ལུག་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ལ་མཛའ་ཞིང་བརྩེ་བས་མཚམས་འདྲི་དང་འབྲེལ་བའི་ཐོག་ནས་ཚང་མ་(ལོར་)ལ་བཀྲ་ཤིས་བདེ་ལེགས་ཞུ་(ཡེ)བའི་ཡོད།
དེ་ལས་མང་བ་། “ས་སྐྱ་༧གོང་མ་རིན་པོ་ཆེས་ལོ་གསར་ལ་བསྩལ་བའི་གསུང་ཕྲིན།” »
རྔ་བ་གངས་རི།
མ་གཞི་གླེང་རིན་མེད་པ་ཞིག་གླེང་བསྡད་པ་ཡིན་ན་རང་ཉིད་ཀྱང་གཞན་གྱི་འཕྱ་སྨོད་བྱེད་ཡུལ་ཙམ་ལས་རྒྱུ་མཚན་ཅི་ཡང་མེད་ནའང་། ཕུགས་བསམ་དང་རྟོག་དཔྱོད་དབེན་པའི་རང་རེའི་གསར་བུ་རྐྱལ་སྟོང་རེ་ཟུང་གིས་ཚོར་བ་དང་དྲན་སྣང་ཙམ་གྱིས་སོར་མཛུབ་འཛུགས་སའི་དམིགས་ཡུལ་ནོར་ཏེ་རང་གི་མི་རིགས་ཀྱི་མི་གཞི་ལ་དམའ་འབེབས་བྱེད་པ་སོགས་ནི་ཏག་ཏག་དེང་གི་རྒྱ་ནག་གི་ཕུགས་འདུན་དང་དམིགས་ཡུལ་ལ་རམ་འདེགས་བྱེད་པ་ལྟ་བུར་གྱུར་ཡོད་པས་ངས་ཁ་ཞིག་གྲགས་ཁུལ་ཡིན།
ཨེ་མ་ཧོ།
ན་མོ་གུ་རུ་བྷྱཿ
བོད་ལ་བརྩེ་བའི་གདམས་པ་ཞིག།
སྙིང་གིས་དཀྱིལ་ནས་དྲན་པ་དག།
སྦས་གསང་མེད་པས་ཡོངས་ལ་གདམས།།
བསྟན་སྲིད་རྒུད་པ་སེལ་ནུས་ཤོག།
ཀླུ་སྨྱོན།
སྒྲུང་ཐུང་ཡིག་བརྒྱ་མ།
མདང་ནུབ་ཀྱི་ཁ་བས་རྡོ་ལ་རྡར་གྱི་རི་བརྒྱུད་ཧྲིལ་བོར་གངས་དཀར་གྱི་ན་བཟའ་བཀླུབས་འདུག སྒྲུང་དེབ་མཐུག་པོ་ཞིག་སིལ་བུར་གཏུབས་ནས་ནམ་མཁར་གཏོར་བ་དང་འདྲ་བའི་སྨུག་སྤྲིན་མཐུག་པོ་ཞིག་རི་རྩེ་ནས་ལྷོ་ཕྱོགས་སུ་སྐྱོད་བཞིན་ཡོད། ཁོས་གདོང་ཤིང་ནགས་མཐུག་པོའི་ཕྱོགས་སུ་འཁོར་ནས་གཅིན་པ་གཏོང་བཞིན་འདུག གཡས་ཕྱོགས་ཀྱི་ལྕགས་ཤོག་ཁང་པ་ནས་བེད་སྤྱོད་བཏང་ཟིན་པའི་སྦྲུམ་འགོག་འགྱིག་ཤུབ་ཀྱི་དྲི་མ་སྐྱུར་བོ་ཞིག་སྣ་ལམ་དུ་བར་མེད་འཐུལ་ཡོང་།
དོལ་སྨྱོན།
ཁྱོད་ཀྱིས་བརྗོད་ན་བརྩེ་དུང་ནི་བདེ་སྐྱིད་ཀྱི་ངོ་བོ་ཡིན་ཟེར།
ཁོང་གིས་བཤད་ན་བརྩེ་དུང་ནི་སྡུག་བསྔལ་གྱི་རྨང་གཞི་རེད་ཟེར།
བདག་གིས་བསམ་ན་བརྩེ་དུང་ནི་མངོན་ལྐོག་མེད་པའི་ཡིད་ཆེས་བྱེད་སྟངས་ཤིག་གོ།།
གཞན་དེས་བརྗོད་ན་བརྩེ་དུང་ནི་ཆེས་དྭངས་གཙང་གི་མེ་ཏོག་ཆ་གཅིག་ཡིན་ཟེར།
ཁོང་གིས་བཤད་ན་བརྩེ་དུང་ནི་སྒོར་མོས་ཉོ་ཆོག་པའི་ཁྲོམ་རྭའི་འཚོང་རྫས་ཤིག་རེད་ཟེར།
ཁྲི་སྤྲེལ་སླག་ཅན།
ལུས་དང་ལུས་ཀྱི་བར་ཐག་རིང་ན་ཡང་།།
ཁ་པར་ཁ་ནས་བརྡ་འཕྲིན་ཆད་མྱོང་མེད།།
སེམས་དང་སེམས་པའི་བརྩེ་བ་མཚོན་བྱེད་དུ།།
རྟེན་འབྲེལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ།།
ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པདྨ་ཀ་ར།།
རིགས་ཀྱི་ཁྱབ་བདག་ཐོབ་པའི་སྐལ་བཟང་ཀུན་གྱིས།།
རིག་འཛིན་བརྒྱུད་གསུམ་བླ་མའི་ཐུགས་དམ་མཛོད་དང་།།
ཚེ་སྲོག་སྙིང་པོ་བླངས་པའི་དགོངས་པ་འགྲུབ་འདུག།
རྡོ་རྗེ་རིན་ཆེན།
སྔོན་མ་རྗེའུ་ཤུ་མི་རིགས་ཀྱིས་ཉིན་རེའི་ཞོགས་ཟས་མ་ཟོས་སྔོན་དུ། ནང་མི་ཚང་མ་མཉམ་མཛོམས་ཀྱིས། རྒྱལ་ཁབ་ཤོར་བ་དང་དགྲ་བོ་ལ་དྲན་གསོ་གནང་རྗེས། ཞོགས་ཟས་ཟ་བའི་ལོ་རྒྱུས་ཡོད། ང་ཚོས་དེ་འདྲ་བྱེད་མ་ཐུབ་རུང་། བོད་མི་ཚང་མས་ལོ་གསར་བའི་ནང་རྗེའུ་ཤུའི་མི་རིགས་བཞིན། ལོ་གསར་ཚེས་གཅིག་གི་ཟས་མཆོག་ལ་མ་རོལ་སྔོན་དུ། རང་གི་རྒྱལ་ཁབ་ཀྱི་ཆགས་འཇིག་དང་མི་རིགས་ཀྱི་ལས་དབང་། དགྲ་བོའི་གཉའ་གནོན་སོགས་ལ་དྲན་གསོ་གནང་རྗེས། ལོ་གསར་བ་བསུ་རོགས།
བྱ་མདོ་སྐལ་རྒྱམ།
དོ་ནུབ ང་རྒྱ་མཚོར་ཕྱོགས་པའི་མགྲོན་ཁང་གི་སྒེའུ་ཁུང་འགྲམ་དུ་ལངས་ནས
ཁྱོད་རང་དྲན་གྱིན་ཡོད ཕ་ཡུལ
མི་ཚེའི་ལོ་རྒྱུས་ཀྱིས་རྒྱབ་ཏུ་བསྐྱུར་བའི་ལོ་ཟླའི་སྨུག་ཀློང་གི་ཁྲོད་ན
ཁྱོད་ཉིད་ནམ་རྒྱུན་ངས་སྙན་ངག་བཞིན་གྱེར་གྱིན་ཡོད
ཁྱོད་དང་གྱེས་པའི་དུས་ནས་བཟུང་ད་ལྟའི་བར་དུ
ཐེ་བོ་སངས་རྒྱས།
འཛམ་གླིང་འདིར་འགྲོ་བ་མིའི་ལོ་རྒྱུས་རིག་པ་མ་དར་བའི་ཡར་སྔོན་གྱི་དྲན་རྟེན་དུ་བརྩི་བའི་གནའ་ཤུལ་གྲགས་ཅན། དབྱིན་སྐད་དུ་ Stone henge, སི་ཐྲོན་ཧེན་ཇེས་ཞེས་འབོད་པ་དེའི་བརྙན་པར་ཐེངས་དང་པོ་ངས་ག་ཤེད་ཅིག་ནས་མཐོང་བ་བཤད་རྒྱུ་མི་འདུག་མོད། ལས་ཁུངས་ག་གེ་མོའི་གློག་ཀླད་ལྟག་རིང་མའི་སྒེའུ་ཁུང་ངོས་སུ་བརྙན་པར་དེ་བཞག་ཡོད་པ་མཐོང་མྱོང་། སྐབས་དེར་ངས་དེའི་སྐོར་དོ་སྣང་མ་བྱུང་བས་དེ་ཡུལ་གང་ན་ཡོད་པའམ་མིང་ལ་གང་ཟེར་སོགས་ཤེས་ཀྱི་མེད།
མར་མེ།
གངས་ལྗོངས་འཛིན་མའི་ཁྱོན་དེར་འཆར་བ་ཡི།།
ཉི་གཞོན་གསར་བའི་དུས་ཀྱི་དགའ་སྟོན་ལ།།
དྲིན་ཅན་དགེ་བའི་བཤེས་དང་ཨ་ཕས་མཚོན།།
མདོང་དམར་སྤུན་ཟླ་ཡོངས་ལ་འཚམ་འདྲི་ཞུ།།
དགའ་ཉག་འཁྱམ་པོ།
སྐྱིད་མ་སྡུག་གི་རྟ་ཡི་ལོ་དེ་བུད་ནས་སོང་།།
རེ་བའི་ཁྲོད་ཀྱི་ལུག་གི་ལོ་དེ་འཛུམ་ནས་བྱུང་།།
འཆར་སྣང་མང་བའི་འཆར་གཞི་དེ་ཚོ་ཚེས་ནས་ཐལ།།
བཀྲ་ཤིས་བདེ་ལེགས་ཤིས་ཚིག་དེ་ཡང་ངག་ནས་ཤོར།།
འཇིགས་མེད་ནུབ་པ།
འདྲ་པར་འདི་ངེད་ཀྱི་ལག་ཏུ་ལོ་གཅིག་གི་གོང་ཙམ་ལ་འབྱོར། འདྲ་པར་འདི་ག་དུས་བླངས་བ་ངས་སེམས་སུ་གསལ་བོ་ཞིག་མི་དྲན་མོད་། ཚོད་དཔག་བྱས་ན་ཕྱི་ལོ་༡༩༨༥ལོའི་གཡས་གཡོན་ཞིག་རེད་དྲན། རྒྱུ་མཚན། འདྲ་པར་འདི་ལེན་དུས་ང་ཕལ་ཆེར་ལོ་ན་གསུམ་ལ་སོན་ཙམ་ཡིན་པ་འདྲ། ད་དུང་། འདྲ་པར་འདི་ལེན་དུས་ང་ཚོར་གྱོན་གོས་གསར་བ་རེ་གཡོགས་ཡོད་པར་བལྟས་ན། ཕལ་ཆེར་ལོ་གསར་གྱི་སྔ་ཕྱི་ཞིག་ལ་འཁེལ་ཡོད་པ་འདྲ།
འདྲེ་གླེན་པ།
ཕ་ཡུལ་དང་ཁ་བྲལ་ནས་ཏག་ཏག་མི་ལོ་ལྔ་འདས་སོང་། ལོ་སར་སླེབས་ཐེངས་རེར་ཕ་ཡུལ་ཧ་ཅང་དྲན། ཕ་ཡུལ་དྲན་པ་དང་ཏག་ཏག་ལོ་སར་ནི་ཕ་ཡུལ་གྱི་ཁ་དོག་དྲི་མ་ཉམས་པ་ཞིག་ཡིན་པའི་སྣང་བ་སྐྱེས།
རྒྱུ་མཚན། ངའི་ཕ་ཡུལ་ནི་ཞིང་ས་ལག་མཐུལ་ཙམ་ཡང་མེད་པའི་འབྲོག་སྡེ་མཚན་ཉིད་པ་ཞིག་ཡིན་པས། ནམ་རྒྱུན་སྣ་ལམ་དུ་བྲོ་བ་ནི་འོ་དྲི་དང་ཞོ་དྲི། མར་དྲི། རྩམ་དྲི། ལྕི་དྲི། ཚིལ་དྲི། ཤ་དྲི་སོགས་ཡིན།