Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

Posted on 2024-11-26 By ཁ་བརྡ་ No Comments on

<< རྗེས་དྲན་དང་མྱ་ངན་གྱི་དྲན་ཚོར། >>                     — ཨ་མའི་བུ་བསྟན་འཛིན་ཚེ་རིང་།…

དེ་ལས་མང་བ་། “” »

དྲན་ཐོ།, བསམ་ཚུལ།, རྩོམ་རིག, སྙན་ངག

ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་བ་མ་རེད་དམ།

Posted on 2024-11-132024-11-13 By ཁ་བརྡ་ 5 Comments on ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་བ་མ་རེད་དམ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བོད་ལ་བཙན་འཛུལ་གྱིས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་། ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་མ་ཐག་མ་འོངས་རང་ཡུལ་རང་བདག་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་གནས་སྟངས་ཐོག་སྐབས་དེའི་ཕྱི་འབྲེལ་བཀའ་བློན་སྐུ་ངོ་ཞ་སྒབ་པ་དབང་ཕྱུགས་བདེ་ལྡན་མཆོག་དང་ཕྱག་རོགས་སུ་སྐུ་ངོ་རྒྱལ་ལོ་དོན་སྒྲུབ་མཆོག་དང་། སྐུ་ངོ་ས་འདུ་ཚང་རིན་ཆེན་མཆོག་བཅས་ནས་ཞུ་སྙན་རིམ་ཕུལ་ལ་སྤྱི་ལོ་ ༡༩༥༩ /༡༩༦༣/༡༩༦༥ བཅས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་དང་འབྲེལ་བའི་ཐོག་གྲོས་ཆོད་བཞག་ཡོད་ན་ཡང་མུ་མཐུད་ནས་ང་ཚོའི་འཇུག་སྐྱོང་མ་ཐུབ་པའི་འགན་དེ་ང་ཚོ་བོད་མི་རང་ཉིད་ལ་ཡོད་པ་ལས་གཞན་སུ་གཅིག་ལ་ངན་ཁག་གཡོགས་ས་མེད་པ་དང་། ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞུང་འབྲེལ་གྱིས་གཞིས་སྤོའི་ལས་འཆར་འོག་ནས་ཨ་རིར་གནས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་ཡུལ་བོད་མིར་བདག་ཐོབ་ཡོང་བའི་རེ་བ་ལ་བར་ཆད་བཏང་བ་ཙམ་མ་ཟད་བོད་མི་རིགས་དང་བོད་པའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་མ་འོངས་འཚོ་གནས་ཐུབ་མིན་ལ་བསམ་ཞིབ་ནན་པོ་གཏོང་དགོས་པའི་དུས་ལ་བབ་མི་འདུག་གམ། གཞུང་འབྲེལ་གྱི་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་བོད་མི་ཁྱིམ་ཚང་སྒེར་གྱི་འཚོ་བ་ལ་གཟེངས་སུ་ཐོན་པའི་ཕན་ཐོག་ཆེན་པོ་བྱུང་ཡོད་ན་ཡང་ང་ཚོའི་དམིགས་ཡུལ་ངོ་མ་བོད་ཡུལ་བོད་མིར་བདག་ཐོབ་ཡོང་བའི་ཆེད་བཙན་བྱོལ་དུ་ཡོང་བ་ལས་དཔལ་འདུར་འདུ་འགོད་ཆེད་མི་ཡུལ་དུ་ཡོང་མེད་པ་ནས་ད་ལྟའི་ཆ་ལ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་དང་སྲ་བརྟན་ཐུབ་པའི་ལས་འཆར་ལ་དོ་ཕོག་ཆེན་པོ་བཟོས་མེད་དམ་བསམ་པའི་རི་བོང་གནམ་སྡིབས་ཀྱི་སེམས་ཁྲལ་དེ་ང་ཙམ་མིན་པ་བོད་མི་མང་པོ་ཞིག་ལ་ཡོད་པ་ངས་ཤེས་ཐུབ་པ་ནི་ལོ་གཞོན་ཚོ་ལོ་རེ་ནས་ལོ་རེ་བཞིན་ཕྱི་རྒྱལ་ལ་ཁ་ཕྱོགས་མཁན་གྱི་གྲངས་ཚད་དེ་ཉུང་ཉུང་མིན་པ་དང་། ལོ་རྒན་པོ་ཚོ་ལོ་ནའི་བབས་ཀྱི་ཞིང་ལས་དང་བ་ཕྱུགས་གསོ་སྐྱོང་ཐུབ་པའི་ཤུགས་ལས་ཀྱིས་ནུས་པ་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་ཚད་དེ་བརྒྱ་ཆ་གཅིག་ཙམ་ལས་མེད་པ་ནས་ང་ཚོའི་ཐོག་མའི་དམིགས་ཡུལ་བོད་དོན་བདེན་མཐའ་སེལ་རྒྱུ་ཕར་བཞག་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཡང་རྒྱུན་གནས་དང་སྲ་བརྟན་ཐུབ་མིན་གྱི་ས་མཚམས་དུ་སླེབས་པ་འདི་ཡང་དྲང་པོར་བཤད་ན་ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་དེའི་འཇུག་འབྲས་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་ག་ནས་ཡོད། གཞུང་པས།…

དེ་ལས་མང་བ་། “ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་བ་མ་རེད་དམ།” »

བསམ་ཚུལ།

བོད་ཡུལ་སྟོད་སྨད་བར་གསུམ་ནས་བལ་བོའི་མཐིལ་དུ་རྒྱ་སྒོར་སྣབས་ལུད་གཡུག་གཡུག་རེད་བཞག

Posted on 2024-11-122024-11-13 By ཁ་བརྡ་ 3 Comments on བོད་ཡུལ་སྟོད་སྨད་བར་གསུམ་ནས་བལ་བོའི་མཐིལ་དུ་རྒྱ་སྒོར་སྣབས་ལུད་གཡུག་གཡུག་རེད་བཞག

མགར་རྡོར། ༡ རྩོམ་ཡིག་འདིའི་དབུ། རྩོམ་མཁན་རང་དང་རང་ཉིད་སྡོད་སའི་གནས་ངོ་སྤྲོད་མདོར་སྡུས་ཤིག་ནས་བརྩམ་རྒྱུ་ཡིན། བདག་ནི་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐི་མན་ཀྲོས་སུ་རྒྱུན་སྡོད་བྱས་ནས་ལོ་མང་ཕྱིན་སོང་། དེང་གི་རྒྱལ་ས་ཀཱ་ཐི་མན་ཀྲོས་ནི་སྔོན་ཆད་བོད་སྐད་དུ་བལ་ཡུལ་མཐུལ་ཟེར་བ་དེ་རེད། མི་འབོར་ས་ཡ་ལྔ་ཙམ་ཡོད་པའི་བལ་བོའི་གྲོང་ཁྱེར་ཆེ་ཤོས་དེ་ཡིན། ཆོས་ལུགས་དང་རིག་གནས་སྣ་མང་ཅན། མི་རིགས་སྣ་ཚོགས་འདུས་སྡོད་བྱས་པའི་གྲོང་ཁྱེར་སྣ་འཛོམས་ཤིག་རེད། བལ་བོ་སྤྱིའི་མི་རིགས་རྣམས་རྩ་བའི་ཆ་ནས་རྒྱ་གར་ཨར་ཡན་པའི་རིགས་དང་བོད་ཕྱོགས་ཧི་མ་ལ་ཡའི་རིགས་གཉིས་ལས་མ་འདས། རྒྱལ་ས་འདིའི་ཕྱོགས་བཞི་ནགས་རི་མཐོ་དམན་འབྲིང་ཙམ་གྱིས་ཡོངས་སུ་བསྐོར་ཡོད། གནམ་གཤིས་ཧ་ཅིང་ལེགས། དབྱར་དགུན་གཉིས་ལ་དྲོད་གྲང་གིས་ཁྱད་པར་ཆེན་པོ་མེད། དུས་བཞིར་སྔོ་ལྗང་གིས་གང་སར་ཁྱབ་ཡོད། ཕྱོགས་བཞིའི་ཡུལ་སྐོར་སྤྲོ་འཆམ་པ་དག་ནམ་རྒྱུན་འཚང་ཁ་ཤིག་ཤིག་ཡིན་ནོ།།…

དེ་ལས་མང་བ་། “བོད་ཡུལ་སྟོད་སྨད་བར་གསུམ་ནས་བལ་བོའི་མཐིལ་དུ་རྒྱ་སྒོར་སྣབས་ལུད་གཡུག་གཡུག་རེད་བཞག” »

རྩོམ་རིག

ཨོ་གླིང་དུ་ལེའུ་བདུན་འབུམ་ཚོགས་ཐེངས་གཉིས་པ་ལེགས་འགྲུབ་བྱུང་བ།

Posted on 2024-11-10 By ཁ་བརྡ་ 1 Comment on ཨོ་གླིང་དུ་ལེའུ་བདུན་འབུམ་ཚོགས་ཐེངས་གཉིས་པ་ལེགས་འགྲུབ་བྱུང་བ།

གནས་ཚུལ་གཏོང་མཁན། ཡེ་ཤེས་འཁོར་ལོའི་ཆོས་ཚོགས། དེ་ཡང་འཇམ་མགོན་མི་ཕམ་པས། སྙིགས་མའི་དུས་ངན་གྱི་མུན་པ་ཙི་ཙམ་རྔམ་འཐུག་པ་དེ་ཙམ་དུ་གུ་རུ་པདྨ་འབྱུང་ནས་ཀྱི་ཐུགས་རྗེ་དང་འཕྲིན་ལས་ཟླ་བའི་འོད་སྣང་ལྟར་ལྷག་ཏུ་གསལ་བར་གསུངས་པ་ལྟར། སྤྱིར་འཛམ་གླིང་གི་ནད་མུག་མཚོན་འཁྲུག་སོགས་དུས་ཀྱི་རྒུད་པ་ཞི་བ་དང་། ཁྱད་པར་ཁ་བ་གངས་ཅན་གྱི་ལྗོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་གསོག་པ་ལ་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་ལྷག་པར་གལ་ཆེ་བར་གསུངས་པ་དང་། དེ་ལས་ཀྱང་། རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་བྱོན། གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་ལེའུ་བདུན་མ་ནི་རྩ་གསུམ་རིག་འཛིན་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་དང་སྙིང་པོའི་སྲོག་ཡིན་པ་ལྟར་མ་ཟད། མངའ་བདག་གདུང་རྒྱུད་སྐྱོབ་པའི་ཟབ་གཏེར་དང་། བོད་ཁ་བ་ཅན་གྱི་སྤྱི་ཆོས་ལྟ་བུ་ཡིན་པས་ལྷག་ཏུ་གལ་ཆེ་བ་ཡིན་པ་ལྟར། དེང་འདིར་ཨོ་གླིང་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་ངོས་ནས་ཨོ་གླིང་སིད་ནིས་སུ་ཐེངས་གཉིས་པའི་གསོལ་འདེབས་ལེའུ་བདུན་མ་དང་འབྲེལ་བའི་གུ་རུའི་འབུམ་ཚོགས་དང་ལེའུ་བདུན་མའི་དབང་ཆེན་བཅས་འཚོགས་གནང་ཡོད། དེ་ཡང་འབུམ་ཚོགས་ཧྲིལ་པོར་ཉིན་གསུམ་དུ་འཚོགས་གནང་ཞིང་། ཉིན་དང་པོར་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཟུང་གི་ཐུགས་སྲས།…

དེ་ལས་མང་བ་། “ཨོ་གླིང་དུ་ལེའུ་བདུན་འབུམ་ཚོགས་ཐེངས་གཉིས་པ་ལེགས་འགྲུབ་བྱུང་བ།” »

གསར་འགྱུར།

ཕྱག་ན་པདྨོའི་ཐུགས་སྲས་ལ་མཆོད་པར་བརྗོད་པ་མ་ལི་ཀའི་ཕྲེང་བ།

Posted on 2024-11-052024-11-13 By ཁ་བརྡ་ 1 Comment on ཕྱག་ན་པདྨོའི་ཐུགས་སྲས་ལ་མཆོད་པར་བརྗོད་པ་མ་ལི་ཀའི་ཕྲེང་བ།

(༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དགུང་གྲངས་གྱ་ལྔ་ཕེབས་པའི་འཁྲུངས་སྐར་ལ་ཕུལ་བ།) ༡ མཚན་དཔེ་ཟླ་བའི་དཀྱིལ་འཁོར་རབ་རྫོགས་སྐུ།། ཚངས་དབྱངས་དྲུག་ཅུའི་བསིལ་ཟེར་འཕྲོ་བའི་གསུང་།། ཇི་སྙེད་མཁྱེན་པའི་ཟབ་བརླིང་རྒྱ་མཚོའི་ཐུགས།། འཇིག་རྟེན་མགོན་པོའི་སྐུ་གསུང་ཐུགས་ལ་འདུད།།   ༢ གནའ་དེང་མཁས་པའི་མཁྱེན་རྟོགས་གཅིག་སྤུངས་པ།། ལྔ་བརྒྱའི་དུས་འདིར་བློ་བཟང་བསྟན་འཛིན་དཔལ།། ཆོས་སྲིད་མཛད་འཕྲིན་ཉི་ཟླའི་གཟི་འོད་ཀྱིས།། གངས་ལྗོངས་བསྟན་སྲིད་རྒྱལ་བའི་རྒྱལ་མཚན་བསྒྲེངས།།   ༣ ས་སྟེང་རིགས་སྨྲའི་ཚོགས་རྣམས་དབང་བསྒྱུར་ཞིང་།།…

དེ་ལས་མང་བ་། “ཕྱག་ན་པདྨོའི་ཐུགས་སྲས་ལ་མཆོད་པར་བརྗོད་པ་མ་ལི་ཀའི་ཕྲེང་བ།” »

སྙན་ངག

དབུ་མའི་ལམ།  ད་ནི་ཁྱོད་ཀྱིས་ཁ་ཞིག་མི་གྲག་ག་མེད་རེད་འདུག

Posted on 2024-11-022024-11-13 By ཁ་བརྡ་ 3 Comments on དབུ་མའི་ལམ།  ད་ནི་ཁྱོད་ཀྱིས་ཁ་ཞིག་མི་གྲག་ག་མེད་རེད་འདུག

མགར་རྡོར། ༡ རྒྱ་གར་དང་ཕྱི་རྒྱལ་ཁག་སོགས་ཡུལ་ལུང་གཞན་དུ་གཞིས་བརྟན་པོ་ཆགས་པའི་བླ་བྲང་ཆེ་ཁག་ཁག་དང་། ཕྱུག་བདག མཐོ་རིམ་དཔོན་རིགས་ཁག གྲོང་མི་གཞིས་ཆགས་ཁག་སོགས་ལ་བོད་དོན་བདེན་མཐའ་སེལ་ནས་བོད་དུ་ལོག་འདོད་ཆེན་པོ་ཡོད་མེད་མི་ཤེས་མོད། མེད་ནའང་འགྲིག་གི་རེད། འོན་ཀྱང་བོད་མི་རིགས་ཀྱི་འཐབ་རྩོད་བྱ་འགུལ་དབུ་མའི་ལམ་འདི ཁ་འཕྲོའི་མི་སྣ་ཁ་ཤས་ཀྱིས་འཚོ་བ་བསྐྱལ་བྱེད། དཔལ་འབྱོར་གསོག་བྱེད། དུས་ཚོད་གཏོང་བྱེད་ཙམ་དང་། ཡང་ན་ཆོས་སྒྲུབ་བྱེད་དམ། སྟོང་ཉིད་རྟོག་བྱེད། བྱམས་སྙིང་སྒོམ་བྱེད་ཙམ་དུ་འགྱུར་བཞིན་པ་འདི་ནི་ཧ་ཅང་མ་རིག་པ་ཞིག་རེད། བདག་ནི་གསར་འབྱོར་བ་ཞིག་ཡིན་པས་ཕྱིར་བོད་དུ་ལོག་པར་བྲེལ་ཤ་དོད་པོ་ཅན་ཞིག་ཡིན།…

དེ་ལས་མང་བ་། “དབུ་མའི་ལམ།  ད་ནི་ཁྱོད་ཀྱིས་ཁ་ཞིག་མི་གྲག་ག་མེད་རེད་འདུག” »

ལྷུག་རྩོམ།

དྲ་རྒྱའི་དུས་རབས་དང་སྤྱི་ཚོགས་ཀྱི་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།

Posted on 2024-11-022024-11-13 By ཁ་བརྡ་ No Comments on དྲ་རྒྱའི་དུས་རབས་དང་སྤྱི་ཚོགས་ཀྱི་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ཚོགས་འཕེལ་རིམ་བརྒྱུད་ནས་ཡར་རྒྱས་ལ་ཁ་ཕྱོགས་ནས་འཛམ་གླིང་འདིར་སྔར་གོ་མ་མྱོང་བ་དང་མཐོང་མ་མྱོང་བའི་དངོས་པོའི་རིགས་འདྲ་མིན་གྱིས་མི་གི་འཚོ་བ་ལ་འགན་སྲུང་བྱེད་བཞིན་པ་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་འཚོ་བ་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་ཆེན་པོ་བྱས་ཡོད་ན་ཡང་དྲ་རྒྱའི་དུས་རབས་ལོངས་སུ་སྤྱོད་མི་ཤེས་པའི་མི་སྣ་ཁག་ནས་ཁ་དམག་ལ་འགན་འཁུར་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དང་མི་མང་གི་མཐུན་འབྲེལ་ལ་དོ་ཕོག་འགྲོ་བའི་བྱ་སྤྱོད་དྲ་སྟེང་དུ་སྤེལ་ནས་རང་མིང་གྲགས་ཐབས་ཙམ་ལས་དོན་དངོས་ལག་ལེན་དུ་སྤྱི་སྒེར་གཉིས་ལ་ཕན་རྒྱུ་གང་ཡང་མེད་པ་མ་ཟད་སྤྱི་ཚོགས་ནང་རང་ཉིད་ཕོ་རོག་དཀར་པོ་ཟུར་དུ་འཐོན་ནས་མི་གཞན་གྱི་ཀུན་སྤྱོད་ལ་རྐྱོན་འཛུགས་དང་ཟུར་ཟ་བྱེད་པ་དང་ལྷག་པར་མཐོ་རིམ་མི་སྣ་ཁག་ལ་མ་ཉེས་ཁ་གཡོགས་རྫུན་བཟོའི་དཀྲོགས་གཏམ་སྤྱི་ཚོགས་ནང་སྤེལ་རྒྱུ་སོགས་ནི་སྔ་མོ་བོད་ཀྱི་གཏམ་དཔེ་ལ་ཡོད་པ་བཞིན་རང་གི་བྱས་ན་མ་འཇོན་མི་གི་བྱས་ན་མིག་ཚ་ཟེར་བའི་དཔེ་ལྟར་ཉོན་མོངས་དུག་གསུམ་གྱི་བཟི་བའི་མངོན་རྟགས་སྤྱི་ཚོགས་ནང་གསལ་སྟོན་བྱེད་བཞིན་པ་འདི་དག་ནི་གཉེན་བྱམས་པས་མཐོང་ན་ངུ་བྲོ། ལྡང་དགྲ་བོའི་མཐོང་ན་ཡིད་ཚིམ་ཟེར་བའི་དཔེ་ལྟར་མ་རེད་དམ། དྲ་རྒྱ་བེད་སྤྱོད་ཚུལ་དང་མཐུན་པ་གནང་ཐུབ་ན་དྲ་རྒྱའི་ནི་ཤེས་བྱའི་བང་མཛོད་རེད་ལ་དྲ་རྒྱ་ནི་མ་ཤེས་མ་རིག་རྨོངས་པ་སེལ་བའི་ལྡེའུ་མིག་ཡང་རེད། དྲ་རྒྱ་ནི་གླ་ཡོན་ཕུལ་མ་དགོས་པའི་དགེ་བའི་ཤེས་གཉེན་ཆེན་པོ་རེད་ལ་དྲ་རྒྱ་ནི་ཚང་ལ་མ་ནོར་བའི་ཕྱོགས་སྟོན་འཁོར་ལོ་ཡང་རེད། དྲ་རྒྱ་བརྒྱུད་ནས་འཛམ་གླིང་གི་གནས་ཚུལ་ཆ་ཚང་དུས་ཚོད་སྐར་ཆ་གཅིག་གི་ནང་ཤེས་ཐུབ་པའི་ནུས་པ་ཡོད་པ་ནས་དྲ་རྒྱ་དུས་ནམ་ཡང་ལོགས་པའི་ལམ་ལ་བསྐོལ་སྤྱོད་བྱ་མི་ཉན་པ་དང་། དྲ་རྒྱ་ལ་འགན་འཁུར་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཔྱད་རྩོམ་སྤེལ་དགོས་པ་དང་། དྲ་རྒྱ་ལ་འགན་འཁུར་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ངོ་སྤྲོད་དང་འབྲེལ་བའི་དཔྱད་རྩོམ་ཡང་སྤེལ་དགོས་པ་དང་། དྲ་རྒྱ་ལ་འགན་འཁུར་ནས་རྒྱ་མིའི་བོད་ལ་བཙན་འཛུལ་དང་དྲག་གནོན་སྐོར་ལ་དཔྱད་རྩོམ་སྤེལ་དགོས་པ་དང་། དྲ་རྒྱ་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་གསར་གཏོད་དང་འབྲེལ་བའི་སྐོར་ལ་དཔྱད་རྩོམ་སྤེལ་དགོས་པ་དང་། དྲ་རྒྱ་ལ་འགན་འཁུར་ནས་འཁོར་ཡུག་སྲུང་སྐྱོབས་དང་འབྲེལ་བའི་སྐོར་ལ་དཔྱད་རྩོམ་སྤེལ་དགོས་པ་དང་། དྲ་རྒྱ་ལ་འགན་འཁུར་ནས་བོད་ནང་རྒྱ་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་ཤིགས་གཏོང་བཞིན་པའི་སྐོར་ལ་ཡང་དཔྱད་རྩོམ་སྤེལ་དགོས་པ་དང་། དྲ་རྒྱ་ལ་འགན་འཁུར་ནས་བོད་མི་རིགས་ཀྱི་ཕ་མེས་ནས་དར་བའི་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག ཡ་རབས་བཟང་སྤྱོད།…

དེ་ལས་མང་བ་། “དྲ་རྒྱའི་དུས་རབས་དང་སྤྱི་ཚོགས་ཀྱི་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-10-252024-11-13 By ཁ་བརྡ་ 2 Comments on བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་རྩ་ཁྲིམས་ལ་རྒྱུས་ལོན་གནང་མཁན་ཞིག་ཡོད་ན་གྲོས་ཚོགས་ཀྱི་འཐུས་མི་ཆ་ཚང་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ཡོད་པ་བཞིན་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་༧ གོང་ས་༧…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

གཱན་དྷི། ཡ་མཚན་ཆེ་བའི་བུ།

Posted on 2024-10-162024-11-13 By ཁ་བརྡ་ No Comments on གཱན་དྷི། ཡ་མཚན་ཆེ་བའི་བུ།

གཱན་དྷི། ཁོང་གི་མི་ཚེ་དང་འཛམ་གླིང་གསུང་འཕྲིན། ལོའུ་བེ་སུ ཧྥི་ཞེར་གྱིས་བརྩམས།  ལྕང་སྐྱ་ཚེ་རིང་དོན་གྲུབ་ཀྱིས་དབྱིན་ཡིག་ལས་བོད་ཡིག་ཏུ་སྒྱུར། ༢ ཡ་མཚན་ཆེ་བའི་བུ། གལ་སྲིད་གཱན་དྷི་ལོ་སུམ་སྟོང་སྔོན་དུ་རྒྱ་གར་དུ་སྐྱེས་ཡོད་ཚེ། ཁོང་གི་སྐྱེས་སྐར་ནི་ལྷ་སྒྲུང་ནང་ཐིམ་པ་དང་ཁོང་གི་གཞོན་དུས་ཡང་རྫུ་འཕྲུལ་གྱི་ནང་དུ་ལྷག་ཡོད། ཡིན་ནའང་། དུས་རབས་བཅུ་དགུ་པའི་བསིལ་ཟེར་ཅན་གྱི་འོད་སྣང་ཁྲོད་མངོན་པ་ནི་ཁོང་གི་མི་རྒྱུད་དེ་དཀྱུས་མ་ཞིག་རེད། ཁོང་གི་བྱིས་དུས་ནི་སྤྱིར་བཏང་ཞིག སློབ་མའི་སྐབས་ཀྱི་ཁོང་གི་ཉིན་མོ་རྣམས་ནི་དམིགས་བསལ་མིན། ཁོང་གི་ཐོག་མའི་ཆེད་ལས་ནི་དོན་གོ་མ་ཆོད་པ་ཞིག་རེད།“བྱིས་པ་རྒན་འཁོགས་ཤིག་རེད” མོན་ཧན་དྷ་སློབ་ཕྲུག་དང་ན་གཞོན་སྐབས།…

དེ་ལས་མང་བ་། “གཱན་དྷི། ཡ་མཚན་ཆེ་བའི་བུ།” »

འགྱུར་རྩོམ།

མ་འོངས་པར་༸རྒྱལ་དབང་སྐུ་ཕྲེང་ན་རིམ་འབྱོན་དགོས་པ་ནི་བོད་ཀྱི་ཆོས་ལུགས་མི་ རིགས་རིག་གནས་དང་བཅས་པ་གསོན་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།

Posted on 2024-10-162024-11-13 By ཁ་བརྡ་ 4 Comments on མ་འོངས་པར་༸རྒྱལ་དབང་སྐུ་ཕྲེང་ན་རིམ་འབྱོན་དགོས་པ་ནི་བོད་ཀྱི་ཆོས་ལུགས་མི་ རིགས་རིག་གནས་དང་བཅས་པ་གསོན་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།

༄༅།། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་དུ་གཏོང་བའི་སྲིད་བྱུས་མངོན་སུམ་འཛེམས་མེད་ཀྱིས་འཛམ་གླིང་ཡོངས་ལ་མིག་མཐོང་ལག་ཟིན་དུ་སྤེལ་བཞིན་པ་དང། ལྷག་པར་དུ་བར་ལམ་ནས་སྒྲིག་འཛུགས་དང་ལྡན་པའི་སྒོ་ནས་གདུག་རྩུབ་ཅན་གྱི་ལས་འགུལ་དམིགས་བསལ་ཤུགས་ཆེན་པོས་སྤེལ་བཞིན་པ། བོད་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་བྱུས་ཀྱི་འོག་ནས་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་ནང་ཆོས་ཀྱི་ཁྲིམས་ལུགས་བཅས་ལའང་སྒོ་སྣ་ཚོགས་ནས་བསྒྱུར་བཅོས་དང་ཚད་འཛིན་བྱས་ཏེ། ཆོས་མེད་དམར་པོའི་སྲིད་གཞུང་གིས་ཆོས་ལུགས་ཀྱི་རང་བཞིན་གསར་གཏོད་ལྟ་བུ་བྱེད་བཞིན་པ་ནི་བློ་འཚབ་བྱེད་དགོས་པའི་སྲིད་བྱུས་གདུག་རྩུབ་ཅན་ཞིག་ཡིན། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྐྱེ་བ་ཕྱི་མ་གང་དུ་འཁྲུངས་མིན་གྱི་ཐག་གཅོད་ཀྱང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནང་རྒྱུའི་སྐུ་དབང་མེད་པར་ཆོས་མེད་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཐག་གཅོད་བྱ་རྒྱུའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡོང་ཐབས་སུ་བོད་ཀྱི་ཆོས་ལུགས་ཀྱི་ལོ་རྒྱུས་དང། ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་ལ་བཙན་ཤེད་ཀྱིས་བསྒྱུར་བཅོས་ངོ་ཚ་ཁྲེལ་མེད་ཀྱིས་བྱེད་བཞིན་པ་ནི་ཡོངས་སུ་གྲགས་པའི་གནས་ཚུལ་ཡ་ང་བ་ཞིག་ཡིན། སྐབས་འདིར་ང་ཚོ་རང་དབང་ཅན་གྱི་ཡུལ་ལུང་ཁག་ཏུ་གནས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སློབ་རྣམས་ནས་བོད་བརྒྱུད་ནང་བསྟན་གྱི་བསླབ་བྱའི་དགོངས་དོན་དང། བོད་བརྒྱུུད་ནང་ཆོས་ཀྱི་སྲོལ་རྒྱུན། ཆོས་དད་ཀྱི་རང་དབང་དང་བཅས་པ་ནི། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་བཙན་བསྒྱུར་བྱེད་མི་ཆོག་པའི་སྐོར་འཛམ་གླིང་ཡོངས་ལ་བདེན་པ་ར་སྤྲོད་ཐུབ་ངེས་ཀྱི་རྩོམ་ཡིག་སྣ་ཚོགས་སྤེལ་དགོས་པ་ནི་ད་ལྟའི་ཆར་ཤིན་ཏུ་གལ་གནད་ཆེན་པོར་གྱུར་ཡོད་པ་མཐོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྐྱེ་འགྲོ་སྤྱི་དང། ཡང་སྒོས་ལས་སྨོན་གྱིས་འབྲེལ་བའི་བོད་ཁ་བ་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན་དམ་པར། དགུང་ལོ་བརྒྱ་དང་བཅུ་ཕྲག་དུ་མར་བཞུགས་རྒྱུའི་ཞལ་གསུང་བཀའ་ལུང་ལན་མང་ཕེབས་བཞིན་པ་ལྟར།…

དེ་ལས་མང་བ་། “མ་འོངས་པར་༸རྒྱལ་དབང་སྐུ་ཕྲེང་ན་རིམ་འབྱོན་དགོས་པ་ནི་བོད་ཀྱི་ཆོས་ལུགས་མི་ རིགས་རིག་གནས་དང་བཅས་པ་གསོན་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།” »

དཔྱད་རྩོམ།

ངས་བརྩེ་ཆང་ཁ་གང་གི་མཆོད་པ་ཕུལ། 

Posted on 2024-10-142024-11-13 By ཁ་བརྡ་ No Comments on ངས་བརྩེ་ཆང་ཁ་གང་གི་མཆོད་པ་ཕུལ། 

རྔ་བ་ཀུན་བཟང་། ཁྱོད་སེམས་ཕྲ་མོ་དེ མདའ་གཤོོག་བཞིན་བློ་སྙིང་བྲང་གསུམ་གཏོར་དུས རེ་འཁང་ལངས་ཀྱང་རེག་མྱོང་ཁ་སང་དེ་དྲན་ནས ངས་བརྩེ་ཆང་ཁ་གང་གི་མཆོད་པ་ཕུལ   ཁྱོད་གདོང་དཀར་པོ་དེ རློམ་སེམས་ཀྱིས་མེ་དཔུང་བཞིན་འབར་དུས མི་ཡུལ་ཧུད་པོ་གྱུར་ཡང་དེ་རིང་དེ་དྲན་ནས ངས་བརྩེ་ཆང་ཁ་གང་གི་མཆོད་པ་ཕུལ   ཁྱོད་རྒྱུད་རིང་མོ་དེ མྱ་ངན་ཐང་བཞིན་མག་མུག་གིས་སྐྱ་ཁྲོམ་གཡོལ་དུས དུག་དབལ་གྱིས་མུག་ཟ་བྱེད་ཡང་མ་འོངས་དེ་དྲན་ནས ངས་བརྩེ་ཆང་ཁ་གང་གི་མཆོད་པ་ཕུལ…

དེ་ལས་མང་བ་། “ངས་བརྩེ་ཆང་ཁ་གང་གི་མཆོད་པ་ཕུལ། ” »

སྙན་ངག

གླང་དར་མའི་ཤི་རྐྱེན་ལ་བསྐྱར་བརྟག་དང་རྩོད་སྤོང་།  དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར།

Posted on 2024-10-092024-11-13 By ཁ་བརྡ་ 1 Comment on གླང་དར་མའི་ཤི་རྐྱེན་ལ་བསྐྱར་བརྟག་དང་རྩོད་སྤོང་།  དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར།

མགར་རྡོར། ༡ མཁྱེན་གསལ་ལྟར། གླང་དར་མ་ཁོང་སྤུར་རྒྱལ་བཙན་པོའི་རྒྱལ་རྒྱུད་བོད་སྤྱི་ལ་དབང་མཛད་མཁན་མཐའ་མ་དེ་རེད། གླང་དར་མའི་ཤི་རྐྱེན་ལ་བསྐྱར་བརྟག་ཅིག་བྱེད་བསམ་ནས་ཡུན་རིང་འགོར་ཡོད། རྒྱུ་མཚན་གླང་དར་མའི་ཤི་རྐྱེན་འདི་བོད་བཙན་པོའི་རྒྱལ་རབས་རྩ་འཐོར་དུ་སོང་བའི་རྐྱེན་རྩར་ཐུག་ཡོད་པར་མཐོང་བས་ཡིན། མཐར་དེད་ན་དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་ལ་བརྙད་ཅིག་བསྐོ་བསམ་ནི་ཡང་ཡིན། སྤྱིར་བཏང་ཡིན་ན། གླང་དར་མའི་སྐོར་གྱི་རྩོད་ཉོག་འདི་རྩོད་ཉོག་རྙིང་པ་ཞིག་རེད། བོད་མི་སྡེབ་པོའི་རྣ་རྩར་གཞག་གཞག་ལ་ཡོད་པ་ཞིག་རེད་མོད། འོན་ཀྱང་ཁོ་བོས་མཐོང་བའི་སྔར་བྲིས་ཀྱི་རྩོམ་ཡིག་ཐམས་ཅད། དཔལ་རྡོར་གྱིས་གླང་དར་བསད་པར་བསྟོད་སྨད་གཉིས་དང་། གླང་དར་གྱིས་ཆོས་བསྣུབ་པར་བསྟོད་སྨད་གཉིས་བྱུང་བའི་བརྗོད་བྱ་ཁོ་ན་ཙམ་ལས་འདའ་མི་འདུག་སྙམ། དེ་བས་ང་ལ་མཚོན་ན་གླང་དར་མའི་ཤི་རྐྱེན་གླེང་རྒྱུ་འདི་ད་རུང་ཧ་ཅང་གསར་བ་གསར་རྐྱང་ཞིག་གི་ངོ་བོར་གནས་ཡོད། དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་འདི་གླང་དར་མའི་ཤི་རྐྱེན་དང་བོད་བཙན་པོའི་རྒྱལ་རབས་ཉམས་པ་གཉིས་ཀྱི་ཕྱི་མོའི་ཉེར་ལེན་ལྟ་བུར་མཐོང་ནས་གླེང་གི་ཡིན།…

དེ་ལས་མང་བ་། “གླང་དར་མའི་ཤི་རྐྱེན་ལ་བསྐྱར་བརྟག་དང་རྩོད་སྤོང་།  དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར།” »

དཔྱད་རྩོམ།

 སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་ལེགས་བཅོས་གནང་ནས་དུས་ཚོད་དང་གཞུང་དངུལ་སྲི་ཚགས་གནང་དགོས།

Posted on 2024-09-302024-09-30 By ཁ་བརྡ་ No Comments on  སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་ལེགས་བཅོས་གནང་ནས་དུས་ཚོད་དང་གཞུང་དངུལ་སྲི་ཚགས་གནང་དགོས།

གཞུང་པ་ཚེ་དབང་བསོད་ནམས། ད་ལམ་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ་མཐོང་སྐབས་ད་ལྟའི་གྲོས་ཚོགས་ཀྱི་ལས་རིམ་ལ་འགྱུར་བ་གཏོང་མ་ཐུབ་ཚེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ལ་ཉམས་ཆགས་འགྲོ་བའི་ཉེན་ཁ་ཞིག་མཐོང་སོང་། འཛིན་སྐྱོང་གི་ལས་བསྡོམས་དེ་སྤྱི་འཐུས་རྒྱུན་ལས་ལ་ཕུལ་ནས་རྒྱུན་ལས་ཀྱི་ཞིབ་འཇུག་གནང་བའི་སྙན་མཐོ་དང་འཛིན་སྐྱོང་གི་ལས་བསྡོམས་བཅས་མཉམ་དུ་སྤྱི་འཐུས་ཚོར་ཕུལ་ནས་སྤྱི་འཐུས་ཚོའི་འཛིན་སྐྱོང་ལ་འདྲི་བ་དང་དོགས་གཅོད་ཞུ་དགོས་པ་དང་། འཛིན་སྐྱོང་ནས་ལས་བསྡོམས་ཀློག་མ་དགོས་པ་རྒྱུན་ལས་ཀྱི་ཞིབ་འཇུག་གནང་བའི་སྐྱོན་གནད་ཐོག་འཛིན་སྐྱོང་ནས་ལན་འདེབས་གནང་རྒྱུའི་ལམ་ལུགས་བཟོ་ཐུབ་ན་དུས་ཚོད་དང་འགྲོ་སོང་གང་ཅིར་ཕན་ངེས་དང་། མང་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ལམ་ལུགས་ནང་ལོ་འཁོར་སྔོན་རྩིས་ཙམ་ལས་གཞན་ལས་བསྡོམས་ཁག་གྲོས་ཚོགས་ནང་འཛིན་སྐྱོང་ནས་ཀློག་པའི་ལུགས་སྲོལ་མེད་པ་དང་། འཛིན་སྐྱོང་གི་ལས་བསྡོམས་ཆ་ཚང་ཚོགས་དྲུང་ལས་ཁུངས་ལ་ཕུལ་ནས་འཐུས་མི་ཚོའི་ཚོགས་དྲུང་ལས་ཁུངས་ནས་ལེན་དགོས་པ་དང་། ལོ་འཁོར་སྔོན་རྩིས། ༼ Budget ༽དེ་དཔལ་འབྱོར་བཀའ་བློན་ནས་གྲོས་ཚོགས་ནང་ཡིག་ངག་གཉིས་ནས་འབྲེལ་བཤད་རྒྱབ་ནས་འཐུས་མི་ཚོའི་ཆ་ཤས་ལེན་དགོས་པ་དང་། ལས་བསྡོམས་དེ་འཛིན་སྐྱོང་ནས་ཀློག་མི་དགོས་པ་རྒྱུན་ལས་ནས་ཞིབ་འཇུགས་གནང་བའི་སྙན་མཐོའི་ཐོག་འཐུས་མི་ཚོའི་ཆ་ཤས་ལེན་དགོས་པ་ནི་དུས་ཚོད་དང་གཞུང་དངུལ་སྲི་ཚགས་སོགས་ལ་ཕན་ཐོག་ཡོང་རྒྱུ་དང་། དེ་མིན་ད་ལྟའི་ལམ་ལུགས་འདི་མུ་མཐུད་ནས་ལག་ལྟར་ཞུས་ཚེ་ཉིན་མ་གསུམ་བཞི་ནང་ཚར་རྒྱུའི་ལས་རིམ་དེ་བདུན་གཅིག་ལྷག་འགོར་སྲིད་པ་ནས་འགྲོ་སོང་འཕར་མ་ཙམ་ལས་གཞན་དགེ་ཚན་ཡོད་པ་མཐོང་མ་སོང་ལ་སྤྱི་འཐུས་རྒྱུན་ལས་ནས་འཛིན་སྐྱོང་གི་ལས་བསྡོམས་ཐོག་ཞིབ་འཇུག་གནང་བའི་སྙན་མཐོའི་འདྲི་ཤོག་ཐོག་འཛིན་སྐྱོང་ནས་གསལ་བཤད་གནང་དགོས་པ་དང་སྤྱི་འཐུས་ཚོའི་འཕྲོས་དོན་འདྲི་བ། ༼ Supplementary Question…

དེ་ལས་མང་བ་། “ སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་ལེགས་བཅོས་གནང་ནས་དུས་ཚོད་དང་གཞུང་དངུལ་སྲི་ཚགས་གནང་དགོས།” »

བསམ་ཚུལ།

སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-09-30 By ཁ་བརྡ་ 1 Comment on སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། ལོ་གསུམ་སྙལ་བའི་ཆང་དེ་ཞིམ་པོ་མེད་ཀྱང་ད་ལོ་ཐུང་རྒྱུ་ཁེལ་སོང་ཟེར་བའི་དཔེ་ལྟར་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་རིམ་པའི་ནང་འགྲོ་མ་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི། ༼ ག ༽ པར་བསྐྱར་བཅོས་གནང་ནས་གནས་སྐབས་ལོ་བཅུ་གི་དཀའ་ངལ་སེལ་ཐུབ་པ་ཙམ་ལས་མཐར་ཐུག་གིས་དཀའ་ངལ་སེལ་ཐུབ་མི་འདུག བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི། ༼ ག ༽ པའི་ནངགསལ་བའི་ཚིག་བརྗོད། ༼ ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བ་འམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་མ་ཡིན། ཅེས་གསལ་བའི་ཆ་རྐྱེན་དེ་གཉིས་བཙན་བྱོལ་སྤྱི་ཚོགས་ནང་རག་རྒྱུ་མེད་པའི་རི་བོང་གི་ར་ལྟབུ་མ་རེད་དམ།…

དེ་ལས་མང་བ་། “སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

ལོ་རྒྱུས་ནང་བོད་ལ་རྒྱ་ཡིག་གི་ཐ་སྙད་ཐོགས་ཚུལ་ལས་འཕྲོས་ཏེ་གཏམ་བཟང་ཞིག་གླེང་བ།>>

Posted on 2024-09-302024-11-13 By ཁ་བརྡ་ No Comments on ལོ་རྒྱུས་ནང་བོད་ལ་རྒྱ་ཡིག་གི་ཐ་སྙད་ཐོགས་ཚུལ་ལས་འཕྲོས་ཏེ་གཏམ་བཟང་ཞིག་གླེང་བ།>>

                             …

དེ་ལས་མང་བ་། “ལོ་རྒྱུས་ནང་བོད་ལ་རྒྱ་ཡིག་གི་ཐ་སྙད་ཐོགས་ཚུལ་ལས་འཕྲོས་ཏེ་གཏམ་བཟང་ཞིག་གླེང་བ།>>” »

དཔྱད་བརྗོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་སྐྲུན་སྐབས་སྤྱི་འཐུས་ཚོའི་ཐུགས་སྣང་ཆེ་ཙམ་གནང་དགོས་པ།

Posted on 2024-09-30 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་སྐྲུན་སྐབས་སྤྱི་འཐུས་ཚོའི་ཐུགས་སྣང་ཆེ་ཙམ་གནང་དགོས་པ།

གཞུང་པ་ཚེ་དབང་བསོད་ནམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་བླ་གནས་སའི་མཐར་ཐུག་གི་ཁྲིམས་ཡིག་བླ་ན་མེད་པ་དེ་ཡིན་པ་དང་། སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་གཏན་འབེབས་གནང་བའི་བཅའ་ཁྲིམས་དེའི། ༼ དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན། ༽ ཅེས་གསལ་བ་དང་།…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་སྐྲུན་སྐབས་སྤྱི་འཐུས་ཚོའི་ཐུགས་སྣང་ཆེ་ཙམ་གནང་དགོས་པ།” »

བསམ་ཚུལ།

 སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-09-30 By ཁ་བརྡ་ 1 Comment on  སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། ལོ་གསུམ་སྙལ་བའི་ཆང་དེ་ཞིམ་པོ་མེད་ཀྱང་ད་ལོ་ཐུང་རྒྱུ་ཁེལ་སོང་ཟེར་བའི་དཔེ་ལྟར་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་རིམ་པའི་ནང་འགྲོ་མ་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི། ༼ ག ༽ པར་བསྐྱར་བཅོས་གནང་ནས་གནས་སྐབས་ལོ་བཅུ་གི་དཀའ་ངལ་སེལ་ཐུབ་པ་ཙམ་ལས་མཐར་ཐུག་གིས་དཀའ་ངལ་སེལ་ཐུབ་མི་འདུག བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི། ༼ ག ༽ པའི་ནངགསལ་བའི་ཚིག་བརྗོད། ༼ ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བ་འམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་མ་ཡིན། ཅེས་གསལ་བའི་ཆ་རྐྱེན་དེ་གཉིས་བཙན་བྱོལ་སྤྱི་ཚོགས་ནང་རག་རྒྱུ་མེད་པའི་རི་བོང་གི་ར་ལྟབུ་མ་རེད་དམ།…

དེ་ལས་མང་བ་། “ སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

གཞུང་ཆེན་བོད་བསྒྱུར་འགྲེམས་སྤེལ་དང་བགྲོ་གླེང་ཚོགས་འདུ།

Posted on 2024-09-132024-09-13 By ཁ་བརྡ་ 2 Comments on གཞུང་ཆེན་བོད་བསྒྱུར་འགྲེམས་སྤེལ་དང་བགྲོ་གླེང་ཚོགས་འདུ།

གནས་འཕྲིན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་བོད་བརྒྱུད་དང་རྒྱ་བརྒྱུད། ལྷོར་བརྒྱུད་ནང་བསྟན་གྱི་བླ་ཆེན་སོགས་གནད་ཡོད་མི་སྣ་ཁག་དང་། དགེ་འདུན་པ་ལྷན་འཛོམས་ཀྱིས་དྷརྨོའི་གཞུང་ཆེན་བཞི་བོད་བསྒྱུར་དེབ་གསར་མཛད་སྒོ་དང་། ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་བཅུ་གཉིས་པ་བཅས་མཉམ་དུ་འཚོགས་ཡོད། ཉིན་དེའི་སྔ་དྲོར་ཞིབ་འཇུག་ཚོགས་པས་གདན་ཞུས་ལོ་ཙཱ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ལོ་གཉིས་ལྷག་གི་འབད་བརྩོན་བརྒྱུད་ཡོངས་སུ་བསྒྱུར་ཟིན་པའི་སློབ་དཔོན་ཆེན་པོ་དྷརྨོཏྟ་རའི་གཞུང་ཆེན་པོ་བཞི་དང་། ལམ་མངོན་པར་རྟོགས་པའི་གླུ་བཅས་ཞིབ་འཇུག་ཚོགས་པའི་མཚན་ཐོག་ནས་འགྲེམ་སྤེལ་ཞུས་ཤིང་། ཞིབ་ཚོགས་ཀྱི་ཚོགས་གཙོ་རྫོང་སར་མཁན་པོ་ཚེ་དབང་རིག་འཛིན་མཆོག་གིས་དེབ་གསར་བོད་ཡིག་ཏུ་བསྒྱུར་དགོས་པའི་རྒྱུ་མཚན་སོགས་ཀྱི་ཐད་གསུང་བཤད་གྲུབ་པ་དང་།…

དེ་ལས་མང་བ་། “གཞུང་ཆེན་བོད་བསྒྱུར་འགྲེམས་སྤེལ་དང་བགྲོ་གླེང་ཚོགས་འདུ།” »

གསར་འགྱུར།

བོད་རྒྱའི་དཀའ་རྙོགས་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་ས་འབྲེལ་ཆབ་སྲིད།

Posted on 2024-09-102024-09-10 By ཁ་བརྡ་ No Comments on བོད་རྒྱའི་དཀའ་རྙོགས་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་ས་འབྲེལ་ཆབ་སྲིད།

གཞུང་པ་ཚེ་དབང་བསོད་ནམས། དུས་རབས་ཉི་ཤུ་རྩ་གཅིག་འདིའི་ནང་འཛམ་གླིང་འདི་ཆུང་ཆུང་ཆགས་ནས་འཛམ་གླིང་ཤར་ནུབ་ཀྱི་གནས་ཚུལ་ཚང་མ་ཆུ་ཚོད་སྐར་ཆ་གཅིག་གཉིས་ནང་ཤེས་ཐུབ་པའི་ནུས་པ་ཚན་རྩལ་རིག་པས་ང་ཚོར་སྦྱིན་ཡོད་ན་ཡང་དེ་དང་མཉམ་དུ་འཛམ་གླིང་འདི་མེད་པ་བཟོ་རྒྱུའི་གོ་མཚོན་བཟོས་ནས་དེང་སྐབས་སྟོབས་ཆེན་རྒྱལ་ཁབ་ཚོ་ནུས་ལྡན་གྱི་གོ་མཚོན་སྔས་ལ་བཅུག་ནས་རྒྱལ་སྤྱིའི་དངུལ་ཁང་རྒྱབ་ལ་ཁྱེར་ནས་རྒྱལ་ཁབ་ཕན་ཚུན་གཅིག་གི་གཅིག་ལ་སྡིག་ར་དང་ཉེན་བརྡ་བཏང་ནས་ཁ་དམག་ཆབ་སྲིད་ལ་འགན་འཁུར་ནས་དུས་ཚོད་སྐྱེལ་བཞིན་པའི་སྐབས་འདིར་ང་ཚོ་བོད་རྒྱ་གཉིས་རྒྱལ་སྤྱིའི་ཆབ་སྲིད་རྩོད་གླེང་གི་ཁ་དམག་འགན་འཁུར་ནང་ནམ་ཡང་མ་ཚུད་པ་བྱས་ནས་བོད་རྒྱ་ས་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་བོད་རྒྱའི་དཀའ་རྙོགས་སེལ་རྒྱུ་དེ་བོད་རྒྱ་མི་རིགས་གཉིས་ལ་བསམ་ན་ད་ལྟའི་དུས་ཚོད་འདི་ཧ་ཅང་གི་གལ་འགངས་ཆེ་བའི་གནད་འགག་ཅན་གྱི་དུས་ཚོད་ཞིག་ཆགས་ཡོད་པ་ནི་༧ གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་རྒྱའི་དཀའ་རྙོགས་སེལ་དགོས་པ་དེ་བོད་རྒྱ་མི་རིགས་གཉིས་ལ་བསམ་ན་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཞིག་ཡིན་པ་དང་། སྤྱི་ལོ་ ༢༠༡༠ ནས་བཟུང་ད་ལྟ་བར་མི་ལོ་བཅུ་བཞི་ཙམ་རིང་བོད་རྒྱའི་འབྲེལ་ལམ་ཆད་པ་ནི་དུས་ཚོད་བཟང་པོ་ང་ཚོའི་ཆུད་ཟོས་སུ་བཏང་བར་ངོས་འཛིན་དང་བཅས་ད་ཆ་ང་ཚོའི་༧ གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་ཚོད་བཟང་པོ་འདིར་བོད་རྒྱའི་འབྲེལ་ལམ་སླར་གསོ་གནང་ནས་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་བོད་རྒྱ་གཉིས་མི་དང་མི་ཐུག་ནས་ས་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་མ་འོངས་བོད་རྒྱ་གཉིས་ཀྱི་མི་རབས་གསར་པ་ཚོའི་མི་ཚེའི་མདུན་ལམ་ལ་བདེ་སྐྱིད་ཀྱི་འཚོ་བ་སྦྱིན་ཐུབ་པའི་ཆབ་སྲིད་ཀྱི་ལམ་ཁ་བསྟན་དགོས་པ་ནི་ད་ལྟའི་བོད་རྒྱ་གཉིས་ཀྱི་མི་ཐོག་འདིའི་ལས་འགན་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་དང་བཅས། ས་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་རྒྱལ་ཁབ་ཕན་ཚུན་གྲོགས་སུ་བཀུག་ནས་ཞི་བདེ་དང་ལྷིངས་འཇགས་སུ་གནས་དགོས་པ་ལས་རྒྱལ་སྤྱིའི་ནང་ཁ་དམག་ལ་འགན་འཁུར་ནས་དུས་ཚོད་བཟང་པོ་ནམ་ཡང་འཕྲོ་ལྷག་གཏོང་མི་ཉན་པ་དང་། བོད་རྒྱའི་དཀའ་རྙོགས་དེ་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བརྒྱུད་ནས་གཉིས་ཕན་ཆབ་སྲིད་ལ་འགན་འཁུར་ནས་ཐབས་ལམ་ཚོལ་དགོས་པ་ལས་བོད་རྒྱ་གཉིས་རྒྱབ་ལོག་ནས་རྒྱལ་སྤྱིའི་ནང་ཁ་དམག་ལ་འགན་འཁུར་ནས་དུས་ཚོད་བཟང་པོ་འཕྲོ་ལྷག་ལ་ཕྱིན་ཚེ་མ་འོངས་ལོ་རྒྱུས་ནང་ང་ཚོ་ནི་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་བརྒྱུས་ཀྱི་ནག་པོ་ཆགས་སྲིད་པ་མ་རེད་དམ། འཛམ་གླིང་འདི་ཞི་བདེ་དང་ལྷིངས་འཇགས་ནང་གནས་དགོས་ན་ས་འབྲེལ་ཆབ་སྲིད་ལས་གལ་ཆེ་བའི་ཆབ་སྲིད་ཀྱི་ཐབས་ལམ་དུས་ནམ་ཡང་རྙེད་རྒྱུ་མེད་པ་ནས་བོད་རྒྱ་གཉིས་འཇིག་རྟེན་གྱི་ས་གཞི་འདི་མ་འཇིག་བར་མི་རབས་ནས་མི་རབས་བརྒྱུད་ནས་ས་འབྲེལ་ཁྱིམ་མཚེས་ཀྱི་ངོ་བོར་གནས་དགོས་པ་ལས་མི་ཐོག་ནས་མི་ཐོག་བརྒྱུད་ནས་དགྲ་ཁ་གཏད་བྱས་ནས་བསྡད་ཚེ་ཕྱོགས་གཉིས་ཀའི་མི་རབས་གསར་པའི་མི་ཚེའི་མདུན་ལམ་དེ་ནག་ཁུང་ནང་ལྷག་ཚེ་བོད་རྒྱ་གཉིས་ཀྱི་ད་ལྟའི་ང་ཚོའི་མི་ཐོག་འདིའི་ཉེས་པ་དེ་ལོ་རྒྱུས་ཀྱི་ནམ་ཡང་ཁ་གསབ་མི་ཐུབ་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་དང་འོན་པས་ཉན་ཡང་རྒྱལ་ཁམས་ཀྱི་སྒྲ་ལྟར་མ་རེད་དམ།

བསམ་ཚུལ།

བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༤ པར་ཕུལ་བའི་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

Posted on 2024-09-04 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༤ པར་ཕུལ་བའི་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། བོད་ས་ཤོར་མ་ཐག་གནས་ཡུལ་ལུང་པའི་ནང་༧ གོང་ས་མཆོག་ནས་ང་ཚོར་མང་གཙོའི་ལམ་ལུགས་གནང་ནས་སྤྱི་ལོ་ ༡༩༦༠ སྤྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཙན་བྱོལ་སྤྱི་་ཚོགས་ནང་མང་གཙོ་དབུ་བརྙེས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམས་ནས་༧གོང་ས་མཆོག་དབུ་བཞུགས་ཐོག་མ་ཎི་བཀའ་འབུམ་མདུན་སྤྱི་འཐུས་ཀྱིས་ལས་འཁུར་དམ་འབུལ་ཞུས་ནས་ལྷན་ཁང་སོ་སོར་ལས་བགོས་ཀྱིས་ལས་འཁུར་བླངས་ནས་རིམ་པས་ཉམས་མྱོངས་བསགས་རིམ་བཞིན་སྤྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་གཏན་འབེབས་གནང་ནས་༧ ་གོང་ས་མཆོག་གི་མཆོག་མཆན་མཚན་རྟགས་དེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༤ པར་ཕུལ་བའི་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

Posts pagination

Previous 1 2 3 4 … 908 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme