གངས་སྨྱུག (བོད།)
མགོ་ནག་མི་ཡི་སེམས་ཀྱི་སྒྲོན་མེ་གངས་ཅན་པ་ཡི་རྒྱན་གཅིག་བུ།།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་ལུས་ཅན་ཀུན་གྱི་ལམ་སྟོན་མཆོག །
ཉི་མའི་གཉེན་གྱི་སྲས་སུ་གྱུར་པ་ཤཱཀྱའི་དགེ་སློང་དམ་པ་གང་།།
མཆོག་དམན་བར་མའི་སྐྱེས་བུ་ཀུན་གྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་།།
མཁྱེན་དཔྱོད་ཉི་མའི་འོད་ཐིགས་རེ་རེས་ལོག་རྟོག་མུན་པའི་སྙིང་རྩ་འགེམས།།

འཇིག་རྟེན་སྲིད་རྩེར་ཆགས་པའི་གངས་ཅན་ཡུལ།།