ལྷ་སྲས་བསོད་ནམས།
ཁ་སང་ཕྱི་ཚེས་༡༧ཉིན་མདོ་ཁམས་འཇང་དགུན་ཆོས་ཚོགས་ཆེན་མོ་ཐེངས་བཅུ་དྲུག་པ་ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་མཇུག་ལེགས་པར་གྲུབ། མདོ་ཁམས་འཇང་དགུན་ཆོས་ཐེངས་དང་པོ་རྫ་སེར་ཤུལ་དགོན་དུ་ཚོགས་པ་དང་ལོ་ལྟར་དགོན་ཁག་མི་འདྲ་བ་སོ་སོ་ལ་རེས་མོས་བཞིན་ཚོགས་གྲུབ་ནས་ད་རེབ་ཀྱི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་༡༦པ་ཡུལ་ཤུལ་ཁོངས་ཁྲི་འདུ་རྫོང་ལབ་དགོན་དུ་ཚོགས་ཡོད།
དེ་ལས་མང་བ་། “མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་༡༦ པ་མཇུག་གྲུབ།” »
———འཇམ་དབྱངས་དཀར་པོ།
ཕྱི་ལོ་༢༠༡༥ ཟླ་༧ ཚེས་༩ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ པ་ཡས་མས་ལ་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་བོད་པའི་ཁང་པ་མང་པོ་ཡོད་སའི་ཉེ་འགྲམ་དུ། ཕ་ཡུལ་ནང་ཆེན་ནས་ཡིན་པའི་རང་ལོ་ ༢༦ ཡིན་པའི་བོད་པའི་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་།
མི་རིགས་ཀྱི་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་སྤྱི་ལོ་༡༩༥༠ ལོར་ལི་ཐང་དུ་སྐུ་འཁྲུངས། སྤྱི་ལོ་༢༠༡༥ ཟླ་༧ ཚེས་༡༢ ཉིན་དམར་གཞུང་གིས་མནར་གཅོད་བཏང་སྟེ་སྐུ་བཀྲོངས། ཁོང་བཙོན་འཇུག་མ་བྱས་བར་ལི་ཐང་རོང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་དང་། སྐྱ་སེར་སྤྱི་ཚོགས་ཁྲོད་ཤེས་ཡོན་གོང་སྤེལ། ཕོ་མོ་རིས་མེད་ཀྱི་ཤེས་ཡོན་སྡེ་ཁག་ལ་བརྩི་བཀུར་གནང་བར་མ་ཟད།