མི་ཉག་ཀུན་དགའ་བཀྲ་ཤིས།
ན་ནིང་ལོ་སྟེ། 2014 ལོའི་ལོ་དཀྱིལ་ལ་བལ་ཡུལ་དུ་དབྱ
མི་ཉག་ཀུན་དགའ་བཀྲ་ཤིས།
ན་ནིང་ལོ་སྟེ། 2014 ལོའི་ལོ་དཀྱིལ་ལ་བལ་ཡུལ་དུ་དབྱ
འཇམ་དབྱངས་དཀར་པོ།
ཚན་རིག་མཁས་དབང་ཆེན་མོ་ཨེ་ཕི་ཇེ་ཨབ་དྷུལ་ཀ་ལམ་(Avul Pakir Jainulabdeen Abdul Kalam)མཆོག་ནི་སྤྱི་ལོ་༡༩༣༡ ཟླ་༡༠ ཚེས་༡༥ ཉིན་དེང་གི་ཏ་མལ་ན་དྷུ་(Tamil Nadu)ཡི་ཁ་ཆེ་ཁྱིམ་ཚང་ཞིག་ཏུ་སྐུ་བལྟམས། ཁོང་གི་ཡབ་ཇཱེ་ནུ་ལ་བྷུ་དྷིན་(Jainulabudeen)ནི་གྲུའི་སྦྱིན་བདག་ཅིག་ཡིན་ལ། མ་ཡུམ་ཨ་ཤཱི་ཡམ་མ་(Ashiamma)ནི་ནང་ལས་གཉེར་བའི་སྤྱིར་བཏང་གི་བུད་མེད་ཅིག་ཡིན། ཁོང་གི་ནང་མིའི་དཔལ་འབྱོར་གྱི་རྒྱབ་རྩ་ཧ་ཅང་སྐྱོ་བས་
དེ་ལས་མང་བ་། “ཚན་རིག་པ་ཆེན་མོ་ཨབ་དྷུ་ཀ་ལམ་གྱི་ལོ་རྒྱུས་མདོར་བསྡུས།” »
ཅོག་མྱི།
བོད་ནས་སློབ་གྲྭར་འགྲོ་མྱོང་མཁན་དང་རྒྱ་ནག་གི་རྩོམ་གྱི་འབྲི་སྟངས་ལ་ཆ་རྒྱུས་རོབ་ཙམ་ཡོད་མཁན་ཞིག་ཡིན་ན་ཇི་བཞིན་བརྗོད་པའི་རྩོམ་ཞེས་པའི་ཟེར་སྲོལ་འདི་ལ་རྣ་རྡིབ་ཏུ་གྱུར་ཡོད་སྲིད།
ཇི་ཞིག་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིན། སྒྲུང་རྩོམ་ཞེས་བྱ་བ་ནི་རྟོག་བཏགས་དང་སྣང་གྲག་རིག་གསུམ་ལ་རྩོམ་མཁན་གྱི་དགའ་མོས་དང་ཆུ་ཚད་ལྟར་ཇི་བཞིན་བྲིས་པ་ཞིག་ལ་ཟེར། ལ་ལ་ནི་དངོས་ཡོད་ལས་བྱུང་བ་དང་ལ་ལ་ནི་བློ་ལས་བསླངས་པ་ཡིན། ལ་ལ་ནི་འདྲེས་མ་ཡིན། དེ་ལ་རིགས་རྒྱ་མཚོའི་ཆུ་ཐིགས་ལྟར་མང་བས་བགྲངས་ཀྱིས་མི་ལངས་སོ།།
སེང་མགུལ་སྨན་བླས་བསྒྱུར།
སྐབས་ཤིག་རྡུལ་ཕྲན་འབར་མདེལ་(nuclear bomb)འཛམ་གླིང་སྟེང་ཐེངས་འགར་ཐོར་ཞིང་། དེའི་འཇིགས་སྣང་གིས་མིའི་བསམ་བློ་ལ་གྲང་དམག་(cold war)ནི་ནམ་ཡང་རྫོགས་རྒྱུ་མེད་པར་བསྐུལ་ནའང་། ད་ལྟའི་དུས་སུ། གྲང་དམག་ནི་ཡལ་བར་གྱུར་ནས་དྲན་གསོ་ཙམ་ལས་ལྷག་མེད།
གྲང་དམག་ནི་ཐོག་མ་ནས་ཨ་རི་གཅིག་སྒྲིལ་རྒྱལ་ཁབ་དང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་གཉིས་བར་གྱི་འཁྲུག་རྩོད་ཅིག་དང་། ཕན་ཚུན་དེ་གཉིས་ཀྱི་སྟོབས་ཤུགས་ཀྱིས་རྒྱལ་ཁབ་གཞན་མང་པོའང་ཕྱོགས་དེ་གཉིས་ཀྱི་རྩོད་རྙོག་ཏུ་འཐེན།
ཚེ་རིང་རྡོ་རྗེ།
ཕ་ཡུལ་གྱི་གོ་རེ་འདི་མ་ཟོས་ལོ་མང་འགོར་སོང་། གོ་ཐོས་ལ་གོ་རེའི་རྒྱུ་ཆ་དང་བྲོ་བ་ལ་འགྱུར་བ་ཆེན་པོ་འདུག་ཟེར། སྔོན་ཆད་རེབ་གོང་ན་གྲགས་ཆེ་བའི་སྨད་པའི་གྲོ་ཕྱེ་ནི་སྐྱེ་ལྡན་སོ་ནམ་ལས་བྱུང་། ཞིང་ཁ་ནས་ཐོན་པའི་འབྲུ་རྡོག་མ་གཏོགས། གཞན་ས་ཞིང་གིས་བསྐྱེད་པའི་རྩྭ་དང་ཕུབ་མ་མཐའ་དག་སྒོ་ཕྱུགས་ཀྱིས་བཟས་ཏེ་ལུད་དུ་གྱུར་ན་་ཕྱིར་ས་ཞིང་ལ་རང་བྱུང་གི་བཅུད་ཀྱི་ཚུལ་དུ་འདྲེན་པ་དང་། གོ་རེ་བསྲེགས་པའི་བོང་ཐལ་ནོར་ཁང་དུ་འགྲེམས་པ་དང་སྒོ་ཕྱུགས་ཀྱི་ཉལ་ས་སྐམ་པོར་བྱེད་པ་ཡིན། དེ་དུས་དེང་རབས་རྫས་འགྱུར་གྱི་ལུད་ཉུང་ཉུང་ལས་མི་སྤྱོད།
ཁང་ཟླ་སྲས།
ཚེ་འདིའི་ཕན་ན་འཚོ་བ་གཞན་ཡོད་ཅེས།།
ཐར་པ་འཚོལ་རྣམས་སྤོབས་པས་བསྒྲགས་མོད་ཀྱང་།།
མར་མེ་ཤི་དང་སྡོང་རྒན་འགྱེལ་བ་ལྟར།།
ཀུན་གྱིས་མྱང་བ་འདི་སྣང་ཙམ་དུ་ངེས།།
མི་རྣམས་འཚོ་བ་སྡུག་གི་ཆེད་མིན་ཡང་།།
འཚོ་བའི་གཞུང་ལམ་སྡུག་བསྔལ་གཟེར་གྱིས་ཁེངས།།
ཁྲོ་གཏུམ།
—-སྙན་ངག་པའི་མཚན་མོར་ང་རང་གཉིད་ལས་སད་དུས་སྔ་དྲོ་རེད་མོད། འོན་ཀྱང་སེམས་སུ་སྙན་ངག་པའི་མཚན་མོ་འདུག
སེམས་ཆུ་སྙིང་དུ་འཁོལ་བའི་ཁ་རླངས
བྲང་རུས་བརྡར་བའི་སྣང་བ་མཐོན་པོ་དེ་དག་གི་དབུས་སུ
སེམས་ཀྱི་ཁ་དོག་ན་འོད་དུ་ཚེར་བའི་སྙིང་གསོན་པོ་ཡོད
ལུག་ཁྱུས་ཟིལ་རྩྭ་བདའ་བའི་འགྲན་རྩོད་དུ
མཁའ་དབུགས་ཀྱི་དྭངས་ཞིམ་འཐིབས་པའི་གཡས་གཡོན་ལ
ད་ལོར། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་གཙོས་པའི་འཛམ་གླིང་གང་སའི་གཞུང་སྒེར་ཚོགས་སྡེ་དང་། མི་སྒེར་མང་པོས་མ་སྐུལ་དྭང་བླང་གི་སྒོ་ནས་༸གོང་ས་མཆོག་གིས་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་གོ་སྒྲིག་ཞུས་དང་ཞུ་བཞིན་པའི་ངང་ཚུལ་འདི་ནི། ད་ཕན་གྱི་འཁྲུངས་སྐར་སྲུང་བརྩི་དང་རྦད་དེ་ལོགས་ཀ་རེད། རྣམ་པ་དང་ནང་དོན། མཛད་རིམ་ཚང་མ་ལོགས་ཀ་རེད། ཡིན་ནའང་དེ་རིང་ངས་དེ་ཚོའི་སྐོར་ཆ་ཚང་གླེང་གི་མེད།
དེ་ལས་མང་བ་། “༸གོང་ས་མཆོག་གི་མཛད་རྣམ་གསར་ཐོན༼གྲུ་འཛིན་ཞིང་གི་ཉིན་བྱེད༽ བཀླགས་བྱང་།” »
བསྟན་འཛིན་འཇམ་དཔལ།
དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་སྲིད་སྤྱི་གཉིས་ཀྱི་འོས་མིའི་སྐོར་ནས་ལས་འགུལ་སྣ་ཚོགས་ཤིག་དྲ་ལམ་ཁག་ནང་རྒྱུན་མར་སྤེལ་དང་སྤེལ་གྱིན་འདུག་པ་དང་། ལྷག་པར་དུ་སྲིད་སྐྱོང་གི་འོས་མིའི་ཐད་ནས་འོས་བབ་དང་འོས་ཆོས་ཚང་ཡོད་མེད་ལ་མ་བལྟོས་པར་ཚ་ཚ་འུར་འུར་ངང་རང་ཉིད་ཀྱི་དགའ་ཞེན་འདོད་ཕྱོགས་དང་མཐུན་པའི་སྲིད་སྐྱོང་གི་འོས་མི་རེ་ཡང་ནས་ཡང་དུ་སྒྲོག་གིན་མཆིས།
སྤྱིར་ན་སྐྱེ་བོ་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཞེ་འདོད་དམ་དགའ་ཕྱོགས་དང་མཐུན་པའི་འོས་མི་རེ་སོ་སོར་ཡོད་ངེས་ཙམ་དུ་མ་ཟད།
དེ་ལས་མང་བ་། “སྲིད་སྤྱི་གཉིས་ཀྱི་འོས་མིའི་ཐད་ཀྱི་བསམ་ཚུལ་ཐུང་ངུ་།” »
——–འཇམ་གཅེས།
ཁྲིམས་ལུགས་རབ་འབྱམས་པ་ལི་ཐང་བློ་བཟང་གྲགས་པ་མཆོག་ནི་མི་གཞི་དྲང་ལ་རང་ཚུགས་བརྟན་པ། རྒྱ་བོད་དབྱིན་གསུམ་གྱི་ཤེས་ཚད་ཧ་ཅང་མཐོ་བ་མ་ཟད་རང་རིགས་ལ་དུང་བ་ཧ་ཅང་ཟབ་པའི་མི་སྣ་ཞིག་ཡིན། ལྷག་པར་དུའང་ཁོང་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བློ་སྙིང་དཀར་བ་ཙམ་དུ་མ་ཟད། དགེ་སྐྱོན་གང་གི་ཐད་ནས་བཤད་ཕོད་པ་དང་སྒྲུབ་ཕོད་པ།
གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།

ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་གསུམ་པ་དེ་བཞིན་ཕྱི་ལོ་༢༠༡༥ལོའི་ཟླ་༧ ཚེས་༩ ཉིན་འགོ་འཛུགས་ཀྱིས་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་འཚོགས་བཞིན་ཡོད་འདུག
སྤྱིར་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་པ་ནི་སྔ་མོ་ཡུལ་དབུས་ཀྱི་གདན་ས་ཆེན་པོ་གསང་ཕུར་ཕར་ཕྱིན་དབྱར་ཆོས་ལ་སེ་འབྲས་དགའ་གསུམ་སོགས་
དེ་ལས་མང་བ་། “ཀིརྟིའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་གསུམ་པ།” »
འཇིགས་མེད་ནུབ་པ།
1)
བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེ་རེད། ཚོགས་པ་འདི་ལ་ས་གནས་གཞོན་ལྷན་ཁག་༨༧ ལྷག་འདུག(1) ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་དེ་བོད་རང་བཙན་རེད། ད་བར་དུ་བོད་རང་བཙན་རེད། འོན་ཀྱང་། མ་འོངས་པར་དམིགས་ཡུལ་དེ་རང་འཇགས་གནས་ཐུབ་མིན་བརྗོད་དཀའ། རྒྱུ་མཚན། ཕྱི་ལོ་༢༠༡༣ལོར་གཞོན་ནུའི་ས་གནས་ཁག་བརྒྱད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱིར་ཐོན་བྱས་འདུག(2) ད་ལོར་ཡང་གཅིག་གིས་དབུས་ཀྱི་ཁྱབ་ཁོངས་ནས་འདུག་གི་མིན་ལབ་ཀྱི་འདུག དེ་ནི་ནེའུ་ཡོག་དང་ནེའུ་ཇར་སིའི་བོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་རེད།
གནས་ཚུལ་གཏོང་མཁན། བ་ར་ཚེ་དབང་བཀྲ་ཤིས
༢༠༡༦ ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོན་གཞིས་སུ་གཏམ་བཤད་སྤེལ་བ།
ཕྱི་ལོ་༢༠༡༥ ཟླ་བ་༠༧ ཚེས་༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་ས་གནས་བོན་གཞིས་མི་མང་ཚོགས་ཁང་དུ། ༢༠༡༦ ལོའི་སྲིད་སྐྱོང་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱི་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག སྲིད་སྐྱོང་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མང་ཚོགས་ལ་འོས་མིའི་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་གཏམ་བཤད་ཟུར་ཉན་དུ་བོན་གཞིས་སེར་སྐྱ་མང་ཚོགས་མི་གྲངས་ ༣༠༠ ལྷག་ཙམ་མཉམ་འཛོམས་གནང་འདུག
དེ་ལས་མང་བ་། “སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱི་གཏམ་བཤད།” »
སྐལ་བཟང་།
ཁ་སང་དེ་རིང་དྲ་ལམ་ཁག་ན་མ་འོངས་པའི་སྲིད་སྐྱོང་དང་སྤྱི་འཐུས་སྐོར་ལ་ཚོགས་པ་དང་སྒེར་བ་མང་པོ་ཞིག་གིས་སྲིད་དོན་གྱི་གོ་རྟོགས་ཡོད་མེད་ལ་མ་བལྟས་པར་རང་རང་ས་ན་རང་གི་འདོད་པ་ཞིག་བཤད་ཡོང་གིན་འདུག ཡག་པོ་རེད། གཅིག་བྱས་ན་ཀུན་པོས་བོད་ཀྱི་མ་འོངས་པའི་རྩ་དོན་ལ་འགན་འཁུར་གྱི་ཡོད་པའི་རྟགས་མཚན་ཞིག་རེད།
ངས་འདིར་བཤད་འདོད་པ་ནི་སྲིད་སྐྱོང་མིན་ལ་སྤྱི་འཐུས་ཀྱི་སྐོར་ཡིན། རང་ཉིད་སྐྱབས་བཅོལ་ལ་འབྱོར་ནས་བཟུང་
དེ་ལས་མང་བ་། “རྩ་དོན་ལ་འགན་འཁུར་གྱི་ཡོད་པའི་རྟགས་མཚན་ཞིག་རེད།” »
ཤར་ཕྱོགས་ཁུག་རྟ།
སྡུག་དཀའ་ལས་ཉིས་ཀ་རང་གིས་མྱངས།།
སྐྱིད་ཡོན་ཏན་ཉིས་ཀ་བུ་ལ་གནང།།
བུ་བུ་མོར་རང་མགོ་ཐོན་བཅུགས་རྗེས།།
ཁྱོད་ལམ་སེང་ཕེབས་སོང་ཨ་མ་ལགས།།
ཁྱོད་ཕེབས་པ་སྔ་སོང་ཨ་མ་ལགས།།
——–རྔ་བ་རྒྱལ་ཁམས་པ། ངས་ཅིའང་མི་སྨྲའོ།། གལ་ཏེ་ཁྱོད་ལ་དོགས་པ་ཡོད་ན། གནས་ལུགས་ལ་དྲིས་ཤིག ངས་ཅིའང་མི་བསམ་མོ།། གལ་ཏེ་ཁྱོད་ལ་རྣམ་རྟོག་ཡོད་ན། རྟོག་མཁན་ལ་ལྟོས་ཤིག ངས་ཅིའང་མི་བྱེད་དོ།། གལ་ཏེ་ཁྱོད་ལ་བྱ་འདོད་ཡོད་ན། གཡང་ས་ལ་འཛེམས་ཤིག ཟླ་༧ཚེས་༡༣ལ།
འདབ་པ་ཚེ་དབང་མགོན་པོ།
༼སྤྲེའུ་ལས་མི་མཆེད་པ་ཞིག་མ་ཡིན་པར་མི་ལས་སྤྲེའུ་མཆེད་པའི་བསམ་ཚུལ་མདའ་མོའི་ལྟོང་ཁ།༽
ཁ་བ་གངས་ལྗོངས་ཚང་གི་གནའ་རབས་ཀྱི་དུས་སུ་ལེགས་པར་བྱོན་པའི་མཁས་པ་རྣམས་དང་། དེང་གི་ཆར་འོང་བའི་རིག་རྩལ་པའི་མིང་ཅན་ཚན་རིག་པ་རྣམ་གཉིས་ཀྱིས། ཤིན་ཏུ་ནས་ཡ་མཚན་པའི་གནས་སྟངས་ཤིག་དང་། ཡང་ན་ཡིད་སྐྱོ་དགོས་པའི་གནས་ཚུལ་ངོ་མ་ཞིག་ལ། སོ་སོ་རང་ཉིད་ལ་སེམས་མི་ཤེས་པའི་མཐོང་ཆུང་ངམ། ཡང་ན་སྣང་ཆུང་བྱས་པའི་གནས་སྟངས་ཏེ།
དེ་ལས་མང་བ་། “མི་ལས་སྤྲེའུ་མཆེད་པའི་བསམ་ཚུལ་མདའ་མོའི་ལྟོང་ཁ།” »
ཏཱ་ན་བློ་བཟང་།
སྤྲིན་པས་ལྡིང་ཁང་ཕུབ་པ་ལྷོ་ཡི་ཕྱོགས།།
རླུང་བུར་གཤོག་པ་ཐོགས་པ་རྒོངས་ཁའི་དུས།།
ཉི་མའི་ཚོར་བ་དེ་ཡང་དམར་པོ་ཡིས།།
མི་སེམས་སྒུལ་སོང་སྐུད་སྣེ་འདར་ལྕིག་ལྕིག།།
སྤང་ལ་དྲན་པ་ཤོར་བ་རླབས་གཉེར་ཆགས།།
ཕྱིར་མིག་ལམ་དུ་ཆས་པ་གྲང་ཤུར་ཤུར།།