Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་ལ་ཐོབ་པ་མ་རེད་རྒྱ་ནག་གིས་ཉོས་པ་རེད།

Posted on 2015-08-012015-08-01 By ཁ་བརྡ་ 9 Comments on རྒྱ་ནག་ལ་ཐོབ་པ་མ་རེད་རྒྱ་ནག་གིས་ཉོས་པ་རེད།

ནམ་མཁའ།

unnamedདུས་རབས་ཉི་ཤུའི་ལོ་རབས་༥༡ ནས་འཛམ་གླིང་སྟེང་༼འགྲོ་བ་མིའི་ཐོབ་ཐང་༽ཞེས་ཡོངས་སུ་ཁྱབ་བསྒྲགས་བྱས་པ་ནས་བཟུང་། ཨ་རི་དང་ཡོ་རུབ་གཉིས་གཙོ་བྱས་ཏེ་སྲིད་འཛིན་ཚོས་ཁ་ནས་དང་པོ་ཐོན་པའི་ཚིག་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་རེད། ཡིན་ན་ཡང་དོན་ངོ་མར་ཁོང་ཚོ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་དགོས་ཀྱི་ཡོད་དམ།

དེ་ལས་མང་བ་། “རྒྱ་ནག་ལ་ཐོབ་པ་མ་རེད་རྒྱ་ནག་གིས་ཉོས་པ་རེད།” »

བསམ་ཚུལ།

༄༅། །འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།

Posted on 2015-08-012015-08-01 By ཁ་བརྡ་ 4 Comments on ༄༅། །འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།

མཁན་པོ་ཚུལ་ཁྲིམས་བློ་གྲོས། (ཨེ་མ་ཧོས་འོས་སྦྱོར་ཞུས།)

 
དམིགས་མེད་བརྩེ་བའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཟླ་བའི་གོ་ལའི་ཐོག་གམ་ཕྱི་རོལ་གྱི་བར་སྣང་སྟོང་པ་ནས་ཚུར་བལྟས་ན། ཕ་མཐའ་མི་མངོན་པའི་མཁའ་དབྱིངས་ནག་ངམ་མེ་བ་ཞིག་གི་ནང་ན་གཡོ་བ་དང་མི་གཡོ་བའི་སྐར་ཚོགས་བགྲང་བའི་ཡུལ་ལས་རབ་ཏུ་འདས་པ་ཞིག་བཀྲ་ལམ་གྱིས་གསལ་བ་ནི་བདག་ཅག་གི་སྟོན་པ་བདེ་བར་གཤེགས་པས་གསུངས་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དེ་ཡིན། དེའི་ཁྲོད་ན་རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན་དུ་སྐར་མ་སྔོ་རིལ་ལེ་བ་ཞིག་ཡོད་པ་ནི་

དེ་ལས་མང་བ་། “༄༅། །འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།” »

སྣ་ཚོགས།

༢༠༡༦ ལོའི་སྲིད་སྐྱོང་གི་ཞབས་སྟེགས་སུ་ལ་ཐོབ་སྲིད་དམ།

Posted on 2015-08-012015-08-01 By ཁ་བརྡ་ 28 Comments on ༢༠༡༦ ལོའི་སྲིད་སྐྱོང་གི་ཞབས་སྟེགས་སུ་ལ་ཐོབ་སྲིད་དམ།

སྐལ་བཟང་སྤེན་པ།

 
དེ་སྔོན་དང་མི་འདྲ་བར་དེང་གི་དུས་འདིར་དྲ་བའི་མཐུན་རྐྱེན་མི་ཉུང་བ་ཞིག་ཡོད་སྟབས། མཐུན་རྐྱེན་དེ་རིགས་སྤྱད་དེ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་༢༠༡༦ ལོའི་སྲིད་སྐྱོང་གི་འགྲན་རྩོད་དང་འོས་མི་ཚོའི་སྐོར་ལ་གནས་ལུགས་ཡོད་མེད་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མི་ཉུང་བ་ཞིག་སྤེལ་བཞིན་ཡོད། དེའི་དབང་གིས་སྲིད་སྐྱོང་འོས་འདེམས་དེ་ཡང་རང་བཞིན་གྱིས་འཁྲུག་ཆ་དོད་པོ་ཞིག་ཆགས་ངེས་ཡིན། ལྷག་པར་དུ། སྐད་འཕྲིན་དང་ངོ་དེབ་གཉིས་ནི་ང་ཚོས་སྤྱོད་གོ་ཆོད་ཤོས་སུ་རྩིས་ཏེ་དྲ་ལམ་དེ་གཉིས་ཐོག་རང་ཉིད་ཀྱི་དགའ་ཕྱོགས་འོས་མིར་བསྟོད་ར་དང་།

དེ་ལས་མང་བ་། “༢༠༡༦ ལོའི་སྲིད་སྐྱོང་གི་ཞབས་སྟེགས་སུ་ལ་ཐོབ་སྲིད་དམ།” »

བསམ་ཚུལ།

ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་བློ་བཟང་སེང་གེར་མོ་བཏབས་པ།

Posted on 2015-08-012015-08-01 By ཁ་བརྡ་ 26 Comments on ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་བློ་བཟང་སེང་གེར་མོ་བཏབས་པ།

ཤར་ཕྱོགས་ཁུག་རྟ།

 
རྒྱང་རིང་རྒྱང་རིང་ཞིག་ཏུ་ཡོད་པའི་བོད་མི་ཞིག་གིས་ཁ་པར་སླེབས་ནས་རྩེད་མཚར་ངང། ཁྱོད་ཀྱིས་མོ་བཏབས་པ་ཡག་པོ་ཞིག་བབས་འདུག མོ་དེ་ཡང་དཔལ་ལྡན་ལྷ་མོའི་ཤོ་མོ་ཡིན་པ་ཐག་ཆོད། ད་ནི་གདན་ས་སེ་འབྲས་དགེ་གསུམ་གྱི་གྲྭ་རྐྱང་དགེ་བཤེས་ཤེས་ཡོན་ཅན་ཚོས་ཐུགས་རེ་གནང་གི་མི་འདུག་ལ། རྩོམ་པ་པོ་དང་མཁས་པ། གཞུང་ཞབས་དང་གནད་ཡོད་བཅས་ཀྱིས་ཀྱང་ཐུགས་རེ་གནང་གི་མི་འདུག མཐོ་སློབ་ཁག་གི་སློབ་མ་ཚོས་ཀྱང་༼ད་མི་དེ་ང་ང་མ་གཏོགས་གསུངས་ཡ་མི་འདུག་༽ཅེས་སྨྲ།

དེ་ལས་མང་བ་། “ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་བློ་བཟང་སེང་གེར་མོ་བཏབས་པ།” »

སྣ་ཚོགས།

གུང་ཁྲན་ཏང་གིས་བསླབས་པའི་རྒྱ་ནག་གི་ཀུན་སྤྱོད།

Posted on 2015-07-312015-07-31 By ཁ་བརྡ 24 Comments on གུང་ཁྲན་ཏང་གིས་བསླབས་པའི་རྒྱ་ནག་གི་ཀུན་སྤྱོད།

ནམ་མཁའ།

mail.gwwoogle.comསྤྱིར་བཏང་རྒྱ་ནག་རྒྱལ་ཁབ་འདི་ནང་པའི་རྒྱལ་ཁབ་ཞིག་ཡིན་ལ། མ་ཟད་རིག་གཞུང་རྒྱ་ཆེན་པོ་ཡོད་པའི་མི་རིགས་ཞིག་ཀྱང་ཡིན་པ་ང་ཚོས་ཤེས་དགོས་པ་རེད། འོན་ཏེ། ཐབས་སྐྱོ་བ་ཞིག་ལ། གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་པ་ནས་བཟུང་ལྷ་མེད་སྨྲ་བའི་མི་ཆོས་ཁོ་ན་དོན་གཉེར་ཅན་གྱི་མི་རིགས་ཞིག་ཏུ་གྱུར་བ་རེད། ངས་འདིར་གསལ་བཤད་བྱེད་འདོད་པ་ཞིག་ལ། རྒྱ་ནག་གི་སྐམ་ས་ཆེན་མོའི་རྒྱ་རིགས་ཡོད་ཚད་འདི་འདྲ་རེད་ལབ་ཀྱི་མེད།

དེ་ལས་མང་བ་། “གུང་ཁྲན་ཏང་གིས་བསླབས་པའི་རྒྱ་ནག་གི་ཀུན་སྤྱོད།” »

བསམ་ཚུལ།

འཚོ་བ་ནི་དོན་ངོ་མ་ཅི་ཞིག་ཡིན་ནམ།

Posted on 2015-07-312015-07-31 By ཁ་བརྡ No Comments on འཚོ་བ་ནི་དོན་ངོ་མ་ཅི་ཞིག་ཡིན་ནམ།

བྱ་སྨྱོན་པ།

 

འཚོ་བ་ནི་འགྲེལ་བརྗོད་མེད་པའི་མག་མོག་གི་འཇིག་རྟེན་ཞིག་ཡིན་ཚེ།
ངའི་སྤྲོ་སྣང་དང་འཛུམ་མདངས་ནི་འཇིགས་རུང་གི་མཚན་མོ་ཞིག་ཡིན་སྲིད།

 

མི་ཞིག་ཁེར་རྐྱང་གིས་རྒུད་པའི་གོ་རིམ་ཧྲིལ་བོ།
ཀློག་པར་མི་སྤྲོ་བའི་ཐ་སྙད་འགས་བཙན་འཛུལ་ཁོ་ན་ཡིན་མི་སྲིད།
གལ་ཏེ། འཚོ་གནས་ཀྱི་དགའ་སྐྱོའི་རྣམ་པ་རེ་རེ།
ཐོབ་ཤོར་ཟེར་ནས་ལས་ཀྱི་བརྐོས་ཐང་ལ་འཁྲུལ་འགྲོ་ཚེ།
ང་ཚོར་རིན་ཐང་གི་ལོངས་སྤྱོད་ཅིག་ཡོད་མི་སྲིད།

དེ་ལས་མང་བ་། “འཚོ་བ་ནི་དོན་ངོ་མ་ཅི་ཞིག་ཡིན་ནམ།” »

སྙན་ངག

ཨོ་སི་ཁྲི་ལིའི་རྒྱ་ནག་གཞུང་ཚབ་ལ་དྲི་བ།

Posted on 2015-07-312015-07-31 By ཁ་བརྡ 4 Comments on ཨོ་སི་ཁྲི་ལིའི་རྒྱ་ནག་གཞུང་ཚབ་ལ་དྲི་བ།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས།

 
ཨོ་སི་ཁྲི་ལི་ཡ་གནས་སྡོད་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་མྭ་ཀྲུས་ཤུས་ (Ma Zhaoxu)ལགས་སུ་ཆེད་ཞུ།།

ངའི་མིང་ལ་བསྟན་པ་དར་རྒྱས་དང་ད་ལྟ་ཨོ་སི་ཁྲི་ལི་ཡའི་གྲོང་ཁྱེར་སྦིར་སི་བྷན་ལ་གནས་སྡོད་བྱས་ཡོད། ཁྱེད་རང་གིས་ཤེས་གསལ་ལྟར་ད་ལྟ་བོད་ཁམས་དཀར་མཛེས་ཁུལ་གྱི་མངའ་ཁུངས་སུ་གཏོགས་པའི་ལི་ཐང་དང་ཉག་ཆུ་སོགས་སུ་ངུ་ངག་གི་སྐད་སྒྲས་རི་ལུང་གང་སར་ཁྱབ་བཞིན་ཡོད་པ་བཅས་ལ་བརྟེན། ཁྱེད་རང་གི་མིང་ཐོག་བརྒྱུད་ནས་རྒྱ་ནག་གཞུང་ལ་དྲི་བ་འདི་འདྲ་ཞིག་གཏོང་འདོད་བྱུང་།

དེ་ལས་མང་བ་། “ཨོ་སི་ཁྲི་ལིའི་རྒྱ་ནག་གཞུང་ཚབ་ལ་དྲི་བ།” »

འཕྲིན་ཡིག

བྱུང་རབས་དང་རྒྱལ་རབས་བར་གྱི་ཁྱད་པར།

Posted on 2015-07-31 By རེབ་གོང་བཀྲ་ཤིས། 4 Comments on བྱུང་རབས་དང་རྒྱལ་རབས་བར་གྱི་ཁྱད་པར།

འདྲེན་ཁུངས། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ངོ་དེབ།

 
“ང་ཚོས་ནམ་རྒྱུན་ཡོངས་གྲགས་ཁ་སྐད་དུ་བྱུང་རབས་ལ་རྒྱལ་རབས་དང་། ཡང་ན་ལོ་རྒྱུས་ཞེས་བརྗོད་ཀྱི་ཡོད། མིང་དེ་གཉིས་བེད་སྤྱོད་ཆེ་ཤོས་རེད། འོན་ཀྱང་བྱུང་བ་རིག་པའི་ངོས་ནས་བལྟས་ན་དེ་གཉིས་བྱུང་རབས་ཀྱི་ཆ་ཤས་མ་གཏོགས། བྱུང་རབས་ཡོངས་སུ་རྫོགས་པ་མིན། རྒྱལ་རབས་ཞེས་པ་ཚིག་གི་ངོ་གདོང་ནས་བལྟས་ནའང་རྒྱལ་པོ་གང་གི་རྗེས་སུ་གང་བྱུང་བ་རྒྱལ་པོ་ཚོའི་མི་རབས་བསྒྲིགས་པ་ཞིག་ལ་བརྗོད། བདག་ཉིད་ཆེན་པོ་གཱནྡཱིས་བྱུང་རབས་ལ་བཀའ་བཀྱོན་གནང་སྐབས་བྱུང་རབས་ནང་རྒྱལ་པོ་དང་སྐུ་དྲག་སྐོར་མ་གཏོགས།

དེ་ལས་མང་བ་། “བྱུང་རབས་དང་རྒྱལ་རབས་བར་གྱི་ཁྱད་པར།” »

ངོ་སྤྲོད།

ཁྲག་མཆོད་སྤངས་པར་སྨོན་པ།

Posted on 2015-07-302015-07-30 By ཁ་བརྡ 4 Comments on ཁྲག་མཆོད་སྤངས་པར་སྨོན་པ།

ཁང་ཟླ་སྲས།

unnamedབགྲང་ཡས་བསྐལ་བར་བསླབས་པའི་ཤེས་རབ་དང་།།
བརྒྱ་ཕྲག་སྲོག་གིས་ཉོས་པའི་བྱམས་བརྩེ་ཡིས།།
སྲིད་ཞིའི་ཁྱོན་འདིར་དམ་ཆོས་རྔ་བོ་ཆེ།།
རྡུང་མཛད་སྟོན་པ་མཆོག་དེ་སྙིང་ནས་དྲན།།

འཇིག་རྟེན་འདི་ན་གཅེས་པ་གྲངས་མེད་ཀྱང་།།
སྲོག་ལས་གཅེས་པའི་དངོས་ཤིག་ཡོད་མ་ཡིན།།

དེ་ལས་མང་བ་། “ཁྲག་མཆོད་སྤངས་པར་སྨོན་པ།” »

སྙན་ངག

རྫ་ཆུའི་རླབས་སྒྲའི་དྲ་བ་ཤར་གཏོང་བྱས་ཡོད།

Posted on 2015-07-302015-07-30 By ཁ་བརྡ No Comments on རྫ་ཆུའི་རླབས་སྒྲའི་དྲ་བ་ཤར་གཏོང་བྱས་ཡོད།

རྫ་སྐྱེས་ཕུར་བ།

14a23d1a2a5df6a24237f299e5dd6c77དེ་རིང་ནས་ངེད༼རྫ་ཆུའི་རླབས་སྒྲ༽འི་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད། ཀློག་པ་པོ་རྣམ་པས་རྩིང་ཀློག་དང་ཞིབ་ཀློག་ཅི་ཁོམ་གྱིས་དོ་སྣང་གནང་རོགས་ཞུས་ཡོད། ད་ལྟའི་བོད་དྲའི་སྒང་གི་ཀློག་པ་པོའི་བརྒྱ་ཆའི་བརྒྱད་ཅུ་ཡན་ནི། ལག་འཕྲིན་ནང་སྟབས་བདེའི་དྲ་འཇུག་བྱེད་མཁན་རྐྱང་ཡིན་སྟབས། ངེད་དྲ་བའི་མ་ལག་གི་འཆར་གཞིའི་བཟོ་བཀོད་དེ་ལག་འཕྲིན་ཅན་གྱི་འཆར་ངོས་ཚད་གཞི་དང་བསྒྲིགས་ཡོད།

དེ་ལས་མང་བ་། “རྫ་ཆུའི་རླབས་སྒྲའི་དྲ་བ་ཤར་གཏོང་བྱས་ཡོད།” »

གསར་འགྱུར།

ངས་བཀའ་སྤྱི་མི་གདམ་པའི་རྒྱུ་མཚན།

Posted on 2015-07-302015-07-30 By ཁ་བརྡ 44 Comments on ངས་བཀའ་སྤྱི་མི་གདམ་པའི་རྒྱུ་མཚན།

འབྲོང་ངུར་ཕོ་ཉ།

 

དང་པོ། ཆོས་བྱེད་མི་སྣས་ཆབ་སྲིད་ལ་བྱུས་གཏོགས་མེད།

ངས་མཚམས་རེར་དྲྭ་ནང་དུ་མིག་ཟུང་གཅེར་དུས་ཕྱི་ལོའི་བཀའ་སྤྱི་དང་འབྲེལ་བའི་པར་དང་རྩོམ་ཡིག་འདྲ་མིན་མཐོང་རྒྱུ་ཡོད་པ་ཨ་ཅང་ཅང་། ད་དུང་སྐད་འཕྲིན་སོགས་ལས་ཁྱོད་ཀྱིས་གང་ཞིག་གདམ་གྱི་ཡིན། མི་འདི་དང་འདི་ཟེར་བ་ཧ་ཅང་གིས་ཡག་པོ་ཡོད་པས་ངེས་པར་དུ་བདམས་ན་ལེགས་ཚུལ་བཅས་ང་ལ་ཁ་བརྡ་ཚུན་ཆད་བྱེད་ཡོང་གི་འདུག་པ་དེ་ལྟར་ལགས། འགའ་ཞིག་གིས་ཕ་ཡུལ་གཅིག་པ་ཡིན་ཟེར་བ་དང་། ཡང་ངའི་གྲོགས་པོ་ཡིན་པ་སོགས་མདོར་ན་ངོ་ཚ་མེད་པའི་སྐད་ཆ་སྡུག་ཚད་ཐོན་ཡོང་གི་འདུག

དེ་ལས་མང་བ་། “ངས་བཀའ་སྤྱི་མི་གདམ་པའི་རྒྱུ་མཚན།” »

བསམ་ཚུལ།

སེམས་པ་སྲེག་པའི་ལོ་ཟླ།

Posted on 2015-07-292015-07-29 By ཁ་བརྡ 3 Comments on སེམས་པ་སྲེག་པའི་ལོ་ཟླ།

རོ་བདག
_____ང་རང་ཆེས་དགའ་སའི་མི་དེ་ལ།

 
༡༽
ས་མཐའ་ནས་ལོ་ཟླ་ཞིག་ཕར་སྐྱེལ་དུས
བར་སྣང་གི་སྐྱོ་རོགས་སུ་གྱུར་བའི་ཉི་མ་ཞིག་ཐོལ་གྱིས་མངོན
ཉི་མའི་འོད་ཟེར་དག་ས་ཆེན་གྱི་སྙིང་ཀར་མར་ལྷུང་བས
མི་ཡུལ་གྱི་འཇིག་རྟེན
འཛུམ་མདངས་ཀྱིས་བཀང་བའི་ཁམས་ཆེན་པོ་ཞིག

དེ་ལས་མང་བ་། “སེམས་པ་སྲེག་པའི་ལོ་ཟླ།” »

སྙན་ངག

ཧ་ལས་ཧོན་འཐོར་མ་གནང་ཀུ་རེ་ཡིན།

Posted on 2015-07-292015-07-29 By ཁ་བརྡ 1 Comment on ཧ་ལས་ཧོན་འཐོར་མ་གནང་ཀུ་རེ་ཡིན།

འཕན་པོ་སྐལ་ལྡན།

 
ཁམས་གསུམ་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དང་།།
འཇིག་རྟེན་ཞི་བདེའི་དེདདཔོན་ཆེན་པོ་མཆོག །
སྲིད་གསུམ་ཀུན་མཁྱེན་ལྷ་ཡི་བླ་མ་སྟེ།།
རྒྱལ་དབང་ཐམས་ཅད་མཁྱེན་པས་སྙིང་རྗེས་དགོངས།།
དགེ་བཅུའི་ཁྲིམས་ཀྱི་བསླབ་སྡོམ་མི་བསྲུང་ཞིང་།།
རིག་གྲོལ་ཡོན་ཏན་ཀུན་ལ་སྦྱང་བརྩོན་མེད།།

དེ་ལས་མང་བ་། “ཧ་ལས་ཧོན་འཐོར་མ་གནང་ཀུ་རེ་ཡིན།” »

སྙན་ངག

ཕ་མ་ལགས། ང་སློབ་གྲྭ་ལ་འགྲོ་གི་ཡིན།

Posted on 2015-07-292015-07-29 By ཁ་བརྡ་ 5 Comments on ཕ་མ་ལགས། ང་སློབ་གྲྭ་ལ་འགྲོ་གི་ཡིན།

གླུ་གཞས།

འདོད་པའི་འཁུན་སྒྲ།

Posted on 2015-07-282015-07-28 By ཁ་བརྡ 3 Comments on འདོད་པའི་འཁུན་སྒྲ།

དོལ་སྨྱོན།

 
རྒུན་ཆང་མངར་མོས་དབང་རྩ་སྦྲིད་དུས་འདོད་པའི་སྤུ་ལོང་ལང་ཙམ་གཡོ་ཙམ།།
སྟོན་རླུང་བསིལ་མོ་བཞིན་ལ་ཕོག་དུས་ལུས་སེམས་གཉིས་པོ་ཡོམ་ཙམ་འཕྱོ་ཙམ།།
མཚམས་སྤྲིན་དམར་པོའི་འཛུམ་ཞལ་ངོམ་དུས་དགའ་མའི་ཞལ་རས་དྲན་ཙམ་དུང་ཙམ།།
སེམས་དང་བསམ་པ་གཅིག་ཏུ་འདྲེས་དུས་ཚོར་བ་དེ་ཉིད་འཐོར་ཙམ་རྒྱལ་ཙམ།།

 
འདོད་སྲེད་མེ་ལྕེ་དམར་པོ་འབར་དུས་ཉལ་ཆས་འདི་ཡང་འཚིག་ཙམ་བསྲེགས་ཙམ།།
འཐམ་དང་འཁྱུད་པའི་བྱ་བར་བྲེལ་དུས་ཉལ་ཁེབ་དག་ཀྱང་རལ་ཙམ་ཆད་ཙམ།།

དེ་ལས་མང་བ་། “འདོད་པའི་འཁུན་སྒྲ།” »

སྙན་ངག

མུན་པར་སྙན་ངག་བརྩེགས་པ།

Posted on 2015-07-282015-07-28 By ཁ་བརྡ 5 Comments on མུན་པར་སྙན་ངག་བརྩེགས་པ།

ཏཱ་ན་བློ་བཟང་།

 
ལྷིང་འཇགས་མཚན་མོའི་ཁ་དབུགས་ཟླ་འོད་ལ་འདྲེས་ན།།
དུངས་པའི་རྒྱུ་སྐར་ལྷེམ་ལྷེམ་མཁའ་མཐའ་ནས་འཚེར་བས།།
གངས་ཀྱི་འདབ་མ་ཐོར་བའི་དྭངས་གཙང་གི་རླབས་རིས།།
མིག་སྤུའི་མཐའ་ནས་འཛུམ་པའི་ཟིལ་ཆབ་ལ་འཐིམ་སོང་།།

 
ལམ་ཆེན་ཐགས་སུ་འཐེན་པའི་གཞི་མདོ་ལ་བལྟས་ན།།
ཁྱི་སྐད་གཉོམ་པོ་རླུང་གི་རྒྱུ་བ་དང་སྡེབ་པས།།

དེ་ལས་མང་བ་། “མུན་པར་སྙན་ངག་བརྩེགས་པ།” »

སྙན་ངག

དྲ་ཐོག་ཏུ་གློག་རྡུལ་དེབ་དབུ་འབྱེད་བྱས་པ།

Posted on 2015-07-282015-07-28 By ཁ་བརྡ 6 Comments on དྲ་ཐོག་ཏུ་གློག་རྡུལ་དེབ་དབུ་འབྱེད་བྱས་པ།
ཁྲོ་གཏུམ།
11777973_962210333841055_1302619387_nཕྱི་ལོ་༢༠༡༥ཟླ་༧ཚེས་༢༥ཉིན། <<དབྱངས་ཞུགས་པའི་ང་རོ>>ཞེས་པའི་གློག་རྡུལ་དེབ་དེ་ནི་དེབ་ནང་མཚན་འཁོད་ཀྱི་རྩོམ་པ་པོ་བརྒྱ་ལྷག་ཡོད་པ་ལས་རྩོམ་པ་པོ་༨༥ལྷག་གི་སྐད་འཕྲིན་བསྡུ་བསྒྲིགས་ཀྱིས་སྐད་འཕྲིན་ཚོགས་པ་བཟོས་ཏེ་དབུ་འབྱེད་དང་བསྐྱར་ཞིབ་བྱས་པ་ཡིན།
  • དབྱངས་ཞུགས་པའི་ང་རོ་ཡི་སྙན་དེབ་པར་འགྲེམས་བྱེད་དགོས་དོན།

དེ་ལས་མང་བ་། “དྲ་ཐོག་ཏུ་གློག་རྡུལ་དེབ་དབུ་འབྱེད་བྱས་པ།” »

གསར་འགྱུར།

ཛ་དྲག་གི་འཛམ་གླིང་མངལ་གཏོར་གྲངས་འབོར་དང་། ༧སྐྱབས་མགོན་༧འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་ཚེ་དབང་།

Posted on 2015-07-28 By ཁ་བརྡ 3 Comments on ཛ་དྲག་གི་འཛམ་གླིང་མངལ་གཏོར་གྲངས་འབོར་དང་། ༧སྐྱབས་མགོན་༧འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་ཚེ་དབང་།

 མི་ཉག་ཀུན་དགའ་བཀྲ་ཤིས། 

 

ན་ནིང་ལོ་སྟེ། 2014 ལོའི་ལོ་དཀྱིལ་ལ་བལ་ཡུལ་དུ་དབྱར་ཁའི་གུང་གསེང་ལ་སོང་། བདུན་ཕྲག་གསུམ་ཙམ་གྱི་དུས་ཚོད་སྟོང་པ་གང་ཡོད་པ་ཐམས་ཅད་རིང་ནས་འདྲིས་ཆེ་ཞིང་། ལོ་ཤས་ལ་མ་མཇལ་བའི་སྙིང་ཉེ་བའི་གྲོགས་ཕོ་མོ་རྣམས་དང་ལྷན་དུ་ཟ་བཏུང་ལ་རོལ། སྐད་ཆ་གསར་རྙིང་ཅི་རིགས་པ་བཤད་ནས་དལ་ལྷོད་དང་དགའ་སྤྲོའི་ངང་དུས་ཚོད་མཉམ་དུ་སྐྱེལ་བའི་ཁོག་རྩིས་བརྒྱབ།

དེ་ལས་མང་བ་། “ཛ་དྲག་གི་འཛམ་གླིང་མངལ་གཏོར་གྲངས་འབོར་དང་། ༧སྐྱབས་མགོན་༧འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་ཚེ་དབང་།” »

བསམ་ཚུལ།

ཚན་རིག་པ་ཆེན་མོ་ཨབ་དྷུ་ཀ་ལམ་གྱི་ལོ་རྒྱུས་མདོར་བསྡུས།

Posted on 2015-07-282015-07-28 By ཁ་བརྡ 4 Comments on ཚན་རིག་པ་ཆེན་མོ་ཨབ་དྷུ་ཀ་ལམ་གྱི་ལོ་རྒྱུས་མདོར་བསྡུས།

འཇམ་དབྱངས་དཀར་པོ།

11705249_10205506072464628_1228377291671933194_nཚན་རིག་མཁས་དབང་ཆེན་མོ་ཨེ་ཕི་ཇེ་ཨབ་དྷུལ་ཀ་ལམ་(Avul Pakir Jainulabdeen Abdul Kalam)མཆོག་ནི་སྤྱི་ལོ་༡༩༣༡ ཟླ་༡༠ ཚེས་༡༥ ཉིན་དེང་གི་ཏ་མལ་ན་དྷུ་(Tamil Nadu)ཡི་ཁ་ཆེ་ཁྱིམ་ཚང་ཞིག་ཏུ་སྐུ་བལྟམས། ཁོང་གི་ཡབ་ཇཱེ་ནུ་ལ་བྷུ་དྷིན་(Jainulabudeen)ནི་གྲུའི་སྦྱིན་བདག་ཅིག་ཡིན་ལ། མ་ཡུམ་ཨ་ཤཱི་ཡམ་མ་(Ashiamma)ནི་ནང་ལས་གཉེར་བའི་སྤྱིར་བཏང་གི་བུད་མེད་ཅིག་ཡིན། ཁོང་གི་ནང་མིའི་དཔལ་འབྱོར་གྱི་རྒྱབ་རྩ་ཧ་ཅང་སྐྱོ་བས་

དེ་ལས་མང་བ་། “ཚན་རིག་པ་ཆེན་མོ་ཨབ་དྷུ་ཀ་ལམ་གྱི་ལོ་རྒྱུས་མདོར་བསྡུས།” »

ལོ་རྒྱུས།

ཇི་བཞིན་བརྗོད་པའི་རྩོམ་ཨེ།

Posted on 2015-07-282015-07-28 By ཁ་བརྡ 4 Comments on ཇི་བཞིན་བརྗོད་པའི་རྩོམ་ཨེ།

ཅོག་མྱི།

 
བོད་ནས་སློབ་གྲྭར་འགྲོ་མྱོང་མཁན་དང་རྒྱ་ནག་གི་རྩོམ་གྱི་འབྲི་སྟངས་ལ་ཆ་རྒྱུས་རོབ་ཙམ་ཡོད་མཁན་ཞིག་ཡིན་ན་ཇི་བཞིན་བརྗོད་པའི་རྩོམ་ཞེས་པའི་ཟེར་སྲོལ་འདི་ལ་རྣ་རྡིབ་ཏུ་གྱུར་ཡོད་སྲིད།
ཇི་ཞིག་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིན། སྒྲུང་རྩོམ་ཞེས་བྱ་བ་ནི་རྟོག་བཏགས་དང་སྣང་གྲག་རིག་གསུམ་ལ་རྩོམ་མཁན་གྱི་དགའ་མོས་དང་ཆུ་ཚད་ལྟར་ཇི་བཞིན་བྲིས་པ་ཞིག་ལ་ཟེར། ལ་ལ་ནི་དངོས་ཡོད་ལས་བྱུང་བ་དང་ལ་ལ་ནི་བློ་ལས་བསླངས་པ་ཡིན། ལ་ལ་ནི་འདྲེས་མ་ཡིན། དེ་ལ་རིགས་རྒྱ་མཚོའི་ཆུ་ཐིགས་ལྟར་མང་བས་བགྲངས་ཀྱིས་མི་ལངས་སོ།།

དེ་ལས་མང་བ་། “ཇི་བཞིན་བརྗོད་པའི་རྩོམ་ཨེ།” »

རྩོམ་རིག

Posts pagination

Previous 1 … 266 267 268 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme