Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༂ དམ་པའི་ཆོས་དང་མཐུན་ན་ཀུན་མཐུན་ཡིན།

Posted on 2015-08-232015-08-23 By ཁ་བརྡ No Comments on ༂ དམ་པའི་ཆོས་དང་མཐུན་ན་ཀུན་མཐུན་ཡིན།

ཨེ་མ་ཧོ།

 
ན་མོ་གུ་རུ་བུདྡྷ་དྷརྨྰ་སངྒྷ་ཡེ།
སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་བདེ་བཤེགས་སྙིང་།།
སྙིང་པོའི་མཐར་ཐུག་མི་ལུས་རིན་པོ་ཆེ།།
ཆེ་བའི་ཡོན་ཏན་ཀུན་བཟང་དམ་པའི་ཆོས།།
ཆོས་འཁོར་དམ་པས་འགྲོ་ཀུན་སྨིན་གྲོལ་སྩོལ།།
དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན་ལ།།
དམ་ཆོས་བདུད་རྩིས་ཕྱི་དོར་ལེགས་བྱས་ན།།

དེ་ལས་མང་བ་། “༂ དམ་པའི་ཆོས་དང་མཐུན་ན་ཀུན་མཐུན་ཡིན།” »

སྙན་ངག

ཨ་རིའི་ལྕམ་སྐུ་Maura Moynihan ལགས་བོད་ཐོག་དཀར་གཙང་ཞིག་ཨེ་ཡིན།

Posted on 2015-08-232015-08-23 By ཁ་བརྡ 25 Comments on ཨ་རིའི་ལྕམ་སྐུ་Maura Moynihan ལགས་བོད་ཐོག་དཀར་གཙང་ཞིག་ཨེ་ཡིན།

unnamed———–ནམ་མཁའ།

 
ཨ་རིའི་བུད་མེད་Maura Moynihan ལགས་ཀྱིས་ཨ་རིའི་དམངས་གཙོའི་སྨྲ་བརྗོད་རང་དབང་བེད་སྤྱད་དེ། སྲིད་སྐྱོང་མཁས་བློ་བཟང་སེང་གེ་མཆོག་གིས་ཚིག་བེད་སྤྱོད་བྱེད་སྟངས་ནས་བཟུང་། ཁང་པ་སྟབས་བདེ་ཞིག་ཉོས་པའི་རིམ་པ་སོགས་ལ་དོགས་དཔྱོད་དང་འབྲེལ། སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་པོ་ཞིག་

དེ་ལས་མང་བ་། “ཨ་རིའི་ལྕམ་སྐུ་Maura Moynihan ལགས་བོད་ཐོག་དཀར་གཙང་ཞིག་ཨེ་ཡིན།” »

བསམ་ཚུལ།

ཡང་སྙིང་སྲིད་སྐྱོང་དང་Maura Moynihan གཉིས་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡིན་ནམ།

Posted on 2015-08-222015-08-22 By ཁ་བརྡ 17 Comments on ཡང་སྙིང་སྲིད་སྐྱོང་དང་Maura Moynihan གཉིས་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡིན་ནམ།

སྐལ་བཟང་སྤེན་པ།

 
འདི་ལོའི་ཕྱི་ཟླ་༦ ཚེས་༨ ཉིན་ Maura Moynihan ཟེར་བ་ཞིག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་དམིགས་ཏེ་སྐྱོན་བརྗོད་ཀྱི་རྩོམ་ཡིག་གཅིག་བྲིས་ཏེ་ཝ་ཤིང་ཀྲོན་དུས་བབ་ཐོག་བཏོན་པ་རེད། རྩོམ་ཡིག་དེའི་བརྗོད་དོན་སྙིང་པོ་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་ཐད་སྨན་པའི་ནུས་པ་ཐོན་གྱི་མེད་ལུགས་དང་། ལྷག་པར་དུ་ལས་འགུལ་ཁང་གིས་བསྡུ་སློང་བྱས་པའི་དངུལ་ལོར་མི་ཉུང་བ་ཞིག་འཛིན་སྐྱོང་དང་ལས་མིའི་གླ་ཆར་གཏོང་གི་ཡོད་ལུགས་དེ་རེད།

དེ་ལས་མང་བ་། “ཡང་སྙིང་སྲིད་སྐྱོང་དང་Maura Moynihan གཉིས་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡིན་ནམ།” »

བསམ་ཚུལ།

དུག་སྦྲུང་དུག་གི་རྒྱལ་པོ།

Posted on 2015-08-222015-08-22 By ཁ་བརྡ་ 7 Comments on དུག་སྦྲུང་དུག་གི་རྒྱལ་པོ།

9260c_r620x349——–རྟ་དབྱངས།

 
དབྱིན་སྐད་ཀྱི་(mosquito)དུག་སྦྲང་ཟེར་བ་འདིའི་ཚིག་གི་འབྱུང་ཁུངས་ནི་སི་པན་སྐད་ཡིན་པ་དང་། དེའི་དོན་ནི། སྦྲང་བུ་ཆུང་ཆུང་ཟེར་བ་རེད། བོད་པས་དུག་སྦྲང་ཞེས་བཏགས་ཡོད་པ་རེད། དེ་ནི་མིང་དོན་མཚུངས་པའི་མིང་ཞིག་རེད་བསམས་བྱུང་། འཛམ་གླིང་སྟེང་གི་སྲོག་ཆགས་དང་འབུ་སྲིན་གང་གིས་མི་ལ་གནོད་པ་དང་འཇིགས་སྣང་ཆེ་ཤོས་སྤྲོད་ཀྱི་ཡོད་དམ་ཟེར་ན།

དེ་ལས་མང་བ་། “དུག་སྦྲུང་དུག་གི་རྒྱལ་པོ།” »

གསར་འགྱུར།

ཀླུ་མཁར་བྱམས། ཆུང་ཡང་བརྟན་ཤོས་ཀྱི་ཟམ་པ།

Posted on 2015-08-222015-08-22 By ཁ་བརྡ 39 Comments on ཀླུ་མཁར་བྱམས། ཆུང་ཡང་བརྟན་ཤོས་ཀྱི་ཟམ་པ།

མི་ཉག་ཀུན་དགའ་བཀྲ་ཤིས།

 
ཁོང་གི་སྐད་ཆར་ཉོན་དང་། མི་འདིས་རྫུན་མ་གཏན་ནས་བཤད་མི་ཤེས། མི་འདིའི་རང་ཚུགས་རི་བོ་ལྟར་བརྟན། རང་ཚུགས་བརྟན་དྲགས་ནས་མཐར་ཁོང་རང་དགའ་སའི་ལས་ཀ་ཡང་རྒྱབ་ཏུ་བསྐྱུར། དེ་དུས་ཁོས་སུ་ཞིག་ལ་འཁང་ར་བྱེད་མ་མྱོང་།

མི་འདིས་གཞན་མགོ་ནམ་ཡང་མི་བསྐོར། ཁོང་གཡོ་སྒྱུ་ཁྲམ་གསུམ་ལ་དགའ་མཁན་ཞིག་ཡིན་ན། ཁོང་སྔ་ས་ནས་རང་འདོད་ཅན་གྱི་བོད་མི་ཚོ་དང་འདྲ་བར། ཁོང་རང་སྒེར་གྱི་བདེ་དོན་ཆེད་ནུབ་ཕྱོགས་ཀྱི་ས་བཟང་ག་གེ་མོ་ཞིག་ལ་སླེབས་ནས་བརྟན་གཞིས་བྱས་ཚར་ཡོད་ངེས།

དེ་ལས་མང་བ་། “ཀླུ་མཁར་བྱམས། ཆུང་ཡང་བརྟན་ཤོས་ཀྱི་ཟམ་པ།” »

བསམ་ཚུལ།

ཁྱོད་རེད། ཁྱོད་རེད།

Posted on 2015-08-222015-08-22 By ཁ་བརྡ No Comments on ཁྱོད་རེད། ཁྱོད་རེད།

བསོད་ནམས་ནོར་བུ། (རྣམ་གྲོལ་གླིང་།)

 
རྣམ་ཤེས་འཐེང་པོ་རེ་དབྱུག་པར་ཁེན་ནས།།
འཁོར་བའི་གཡང་ཁ་ལ་ངུ་བཞིན་སྡོད་དུས།།
དཔུང་ལག་རིང་མོ་ཡིས་རྒྱབ་ནས་འཇུས་ཏེ།།
ཞི་བའི་ནགས་ཀླུང་ལ་སྐྱེལ་མཁན་ཁྱོད་རེད།།

རང་ཁ་མི་སོས་པའི་སྤྲང་འཁྱམ་འགའ་ཡི།།
འཚོ་བའི་རྐང་ལག་གི་རྐྱོང་སྐུམ་ཆེད་དུ།།

དེ་ལས་མང་བ་། “ཁྱོད་རེད། ཁྱོད་རེད།” »

སྙན་ངག

ཨེ་ཝྃ་བདེན་གཏམ་ཡིད་ཀྱི་མེ་ལོང་།

Posted on 2015-08-222015-08-22 By ཁ་བརྡ No Comments on ཨེ་ཝྃ་བདེན་གཏམ་ཡིད་ཀྱི་མེ་ལོང་།

ཨེ་མ་ཧོ།

 
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཨེ་ཝྃ་རིག་པའི་རྟེན་འབྱུང་རྒྱལ་བའི་ལམ། །
ཇི་བཞིན་མངོན་གཟིགས་འགྲོ་ལ་སྟོན་མཁས་པ། །
འཛམ་གླིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག།
མཚོ་སྐྱེས་རྒྱལ་བས་ཚེ་རབས་ཀུན་ཏུ་སྐྱོང་།།
མཁས་པས་དབུ་ཚད་རིག་པའི་ཤིང་རྟ་ཆེ།།
བཙུན་མཆོག་འདུལ་འཛིན་དམ་པའི་ཆུ་འགོ་བ།།

དེ་ལས་མང་བ་། “ཨེ་ཝྃ་བདེན་གཏམ་ཡིད་ཀྱི་མེ་ལོང་།” »

སྙན་ངག

དེང་རབས་ཀྱི་ཆབ་སྲིད་པ།

Posted on 2015-08-212015-08-21 By ཁ་བརྡ 23 Comments on དེང་རབས་ཀྱི་ཆབ་སྲིད་པ།

འཇམ་གཅེས།

 
དེང་རབས་ཀྱི་ཆབ་སྲིད་པ་དང་། རྒྱལ་ཞེན་པ། བསམ་བློ་བ། རྩོམ་པ་པོ། འཐབ་རྩོད་པ། མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་སྨྲ་བ་པོ་སོགས། མདོར་ན་ཡོད་ཚད་ནས་ཡོད་ཚད་ལ་རློམ་མཁན་གྱི་མི་བུ་ཡ་མ་ཟུང་དག་ནི་གཞན་གྱིས་བཀོལ་སྤྱོད་གང་བྱས་ཙམ་ལས། རང་ཉིད་ལ་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་། ཤེས་ཡོན་གྱི་ཆུ་ཚད། བཟང་སྤྱོད་ཀྱི་རྨང་གཞི། ཉམས་མྱོང་གི་གདེང་སྤོབས། བསམ་བློའི་དཔལ་ཡོན་སོགས་གང་གི་ཆ་ནས་ཀྱང་ལེགས་ཆ་རྡུལ་ཕྲན་ཙམ་ཡང་མེད་ཁར། ད་དུང་རི་རྩེའི་དར་ཅོག་ལྷགས་རླུང་གིས་གཡུག་པ་ཇི་བཞིན་བསམ་སྤྱོད་གཉིས་ཀྱི་

དེ་ལས་མང་བ་། “དེང་རབས་ཀྱི་ཆབ་སྲིད་པ།” »

བསམ་ཚུལ།

རྒྱ་རྐུན་རྒྱབ་ཏུ་རྒྱ་ནག་གཞུང་ཡོད་ངེས་པ་རེད།

Posted on 2015-08-212015-08-21 By ཁ་བརྡ 3 Comments on རྒྱ་རྐུན་རྒྱབ་ཏུ་རྒྱ་ནག་གཞུང་ཡོད་ངེས་པ་རེད།

སྐྱོ་བྲག་དགའ་དབང་།

 
དེང་སྐབས་དྲ་ལམ་དུ་ཁྱབ་བཞིན་པའི་གསར་འགྱུར་ཡ་ང་བ་ཞིག་ཡོད་པ་ནི། བོད་ཡུལ་སྟོད་སྨད་ཀུན་ཏུ་བྱིས་པ་རྣམས་ཀྱི་དབང་པོ་དང་དོན་སྣོད་གསོན་ལེན་བྱེད་པའི་རྒྱ་རིགས་རྐུན་མ་མང་པོ་ཞིག་ཡོད་པའི་གནས་ཚུལ་བདེན་པ་བ་དེ་རེད།
རྒྱ་རིགས་རྐུན་མ་རྣམས་ཀྱིས་བོད་ཡུལ་གྱི་བྱིས་པའི་དབང་པོ་དང་དོན་སྣོད་གསོན་ལེན་བྱེད་པ་འདིའི་རྒྱབ་ལོགས་སུ་རྒྱ་ནག་གཞུང་གི་ཆབ་སྲིད་ཡོད་པ་ནི་ངེས་པ་སྟེ། རྒྱ་ནག་གཞུང་ལ་མཚོན་ན། བོད་ཀྱི་ཡུལ་ལུང་ནི་ཆུ་དང་གཏེར་ཁའི་ཐོན་ཁུངས་ཙམ་ཡིན་ལ། ཆོས་དང་རིག་གཞུང་ནི་དགོས་མེད་ཀྱི་རྨོངས་དད་ཙམ་དང་།

དེ་ལས་མང་བ་། “རྒྱ་རྐུན་རྒྱབ་ཏུ་རྒྱ་ནག་གཞུང་ཡོད་ངེས་པ་རེད།” »

སྣ་ཚོགས།

★རང་དབང་གི་ཁམས་ཆེན་མོ།★

Posted on 2015-08-212015-08-21 By ཁ་བརྡ་ 2 Comments on ★རང་དབང་གི་ཁམས་ཆེན་མོ།★

ཁ་བའི་ལྷ་མོ།

 
བདེན་པ་བསུ
རང་དབང་འབོད
དཀར་པོ་སྤྲིན་གྱི་ལམ་ན
ཉི་མ་དང་ཟླ་བ
མི་དཔོན་རྗེ་བོ་ཚོ
ས་འབུ་གྲོག་མ་བཞིན
གང་ན་ཡོད

དེ་ལས་མང་བ་། “★རང་དབང་གི་ཁམས་ཆེན་མོ།★” »

སྙན་ངག

སྤྲང་པོའི་མ་ཎི།

Posted on 2015-08-212015-08-21 By ཁ་བརྡ No Comments on སྤྲང་པོའི་མ་ཎི།

གཙང་ཞོལ་བདེ་གསལ།

 
༡༽ འཁོར་བ་གཏིང་ནག་གི་ཀློང་ཡངས་སུ།།
ཐབས་ཤེས་ཉི་ཟླ་ཡི་འོད་གསལ་འཕྲོས།།
ཐུགས་རྗེ་ཀུན་ཁྱབ་ཀྱི་མགོན་སྐྱབས་མཆོག །
བདག་གི་སྟོན་པ་དེར་སྐྱབས་སུ་མཆི།།

༢༽ བག་མེད་བྱ་སྤྱོད་ཀྱིས་མགོ་བོ་འཁོར།།
ལོག་ལྟའི་རྨོངས་ཤེད་ཀྱིས་ཁ་ཕོ་བསྒྲགས།།

དེ་ལས་མང་བ་། “སྤྲང་པོའི་མ་ཎི།” »

སྙན་ངག

གནས་ལུགས་སྡོམ་ཆིག་གི་གསེབ་ཏུ་ཡིབ་དོན་ཅི།

Posted on 2015-08-212015-08-21 By ཁ་བརྡ No Comments on གནས་ལུགས་སྡོམ་ཆིག་གི་གསེབ་ཏུ་ཡིབ་དོན་ཅི།

ཁྲོ་གཏུམ།

 
དལ་བུར་དལ་བུར་མདུན་དུ་བསྐྱོད་ན
ཆེས་ཆེ་བའམ་ཡང་ན་ཅུང་ཆུང་བའི་ས་སྒང་རིལ་མོ་འདིར
ཤོག་བུའི་སྟེང་གི་ནག་ཐིག་འདེད་ཞོར
ངས་ཁྱོད་མཐོང་ཞིང
ཁྱོད་ཀྱིས་ང་རང་མཐོང་བའི་རྐང་གཉིས་དག་མཐོང

 
གལ་སྲིད

དེ་ལས་མང་བ་། “གནས་ལུགས་སྡོམ་ཆིག་གི་གསེབ་ཏུ་ཡིབ་དོན་ཅི།” »

སྙན་ངག

ཆོལ་ཁའི་མིང་འཁྱེར་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་མ་འདོན་རོགས།

Posted on 2015-08-202015-08-20 By ཁ་བརྡ 12 Comments on ཆོལ་ཁའི་མིང་འཁྱེར་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་མ་འདོན་རོགས།

སྐལ་བཟང་སྤེན་པ།

 
སྲིད་སྐྱོང་ལམ་ལུགས་སྣ་ཚོགས་ཁྲོད། མང་གཙོའི་ལམ་ལུགས་དེ་བཞིན་ལྟོས་བཅས་ཀྱིས་སྤུས་ཚད་ལེགས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ནི་སྨྲོས་མེད་རེད། ལྷག་པར་དུ། དེང་གི་དུས་སུ་སྐྱེ་བོ་མང་པོས་རང་སྲོག་ཀྱང་བློས་གཏོང་གིས། ལམ་ལུགས་དེའི་ཆེད་རྩོད་བཞིན་ཡོད།
འོན་ཀྱང་། ང་ལྟ་བུར་མཚོན་ན། མང་གཙོ་ནི་སྐབས་རེ་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ལ་མཐོང་གིན་ཡོད། རལ་གྲི་དེ་དཔྱོད་ཤེས་མ་ཐུབ་པའི་བྱིས་པ་ཞིག་གི་ལག་ཏུ་བཞག་ཚེ། རལ་གྲི་གནམ་ལ་འཕྱར་མ་ཤེས་པར་རང་ཉིད་ཀྱི་སྐེ་གཅོད་པའི་ཉེན་ཁ་ཡོད།

དེ་ལས་མང་བ་། “ཆོལ་ཁའི་མིང་འཁྱེར་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་མ་འདོན་རོགས།” »

བསམ་ཚུལ།

སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྔ་རོལ་གྱི་ཀ་བཤད།

Posted on 2015-08-202015-08-20 By ཁ་བརྡ No Comments on སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྔ་རོལ་གྱི་ཀ་བཤད།

གཞུང་པ་ཚེ་དབང་བསོད་ནམས། (ཀོ་ལི་གྷལ)

 
བཀའ་ཁྲི་སྲིད་སྐྱོང་མིང་བསྒྱུར་གཟི་བརྗིད་ཆེ།།
ཁ་དམག་འགན་འཁུར་སྲིད་སྐྱོང་འཚང་ཁ་འདུག །
ག་ས་ག་ལ་ཕྱོགས་གཏོགས་འགན་ཁུར་མང་།།
ང་ཡིན་ཁོ་ཡིན་སྟོང་གཏམ་འབྲུག་ལྟར་གྲགས།།
ཅོལ་ཆུང་བློ་ཡི་རང་ཚུགས་ཤོར་ཡོང་ངོ་།།
ཆ་རྒྱུས་མེད་ཀྱང་ཚོགས་སྐྱིད་རྗེས་སུ་འབྲངས།།

དེ་ལས་མང་བ་། “སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྔ་རོལ་གྱི་ཀ་བཤད།” »

སྙན་ངག

མཛོད་དགེ་འབྲིང་བ་ཡུལ་ཚོར་འབྱུང་བཞིན་པའི་གནས་ཚུལ།

Posted on 2015-08-202015-08-20 By ཁ་བརྡ No Comments on མཛོད་དགེ་འབྲིང་བ་ཡུལ་ཚོར་འབྱུང་བཞིན་པའི་གནས་ཚུལ།

གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།

dingwa 07ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༩ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། འདི་ཟླའི་ཚེས་༡༠ ཉིན་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གནས་རི་བྲག་རྫོང་དུ་རྒྱ་གཞུང་གི་གཏེར་འདོན་ཚན་པ་ཞིག་གིས་བཙན་ཤེད་ཀྱིས་གཏེར་ཁ་སྔོག་རྩིས་བྱེད་བཞིན་ཡོད་ཅིང་། ས་གནས་མང་ཚོགས་ཀྱིས་གནས་རི་བྲག་རྫོང་བསྔོག་ན་ཡུལ་ལ་བཀྲ་མི་ཤིས་ཤིང་།

དེ་ལས་མང་བ་། “མཛོད་དགེ་འབྲིང་བ་ཡུལ་ཚོར་འབྱུང་བཞིན་པའི་གནས་ཚུལ།” »

གསར་འགྱུར།

ལོ་རྒྱུས་ཀྱི་གོ་དོན།

Posted on 2015-08-202015-08-20 By ཁ་བརྡ No Comments on ལོ་རྒྱུས་ཀྱི་གོ་དོན།

རྩོམ་པ་པོ། ཇ་ཡ་པ་ལན།༼དབྱིན་ཡིག༽
སྒྱུར་པ་པོ། ལྷ་མོ་སྐྱབས། ༼བོད་ཡིག༽

སྤྱིར་མཚན་ཉིད་ཀྱིས་བརྗོད་བྱ་དེའི་ཁྱབ་ཚད་ལ་ཚད་གཞི་འཛིན་ཞིང་གསལ་བར་བྱེད། དེ་ཡིས་ས་མཚམས་དག་བཟོ་བར་བྱེད་ཅིང་སྒྲིག་གཞི་གཞན་ལས་དབྱེ་བ་འབྱེད་པ་ཡིན། ལོ་རྒྱུས་ལ་གཞིགས་ཏེ་བརྗོད་ན་མཁས་པ་དང་སྨྱུག་ཐོགས་པ་རྣམས་ཀྱིས་འགྲེལ་བཤད་སྣ་ཚོགས་པ་ཞིག་བརྒྱབས་ཡོད། ལོ་རྒྱུས་ཀྱི་འགྲེལ་བཤད་སྣ་ཚོགས་ཤིག་མཆིས་ནའང་། མཐར་གཏུགས་ཀྱི་མཚན་ཉིད་ཅིག་ད་དུང་མེད་པ་ལ་ཕར་ཆེར་ཡོད་ཀྱང་སྲིད་པ་མ་ཡིན།
གྷི་རི་ཀི་རྣམས་ནི་ལོ་རྒྱུས་འགྲེལ་བཤད་ཀྱི་སྲོལ་འབྱེད་པ་ཡིན།

དེ་ལས་མང་བ་། “ལོ་རྒྱུས་ཀྱི་གོ་དོན།” »

འགྱུར་རྩོམ།

རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་སྲིད་སྐྱོང་ལ་ལངས་པ་ཡིན།

Posted on 2015-08-202015-08-20 By ཁ་བརྡ 21 Comments on རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་སྲིད་སྐྱོང་ལ་ལངས་པ་ཡིན།

ཡོང་ཁུངས། བོད་ཀྱི་དུས་བབ།

 

དབུས་གཙང་གི་རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་ང་སྲིད་སྐྱོང་ལ་ལངས་པ་ཡིན།

 
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༠ ཐོག་མེག་གྷན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ། ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

ལྷན་ཚོགས་ཐོག་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཁོང་གི་ལོ་རྒྱུས་ངོ་སྤྲོད་གནང་དོན།

དེ་ལས་མང་བ་། “རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་སྲིད་སྐྱོང་ལ་ལངས་པ་ཡིན།” »

གསར་འགྱུར།

འདབ་ཆགས་ཀྱི་སྲིད་སྐྱོང་ལངས་པའི་གཏམ་རྒྱུད།

Posted on 2015-08-202015-08-20 By ཁ་བརྡ 2 Comments on འདབ་ཆགས་ཀྱི་སྲིད་སྐྱོང་ལངས་པའི་གཏམ་རྒྱུད།

ཆབ་མདོ་ངག་ཕུན།

 
བློ་ཡི་སྤྲིན་ལས་འོང་བའི་གཏམ་རྒྱུད་འདི།།
གངས་ལྗོངས་སྐད་ཡིག་གོང་འཕེལ་ཡོང་དམིཌ་ཏེ།།
རྟོགས་བཟོའི་སེམས་ལ་་གང་ཤར་འདི་ཉིད་བརྩམས།།
ཀློག་མཁན་རྣམས་ཀྱི་དེ་ལུགས་དགོངས་འཇཌ་མཛོད།།

དེ་ཡང་སྔོན་སྐྱིད་གཤོངས་ཟེར་བའི་ལུང་པའི་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡོད། ལུང་པ་དེར་བྱ་རིགས་སྣ་ཚོགས་ཤིག་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། བྱ་རིགས་དེ་དག་ནི་འཚོ་གོས་ཁོ་ནར་མགོ་འཁོར་ནས་གཡས་གཡོན་

དེ་ལས་མང་བ་། “འདབ་ཆགས་ཀྱི་སྲིད་སྐྱོང་ལངས་པའི་གཏམ་རྒྱུད།” »

བརྩམས་སྒྲུང་།

ཨ་མ་དྲན་གླུ

Posted on 2015-08-192015-08-19 By ཁ་བརྡ No Comments on ཨ་མ་དྲན་གླུ

མུ་ལ།
———གྲོགས་ཅོ་ནེ་ལྷ་མོ་སྐྱབས་ཀྱི་ཚབ་དུ་བྲིས།

 
ཟླ་དགུ་ཞག་བཅུའི་རིང་ལ། །
མངལ་དུ་ཁུར་བའི་ཨ་མས། །
བཙས་པའི་བུ་ཆུང་ང་རང་། །
དགའ་བའི་འཛུམ་གྱིས་བསུས་སོང་། །

བྱམས་ལྡན་དྲིན་ཆེན་ཨ་མ། །
འཇིག་རྟེན་འདི་ན་ཡོད་དུས། །

དེ་ལས་མང་བ་། “ཨ་མ་དྲན་གླུ” »

སྙན་ངག

བུད་མེད་དང་རྒྱ་མཚོ་ཆེན་པོ།

Posted on 2015-08-192015-08-19 By ཁ་བརྡ 2 Comments on བུད་མེད་དང་རྒྱ་མཚོ་ཆེན་པོ།

unnamed———དགེ་མང་ཟླ་བས་བསྒྱུར།

 
ཨ་ཆེ་ནཱ་རྗི་མ་ནི་སེམས་སྐྱོའི་ངང་མིག་ཆུ་འཐོར་བཞིན་གདའ། ཁོང་མོས་སྔོན་ཆད་རྒྱ་མཚོ་ཆེན་པོ་ནམ་ཡང་མཐོང་མྱོང་མེད། ནང་མི་དང་ང་ཚོ་རྡོ་བ་ཞིག་གི་སྟེང་དུ་བསྡད་དེ་མུ་མཐའ་བྲལ་ཞིང་གཏིང་དཔོག་དཀའ་བའི་ཨཱར་བྷེན་རྒྱ་མཚོའི་ལན་ཚྭའི་དྲི་བསུང་རྔུབ་བཞིན་གང་དེའི་དཔག་ཚད་ཀྱི་འགྱིངས་སུ་མིག་ཟུང་ཡང་ཡང་ཤོར།

དེ་ལས་མང་བ་། “བུད་མེད་དང་རྒྱ་མཚོ་ཆེན་པོ།” »

འགྱུར་རྩོམ།

Posts pagination

Previous 1 … 261 262 263 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme