__ སྨྱུག་མདའ།
དབེན་པའི་གད་པ་སྐྱ་བོའི་འགྲམ་དུ་ཐོན། །
སྣང་སྲིད་ཉི་འོད་སེར་པོས་སྐུལ་བརྡ་ཐེབས། །
ངེས་འབྱུང་བཅོས་མ་ཞིག་གི་དཀྱིལ་འཁོར་ན། །
བཙུན་པ་ཞིག་གི་གཟན་གོས་འཕྲེད་དུ་གཡུག །
མི་ཚེ་ཁེར་རྐྱང་ཟེར་བའི་ཆིག་ལབ་འདི། །
__ སྨྱུག་མདའ།
དབེན་པའི་གད་པ་སྐྱ་བོའི་འགྲམ་དུ་ཐོན། །
སྣང་སྲིད་ཉི་འོད་སེར་པོས་སྐུལ་བརྡ་ཐེབས། །
ངེས་འབྱུང་བཅོས་མ་ཞིག་གི་དཀྱིལ་འཁོར་ན། །
བཙུན་པ་ཞིག་གི་གཟན་གོས་འཕྲེད་དུ་གཡུག །
མི་ཚེ་ཁེར་རྐྱང་ཟེར་བའི་ཆིག་ལབ་འདི། །
ཆབ་ཚང་འཇམ་དཔལ།
འདས་པའི་བོད་ཀྱི་སྲིད་སྐྱོང་འོས་འདེམས་བྱེད་སྟངས་ལ་བསྐྱར་ཞིབ་ཀྱིས་འབྱུང་འགྱུར་གྱི་སྲིད་སྐྱོང་འོས་མིར་བལྟས་པ།
གཅིག འདས་པའི་སྲིད་སྐྱོང་འོས་མི་ཚོར་བོད་ཀྱི་ལོ་རྒྱུས་དང་སྦྲགས་ནས་བལྟས་པ།
དགྲ་ནག་ (རྒྱ་ནག) ཧན་ནུབ་མའི་རྒྱལ་རྒྱུད་ཀྱི་སྐབས་བོད་རྗེ་ཐོག་མར་གཉའ་ཁྲིས་མངའ་རིས་སྟོད་ཀྱི་ས་ཁྱོན་ཡོངས་ལ་དབང་བསྒྱུར་གྱིས་བོད་མི་ཡོངས་རྫོགས་སྲིད་གཞུང་གཅིག་གི་དབང་འོག་བསྡུས་པ་རེད། སྲིད་དོན་ཚན་རིག་གི་ཐོག་ནས་བཤད་ན། དེ་ནི་མི་རིགས་ཤིག་གི་སྲིད་གཞུང་དབུ་བརྙེས་པའི་ཐོག་མར་ངོས་འཛིན་བྱེད་ཆོག་པ་ཞིག་རེད།
དོལ་སྨྱོན།
ཕ་བོང་ཐུར་དུ་རིལ་འདྲའི་རྒྱ་སྐད་དེ།།
རྣ་བའི་བུ་གར་དེ་ཙམ་མི་སྙན་ཀྱང་།།
ཞལ་རས་སྒོར་སྒོར་ཡིན་པའི་རྒྱ་མོ་ཚོའི།།
རྣམ་འགྱུར་དེ་ནི་མིག་གི་བདུད་རྩི་ཉིད།།
རླབས་ཆེན་བྲག་ལ་བརྡབས་འདྲའི་”ཧྥ་”སྐད་དེ།།
ཚེ་འབར།
དེ་རིང་ཁ་སང་དྲ་ལམ་ཁག་ན་སྐུ་ཞབས་འོད་ཟེར་བ་ཞིག་གིས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྐོར་ལ་སྐད་ཆ་བཤད་པའི་བརྙན་ཐུང་ཞིག་ཁྱབ་ནས་འགྲོ་བཞིན་འདུག ཁོ་བོས་དེ་ལ་ཐེངས་གཅིག་བལྟས་ཙ་ན། དབང་མེད་དུ་ཁོང་དགོད་ཅིག་ཤོར་སོང་། ངོ་ཚ་ནས་འབར་ལ་ཁད་བྱས་སོང་། གཞན་གྱིས་ཆ་འཇོག་བྱས་པ་ནི་མིན། གཞན་གྱིས་བཙན་སྐུལ་བྱས་པའང་མིན། ཅིའི་ཕྱིར། འདི་ལྟ་བུའི་སྐད་ཆ་ཞིག་བཤད་པ་ཡིན་ནམ།
བློ་བཟང་ལུང་རྟོགས་ནས།
ཞག་ཞེ་དགུའི་སྐབས་ཀྱི་སེམས་ཚོར། ཉེས་མེད་སྡུག་གསོད།
ཟླ་འདིའི་ཕྱི་ཚེས་གཉིས་གསུམ་ཙམ་ལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་རིན་པོ་ཆེ་མཆོག་གི་སྲིང་མོ་གཉིས་ལ་ཐུག་འཕྲད་དུ་ཤོག་ཟེར་ནས་སྐད་བཏང་ཡོད་ཀྱང་། སང་ཉིན་ཐུག་བཅུག་གི་ཡིན། གནངས་ཉིན་ཐུག་བཅུག་གི་ཡིན་ཟེར་ནས་ཉིན་ཤས་རིང་ཐུག་འཕྲད་བྱེད་དུ་བཅུག་མེད་པར། ༢༠༡༥ལོ་ཟླ་༧ ཚེས་༡༢ ཉིན་སྲིང་མོ་གཉིས་ཐུག་འཕྲད་དུ་འགྲོ་སྐབས་འབྲེལ་ཡོད་ལས་བྱེད་ཀྱིས་ཐུག་འཕྲད་བྱས་ན་ཡོང་གི་མ་རེད་ཅེས་ལབ་ཡོད་པ་དང་།
དེ་ལས་མང་བ་། “ང་ཚོས་རང་ཉིད་ཀྱི་སེམས་ཚོར་ཕྱིར་སྟོན་མ་ཆོག་པ་གང་ཡིན་ནམ།” »
རྩོམ་པ་པོ། འབུམ་རམས་པ་ཞུའུ་ཕེ།
ལྷ་སྡེ་གནམ་ལོ་ཡག་གིས་བོད་སྒྱུར་བྱས།
ང་རང་ནི་འཇར་མན་གྱི་རྒྱ་རིགས་ཤིག་ཡིན་ནའང་། བོད་དོན་དང་འབྲེལ་བའི་བརྗོད་གཞི་ཡོད་ཚད་ལ་དོ་སྣང་བྱེད་ཀྱི་ཡོད་ཅིང་། རྒྱུ་མཚན་ནི་ང་རང་བོད་ཁུལ་དུ་སྐྱེ་བས་ཡིན་ལ། གཅིག་བྱས་ན་སྐྱེ་བ་སྔོན་མར་བོད་མི་ཞིག་ཡིན་ཡང་སྲིད། གང་ལྟར་ངས་འཇར་མན་ནས་ཕ་ཡུལ་དུ་ལོག་རྩིས་སྔ་རྗེས་སུ་ཐེངས་གཉིས་ལ་བྱས་ཀྱང་ཕྱིར་ལོག་མ་བཅུག་པས། ང་རང་ལ་རྒྱ་ནག་དམར་ཤོག་ཚོགས་པ་ནི་ནག་ཉེས་ཀུན་ཀྱི་འབྱུང་ཁུངས་ཡིན་པ་ངོ་འཕྲོད་ཡོད་ལ།
དེ་ལས་མང་བ་། “བོད་མི་འོས་འདེམས་མཁན་ལྷན་རྒྱས་ལ་ཕུལ་བའི་སེམས་འཕྲིན།” »
བློ་གྲོས་རབ་བརྟན།
བཙན་བྱོལ་བོད་མིའི་ཁྲོད་ནས་དེང་གི་བོད་རང་བཙན་འགུལ་སྟངས་ནི་མ་འདྲ་བ་ཞིག་རེད། ལོ་རྒྱུས་ཐོག་གི་བོད་རང་བཙན་དེ་མ་རེད་ལ། ཐོབ་ཐང་གི་ཁྱབ་ཁོངས་ཀྱི་བོད་རང་བཙན་ཡང་མ་རེད། དེས་ན། རྒྱ་གཞུང་གི་དགོས་མཁོ་ཞིག་དང་། བོད་མི་ནང་ཁུལ་དུ་དཀྲུག་ཤིང་ཞིག ཐ་ན་༧གོང་ས་མཆོག་གི་མཛད་འཕྲིན་ཡན་ལ་ཟུར་ཟ་བྱེད་པའི་ཅ་ལག་ཅིག་ཏུ་གྱུར་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པ་དང་།
དེ་ལས་མང་བ་། “རྒྱ་གཞུང་གི་དགོས་མཁོ་ཞིག་དང་བོད་ནང་ཁུལ་དཀྲུག་ཤིང་ཞིག” »
དྲི་བ། ཁྱོད་རང་ངོ་སྤྲོད་ཅིག་དང་བསྟུན་ཁྱོད་ཀྱི་ཆེད་ལས་ག་རེ་ཡིན་ནམ།ལན། ངའི་སྐྱེས་མིང་ལ་རྡོ་རྗེ་ཚེ་བརྟན་དུ་འབོད་པ་དང་རྩོམ་ཡིག་འབྲི་དུས་གཉན་པོ་ཞེས་པའི་པིར་མིང་ཞིག་སྤྱོད་ཀྱིན་ཡོད། ང་ནི་ལོ་རབས་བརྒྱད་ཅུ་པའི་ནང་རེབ་གོང་གི་འབྲོག་སྡེ་ཞིག་ཏུ་
དེ་ལས་མང་བ་། “གཉན་པོས་ལྷ་ས་རྩོམ་རིག་མེ་ལོང་གི་རྩོམ་སྒྲིག་པའི་དྲི་བར་ལན་བཏབ་པ།” »
གཅན བཟོད་རྒྱམ།
སྤྱིར་བཏང་དེང་སང་དྲ་ངོས་སུ་མང་པོ་ཡོང་གི་མེད། ཡོང་ནའང་རྩོམ་བྱང་དང་རྩོམ་མཁན་ལ་ལྟ་ཙམ་བྱེད་པ་ལས་རྩོམ་ཡིག་དག་ཞིབ་ཀློག་གི་དུས་ཚོད་སྐྱེལ་གི་མེད། དེ་རིང་འདིར་ཐེངས་བཞི་བའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུར་ཟུར་ཞུགས་མཁན་ཞིག་གིས་བསམ་ཚུལ་བྲིས་འདུག ཞིབ་ཏུ་བཀླགས་པ་ཡིན། མཆན་བུ་ཚོར་ཡང་བལྟས་པ་ཡིན།
སྤྱིར་བསམ་ཚུལ་སུས་ཀྱང་བཤད་ཆོག་གི་རེད། གོང་བཀོད་བསམ་ཚུལ་འདི་ཡང་ལར་ཞེན་གྱིས་འགོ་མཇུག་ཀུན་ལ་ཁྱབ་པ་ཞིག་བྲིས་འདུག
ས་འཛིན་དཀར་པོ།
ཀླུ་ཡི་འཇིག་རྟེན་ཁམས་ནས་ཕེབས་པ་མིན།།
ང་ཚོའི་སྦྲ་ནག་བཙན་པོའི་མཁ༷ར་ནས་ཡོང་།།
རུས་པར་བྱ༷མས་པོ་དོར་བའི་འདོ་མེད་མིན།།
མཐོ་སྒང་བཙ༷ན་པོ༷་ཚ༷ང་གི༷་རུས༷་བརྒྱུད༷་ཡི༷ན།།
ཀླུ་གཉན་རྒྱལ་པོས་སྤྲུལ་བའི་གདུད་རྩུབ་མིན།།
——ཆབ་མདོ་ངག་ཕུན།
༢༠༡༥/༥/༢༩ ལོའི་ཉིན་གུང་ཆུ་ཚོད་གཉིས་པ་དང་སྐར་མ་ཞེ་དགུ་ཐོག་ལ་ཕྲུ་གུ་གཉིས་ཉིན་བཅུའི་གུང་སེང་ལེན་པར་དྷ་ས་ནས་ལྡེ་ར་རྡུང་བར་སྤྱི་སྤྱོད་རླངས་འཁོར་ནང་ཡོང་རྩིས་ཀྱིས་དྷ་ཤོད་བར་དུ་རྐང་ཐང་ལ་ཕྱིན་པ་ཡིན་ཞིང་། རླངས་འཁོར་དཀྱུས་མའི་འཁོར་གླར་ཧིན་སྒོར་
གནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་གྱི་དགོང་མོའི་དུས་ཚོད་ ༥ ཐོག་ཨོ་སི་ཊོ་ལེ་ཡའི་སེད་ནེའི་གྲོང་ཁྱེར་གྱི་བྱང་ཕྱོགས་མཚོ་ཁུལ་ནས་དང་བླངས་ལས་འགུལ་བ་ཁག་ཅིག་གིས་<<ཨེ་ཤ་ཡའི་སྤྱི་འཐུས་འོས་མིའི་བགྲོ་གླེང་ཆེན་མོ།>>ཞེས་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཡའི་བོད་མི་མང་སྤྱི་འཐུས་འོས་མི་རྣམས་ཀྱི་
དེ་ལས་མང་བ་། “ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཡའི་སྤྱི་འཐུས་འོས་མི་རྣམས་ཀྱི་བགྲོ་གླེང་།” »
—གཙང་པ་བཀྲ་སྟོབས།
གློ་བུར་དུ་འཆི་ལམ་དུ་ལྷུང་ཡོང་བ་འདི་ནི་དུས་རྒྱུན་དུ་ནས་རང་གིས་རང་ལ་བདག་སྐྱོང་ཡག་པོ་ཞིག་མ་བྱས་པའི་རྐྱེན་གྱིས་ཐིགས་པ་དུ་མས་རྒྱ་མཚོའི་ཁ་གང་བ་བཞིན་ཡིན་སྟབས། རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཟ་འཐུང་འདུག་སྤྱོད་ཀྱིས་མཚོན་པའི་སྤྱོད་ལམ་མཐའ་དག་
གངས་ལྷ་མོས་བསྒྱུར།
(གྲགས་ཅན་འཁྲབ་སྟོན་མ་ཞིག་གི་འགྱོད་གདུང་།)
དེ་སྔོན་ཧྲང་ཧེའི་ཀོན་ཏུང་དུ། གདོང་མཆོང་བྱེད། ཅེས་པའི་མུ་འགོད་ལེའུ་ཚན་གློག་བརྙན་དེ་འཁྲབ་མྱོངས་པའི་གྲགས་ཅན་འཁྲབ་སྟོན་མ་ ཏཱིང་ཅ་ལིས་ཉེ་སྔོན་ཙམ་དུ་སྤྱི་ཕན་གྱི་བགྲོ་གླེང་ཐོག་ཚང་མའི་མདུན་དུ་སོ་སོའི་འཚོ་བའི་ཀུན་སྤྱོད་འཆོལ་ཞིང་། ཐེངས་བཞིར་ཕྲུ་གུ་བསྐོག་པའི་ལོ་རྒྱུས་སྐོར་བཤད་པར་ཚང་མ་ཧང་སང་བར་གྱུར།
དེ་ལས་མང་བ་། “ཕོ་མོའི་འཁྲིག་སྦྱོར་བཅིང་འགྲོལ་གྱིས་ངའི་མི་ཚེ་ཕུང་ལ་སྦྱར།” »
—མཚམས་སྦྱོར་བ། གངས་འདབས།
རྗར་མེ་ནི་གྲོང་ཁྱེར་ལབ་རྫེག་དུ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་བཞི་པ་སྐོང་ཚོགས་ཀྱི་སྐབས་ལ་རྗར་མེ་ནི་བོད་ཀྱི་ཁང་པས་བོད་ཀྱི་རིག་གཞུང་མཚན་ཚོགས་ཤིག་ཚོགས་ཞུགས་པ་ཚོར་དམིགས་བཀར་གོ་སྒྲིག་ཞུས་སོང་།
——-ཨེ་མ་ཧོ།
ཨ་མའི་བུ་གཅེས་རྒྱལ་ཞེན་ཅན་པོ་ཧ་ཅང་དཀའ་བའི་སྲིད་སྐྱོང་ལོངས་ཐལ།།
ས་སྐྱོང་དཔོན་གྱི་གོ་སར་མིན་པར་ཤ་ཞེན་བདེན་པའི་དམ་དཔུང་ཆེན་པོས།།
ལ་རྒྱའི་རྒྱལ་མཚན་ལེགས་པར་འཛུགས་ནས་ར་རིའི་ནང་དཀྲུགས་ཟིལ་གྱིས་བརྣན་པ།།
དེ་ལས་མང་བ་། “ཨ་ཚོགས་ཀླུ་མཁར་བྱམས་པའི་རང་བཞིན་བརྗོད་པ་ཉི་འཛིན་རང་གྲོལ།” »
མིག་ཆུ། (དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ།)
ང་ནི་ཡོ་རོབ་ཁུལ་དུ་ཆབ་སྲིད་ཚན་རིག་སློབ་གཉེར་བྱེད་མཁན་ཞིག་ཡིན་པ་ལས་བོད་རིག་པའི་ཞིབ་འཇུག་པ་ཞིག་མིན། འོན་ཀྱང་ང་ནི་བོད་ཀྱི་རིག་གཞུང་ལ་དང་དོད་ཡོད་མཁན་གྱི་གཞོན་སྐྱེས་ཤིག་ཡིན་པས།ད་ཐེངས་སློབ་གྲྭའི་གུང་སེང་གི་དུས་སྐབས་དང་བསྟུན་ནས་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་འདུ་ཐེངས་བཞི་པའི་སྟེང་ཟུར་ཉན་དུ་ཕྱིན་པ་ཡིན། དེ་ཡང་ཧ་ཅང་དགའ་འོས་པའི་དོན་དག་ཅིག་ནི་ད་ཐེངས་ཀྱི་ཚོགས་འདུ་འདིའི་སྟེང་དུ་ནུབ་གླིང་གི་བོད་རིག་པའི་མཁས་པ་དང་།
དེ་ལས་མང་བ་། “རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་འདུ་སྒང་གི་དགའ་སྐྱོའི་མྱོང་ཚོར།” »
སྨྱུག་མདའ།
རྐང་རྗེན་མགྲིན་པ་དེ་རུལ་བ་ཤེས།།
སུག་ལག་སྒུར་མོ་ཚོ་ཆེ་ཚོད་འདུག།
ཁ་སང་ཉི་མ་ལ་དེ་ལྟར་གླེང་།།
ཡིག་ཐུམ་སེར་པོ་ཚང་འདི་ལྟ་འོ།།
འགྲམ་གྱི་མི་སྐད་ལ་སྒྲ་ནི་ཆེ།།
གློག་གི་བར་གསེང་ལ་རླུང་ཞིག་ཁྱབ།།
རྫ་སྐྱེས་མྱུ་གུ
དེ་ཡང་འདི་ནས་ཁོ་བོའི་སེམས་གཏིང་གི་བསམ་ཚུལ་འགའ་བརྗོད་ན་འདོད་པས་ཞུ་རྒྱུ་ལ། ང་ཚོ་ལ་མི་དགོས་པའི་སྲིད་སྐྱོང་དང་སྤྱི་འཐུས་ཞེས་པ་དེ་ཡིན། སྐུ་ཉིད་ཀྱིས་ཞིབ་ཏུ་བཀླགས་ནས་བསམ་བློ་གཏོང་རོགས་ཞུ།
བོད་དང་བོད་མིའི་དབར་ཕུ་དཀྲུག་མདའ་དཀྲུག་མཁན།
ཁ་ལ་དྲང་ཚུགས་ཡོད་ཀྱང་ཁོག་ཏུ་ཞེན་ཁོག་གིས་རུལ་བའི་ཁ་ཁོག་མི་མཚུངས་པའི་མི།
དེ་ལས་མང་བ་། “ང་ཚོ་ལ་གཏན་དུ་མི་དགོས་པའི་སྲིད་སྐྱོང་དང་སྤྱི་འཐུས།” »