—–ཨེ་མ་ཧོ།
རྟེན་འབྲེལ་ཞིག་ལ་བསམ་ནས་ཛམ་གླིང་མི་མཇེད་ཀྱི་ཞིང་དུ་འཚོ་ཞིང་གནས་པའི་སྲོག་ལྡན་འགྲོ་བ་ཡོངས་དང་། ཁྱད་པར་འགྲོ་བ་མིའི་རིགས་སུ་གཏོགས་པ་ཀུན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ལུས་བདེ་སེམས་སྐྱིད་རྩ་བ་བློ་ཁ་ཆོས་ལ་ཕྱོགས་ནས་ཆོས་ལ་འབད་བརྩོན་ལྷོད་མེད་ཀྱིས་འཚོ་བ་དང་།

—–ཨེ་མ་ཧོ།
—རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
སྨོན་ལམ་ཚིག་མཛོད་ཆེན་མོ་ཞེས་པ་དྲ་ལམ་ནས་བེད་སྤྱོད་གཏོང་ཐུབ་པ་བཟོས་པ་ནི། བཀྲ་ཤིས་པའི་བྱ་བ་ཞིག་དང་། རྗེས་སུ་ཡི་རང་འབུལ་དགོས་པའི་བྱ་བ་ཞིག་རེད། ཚིག་མཛོད་འདི་ཁ་པར་དང་གློག་ཀླད་ནས་བེད་སྤྱོད་བདེ་བ་དང་། མིང་བརྡའི་གྲངས་ཀ་དང་ཁྱབ་ཁོངས་གཉིས་ཀ་རྒྱ་ཆེན་པོ་རེད། སྒྲིག་སྟངས་སོགས་ཀྱི་ཆ་དེ་ལ་རྗེས་སུ་ཡི་རང་ཞུ་ཡི་ཡོད།
—–ཨེ་མ་ཧོ།