Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་མི་གཉིས་ལ་ཀུན་སྤྱོད་ཀྱི་ཆ་ནས་གཤིབ་བསྡུར་བྱས་པ།

Posted on 2016-02-182016-02-18 By ཁ་བརྡ 31 Comments on སྲིད་སྐྱོང་འོས་མི་གཉིས་ལ་ཀུན་སྤྱོད་ཀྱི་ཆ་ནས་གཤིབ་བསྡུར་བྱས་པ།

—ཕུར་རྡོར་གྱིས།

 
མིག་སྔར་གྱི་སྲིད་སྐྱོང་འོས་མི་གཉིས་ལ་བལྟས་ཏེ་ཀུན་སྤྱོད་གཅིག་པུའི་ཐོག་ནས་གཤིབ་བསྡུར་ཞིག་བྱས་ན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ཡིས་མང་ཆེ་བ་འབྱུང་འགྱུར་གྱི་འཆར་གཞི་དང་། གཞན་གྱིས་སྐྱོན་བརྗོད་བྱས་པར་དཔང་རྟགས་ཀྱི་སྒོ་ནས་གསལ་བཤད་བྱ་རྒྱུ་ཤ་སྟག་ལས། གཞན་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་ཀྱི་མེད། ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གིས་ནི་དེ་ལས་ལྡོག་ནས་ཁ་གཏད་དེ་ལ་གཞི་མེད་སྐྱོན་བརྗོད་ཤ་སྟག་སྟེ། དཔེར་ན། དུས་དབང་གསལ་བསྒྲགས་བྱེད་སྟངས་ཀྱི་ཐད་ལ་གཞུང་གི་གསང་བ་ཕྱི་བསྒྲགས་བྱེད་མི་ཆོག་པ་དེ་

དེ་ལས་མང་བ་། “སྲིད་སྐྱོང་འོས་མི་གཉིས་ལ་ཀུན་སྤྱོད་ཀྱི་ཆ་ནས་གཤིབ་བསྡུར་བྱས་པ།” »

བསམ་ཚུལ།

ལག་ལེན་ལ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཇི་ལྟར་བྱུང་ཡོད།

Posted on 2016-02-182016-02-18 By ཁ་བརྡ 7 Comments on ལག་ལེན་ལ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཇི་ལྟར་བྱུང་ཡོད།

ལྷག་བསམ་ནོར་བུ།

 
༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ལོ་ཤས་སྔོན་ནས་དབུ་བཙུགས་པའི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ཞུ་སར་བཅར་འདོད་ཤུགས་དྲག་ཡོད་ཀྱང་། ལས་བྲེལ་གྱི་དབང་གིས་ན་ནིང་བཀྲ་ཤིས་ལྷུན་པོ་ལ་མ་གཏོགས་བཅར་ཐུབ་མ་སོང་། དེ་སྐབས་ཕ་ཡུལ་གཅིག་པའི་གྲྭ་བ་མང་པོ་དང་། ལྷག་པར་དུ་མཛའ་གཅུགས་ཀྱི་འཛིན་གྲོགས་འགའ་རེ་དང་ངོ་འཕྲད་བྱུང་བས། ཧ་ཅང་སྐྱིད་སྣང་དང་དོན་སྙིང་ལྡན་པ་བྱུང་།
ཡིན་ནའང་། ཉིན་དེ་དག་གི་རིང་ལ་མཛའ་གྲོགས་རྣམ་པ་དང་ལྷན་དུ་ཁ་བརྡ་གློད་དེ་གདན་སའི་གནས་སྟངས་རྒྱུས་ལོན་བྱེད་སྐབས་

དེ་ལས་མང་བ་། “ལག་ལེན་ལ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཇི་ལྟར་བྱུང་ཡོད།” »

བསམ་ཚུལ།

དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད།

Posted on 2016-02-182016-02-18 By ཁ་བརྡ 22 Comments on དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད།

ངག་དབང་།

 
སྲིད་སྐྱོང་འོས་བསྡུའི་ཆེད་རྩོམ་ཡིག་སྤེལ་བ། གཏམ་བཤད་གོ་སྒྲིག གླེང་མོལ། ཁྱབ་བསྒྲགས་སོགས་སྤེལ་བཞིན་པ་འདིས། དོ་སྣང་ཞིག་དང་གོ་རྟོགས་ཤིག་མཚོན་གྱི་ཡོད། འདི་ནི་དགོས་པ་དང་དགའ་བ་བྱེད་དགོས་པ་གཉིས་ཀ་རེད། གླེང་སློང་མང་ཙམ་བྱས་པ་ཡིན་ན། དེ་ཚོད་ཀྱིས་འདམས་ཀ་མ་ནོར་བ་བྱེད་པར་ཕན་པ་རེེད། སྲིད་སྐྱོང་འོས་མི་གཉིས་ཀ་ཨ་རིའི་ནིག་ཡོག་ལ་ཕེབས་ནས་གཏམ་བཤད་གནང་སོང་། གོ་སྒྲིག་བྱེད་མཁན་ཕྱོགས་གཉིས་ཀར་ཐུགས་རྗེ་ཆེ་ཞུ་གི་ཡོད། གང་ལ་ཟེར་ན། མང་ཚོགས་ལ་ངོ་འཕྲོད་པའི་ཆེད་དུ་གོ་སྒྲིག་བྱས་པ་འདིས།

དེ་ལས་མང་བ་། “དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད།” »

བསམ་ཚུལ།

དུར་ས།

Posted on 2016-02-182016-02-18 By ཁ་བརྡ 3 Comments on དུར་ས།

–རྭ་འཕྲིན།

 
ཁྱེད་ནི་་་་་་་
འོས་ཤོག་མེད་ས།
ཆབ་སྲིད་མེད་ས།
ཕྱོགས་ཞེན་དང་འཐེན་འཁྱེར་མེད་ས།
མ་ཚད་ནང་འཁྲུག་ཀྱང་མེད་ས་ཞིག
གནས་འདི་ན་གོ་སྐབས་དམ་འཛིན་བྱེད་ས་མེད་ལ།

དེ་ལས་མང་བ་། “དུར་ས།” »

སྙན་ངག

བོད་ཡིག་གི་ཚད་མཐོང་དང་ཡིག་ནོར་རྒྱུན་འབྱམས།

Posted on 2016-02-182016-02-18 By ཁ་བརྡ 12 Comments on བོད་ཡིག་གི་ཚད་མཐོང་དང་ཡིག་ནོར་རྒྱུན་འབྱམས།

གློག་བརྙན་།

ལྗང་བུའི་དྲན་ངོས་ནས་སྐུ་ཞབས་རང་གྲོལ་བཙལ།

Posted on 2016-02-172016-02-17 By རེབ་གོང་བཀྲ་ཤིས། 4 Comments on ལྗང་བུའི་དྲན་ངོས་ནས་སྐུ་ཞབས་རང་གྲོལ་བཙལ།

ཡོང་ཁུངས། བོད་ཀྱི་དུས་བབ།   འདས་མ་ཐག་ལོར་བོད་ཀྱི་དུས་བབ་གསར་ཁང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཟླ་གཉིས་རིང་སྐོར་སྐྱོད་བྱས་པ་དང་བསྟུན་ཏེ། ཕྱི་ཟླ་༡༠ ཚེས་༡ ཉིན་འདི་གའི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཧྥ་རན་སིའི་ལྷོ་མཐའ་ཊོའུ་ལོའུ་སི་(Toulouse)ཞེས་པ་དེར་བསྐྱོད་དེ། རྩོམ་པ་པོ་སྐུ་ཞབས་ལྗང་བུ་ལགས་དང་ལྷན་དུ། ཁོང་གི་དྲན་ངོས་ཀྱི་དཔལ་དོན་གྲུབ་རྒྱལ་གྱི་སྣང་བརྙན་ཐར་ཐོར་དང་། ལྗང་བུ་ཁོང་རང་ཉིད་ཀྱི་སྙན་ངག་གི་འགྱུར་འགྲོས་སོགས་ཀྱི་སྐོར་ལ་ཉིན་ཞག་གསུམ་རིང་གླེང་མོལ་བྱས་པ་དང་། ཉེ་ལམ་བསྐྱར་དུ་གནད་དོན་ཁ་ཤས་ཐད་དོགས་འདྲི་ཞུས་ཏེ་གླེང་མོལ་གྱི་ནང་དོན་གནད་བསྡུས་ཡིག་ཐོག་ཏུ་ཕབ། ཞིབ་རྒྱས་འདིར་གཟིགས། http://tibettimes.net/རང་གྲོལ་རྒྱས་གླེང་།/

དྲན་ཐོ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ།

Posted on 2016-02-162016-02-16 By ཁ་བརྡ 7 Comments on ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ།

12722067_1298028650214063_1679457995_n—-འཇུ་སྐལ་བཟང་།
(འོས་སྦྱོར་བ། གཅན་བཟོད་རྒྱམ།)
 
ཉེ་བའི་དུས་སུ་ཏུང་ཧོང་ནས་ཐོན་པའི་བོད་ཀྱི་གནའ་བོའི་ཡི་གེ་འདི་དག་ནི་སྤྱི་ལོའི་དུས་རབས་བརྒྱད་པ་དང་། དགུ་བ། བཅུ་བ་བཅས་སུ་བྲིས་པའི་ལོ་རྒྱུས་ཀྱི་ཤུལ་བཞག་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དཔྱད་གཞི་རིན་ཐང་དང་ལྡན་པ་ཞིག་ལགས། དེ་ནི་བོད་གནའ་རབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་། ཆབ་སྲིད། དཔལ་འབྱོར། ཆོས་ལུགས། བོད་དང་མི་རིགས་གཞན་དག་བར་གྱི་འབྲེལ་བ།

དེ་ལས་མང་བ་། “ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ།” »

དཔྱད་རྩོམ།

ངའི་མཁན་པོ་ཀུན་དགའ་དབང་ཕྱུག [རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་བཤད།]

Posted on 2016-02-162016-02-16 By ཁ་བརྡ 21 Comments on ངའི་མཁན་པོ་ཀུན་དགའ་དབང་ཕྱུག [རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་བཤད།]

རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གསུངས།
ཚེ་རིང་བསམ་འགྲུབ་ཀྱིས་བསྒྱུར། ཡོང་ཁུངས། [慈_释心慈]
 
དྲ་ལམ་གྱི་མཚམས་སྦྱོར། (ལོ་ངོ་བདུན་བརྒྱད་ཅིག་གི་གོང་དུ་དེབ་གང་ཞིག་ནས་མཐོང་བ་མི་ཤེས། ངའི་སེམས་སུ་སྣང་བརྙན་ཞིག་ཡང་ཡང་དྲན་གྱི་འདུག བགྲེས་སོང་ཞིག མཁས་བཙུན་བཟང་གསུམ་ལྡན་པའི་རིན་པོ་ཆེ་བགྲེས་སོང་ཞིག ལེ་དབར་སྟོང་གི་གངས་རི་བརྒལ་ཏེ་རྒྱ་ནག་སྐམ་ས་ཆེན་མོ་ནས་བལ་ཡུལ་བརྒྱུད། ཕར་བལྟས་ཚོད་ལ་ཅི་བྱ་གཏོལ་བྲལ་གྱི་རིིན་པོ་ཆེ་གཞོན་ནུ་ཞིག་གི་དྲུང་དུ་འཕྲལ་དུ་བཅར་བ་ཞིག རིན་པོ་ཆེ་གཞོན་ནུ་དེ་ནི་རིན་པོ་ཆེ་བགྲེས་སོང་དེའི་རྩ་བའི་བླ་མའི་ཡང་སྲིད་རེད།

དེ་ལས་མང་བ་། “ངའི་མཁན་པོ་ཀུན་དགའ་དབང་ཕྱུག [རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་བཤད།]” »

འགྱུར་རྩོམ།

གོས་དཀར་གྱོན་པ།

Posted on 2016-02-162016-02-16 By ཁ་བརྡ 7 Comments on གོས་དཀར་གྱོན་པ།

unnamed-2—སྐྱོ་བྲག་དགའ་དབང་།

 
ནང་པ་སངས་རྒྱས་པའི་འབྱུང་ཁུངས་ནི་རྒྱ་གར་འཕགས་པའི་ཡུལ་ཡིན་ཅིང། འཕགས་ཡུལ་གྱི་དབུས་ཀྱི་ཆ་རྣམས་ཚ་བ་ཆེ་བས་གོས་དཀར་པོ་གྱོན་པའི་ལམ་སྲོལ་གནའ་རབས་ནས་མཆིས་ལ། སངས་རྒྱས་ཀྱི་རྗེས་འཇུག་ཁྱིམ་པ་རྣམས་ཀྱིས་ཀྱང་གོས་དཀར་པོ་རང་སྤྱད་པས་ཁྱིམ་པ་གོས་དཀར་ཅན་ཞེས་གྲགས། འཕགས་ཡུལ་ནས་ནང་ཆོས་དར་བ་སེང་ག་ལའི་གླིང་དང་།

དེ་ལས་མང་བ་། “གོས་དཀར་གྱོན་པ།” »

ངོ་སྤྲོད།

སྤེན་པ་ཚེ་རིང་སྲིད་སྐྱོང་གི་ཁྲི་ལ་འགོད་མི་འོས་པའི་རྒྱུ་མཚན་བཅུ།

Posted on 2016-02-162016-02-16 By ཁ་བརྡ 53 Comments on སྤེན་པ་ཚེ་རིང་སྲིད་སྐྱོང་གི་ཁྲི་ལ་འགོད་མི་འོས་པའི་རྒྱུ་མཚན་བཅུ།

-མི་ཉག་ཀུན་དགའ་བཀྲ་ཤིས།

 
ཉེ་ཆར་སྨྱུག་མིང་ངམ་གསང་མིང་ལ་” གཟུར་གནས་བློ་ལྡན་” ཞེས་པ་ཞིག་གིས་ཁ་བརྡའི་ཐོག་”བློ་བཟང་སེང་གེ་ལགས་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་བཅུ་” ཞེས་པའི་ཡི་གེ་ཞིག་བཀོད་འདུག སྤྱིར་ཡིག་ཉོག་དེ་ཀློག་རིན་ཡོད་པ་ཞིག་ཏུ་མ་མཐོང་ན་ཡང་། ཁ་བྱང་དེས་སེམས་པའི་གཏིང་ལ་སེམས་ཁྲལ་ཞིག་དང་དྲི་བ་ཆེན་པོ་ཞིག་རང་བཞིན་གྱིས་སླེབས་སུ་བཅུག་ཡོང་བ་ནི་འདི་ལྟར། “མཁས་དབང་བློ་བཟང་སེང་གེ་ལགས་སྲིད་སྐྱོང་ལ་མི་འོས་ན་ང་ཚོར་སྲིད་སྐྱོང་ལ་འོས་པའི་མི་གཞན་སུ་ཞིག་ཡོད་དམ། གང་ནས་འཚོལ་དགོས་སམ” ཅེས་པ་དེ་རེད།

དེ་ལས་མང་བ་། “སྤེན་པ་ཚེ་རིང་སྲིད་སྐྱོང་གི་ཁྲི་ལ་འགོད་མི་འོས་པའི་རྒྱུ་མཚན་བཅུ།” »

བསམ་ཚུལ།

ཡུམ་ཆེན་གླེང་བ།

Posted on 2016-02-162016-02-16 By ཁ་བརྡ 1 Comment on ཡུམ་ཆེན་གླེང་བ།

ཨོ་ཤོ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

—བྱིས་པར་བརྩེ་བ་སྦྱིན་ཤོག བཟོ་ལྟ་མ་བཟོ་རོགས། བྱིས་པར་བརྩེ་བ་སྦྱིན་ཤོག  རང་གཤིས་མ་སྩོལ་རོགས། བྱིས་པར་བརྩེ་བ་སྦྱིན་ཤོག རང་དབང་མ་འཕྲོག་རོགས།

ཨ་མ་ཞིག་བྱ་རྒྱུ་ནི་གནམ་འོག་གི་ཆེས་རླབས་ཆེན་གྱི་ལས་འགན་ཞིག་ཡིན། མི་མང་པོ་ཞིག་སེམས་ཁམས་ནད་པའི་མལ་ཁྲི་ལ་ལྷུང་ཡོད་ཅིང་། དེ་བཞིན་སྨྱོན་པའི་སྨན་ཁང་དུ་ཡང་མང་པོ་ཞིག་ཡོད་ཅིང་དེ་ཡི་ལོགས་སུ་ཡང་མང་དུ་གདའ།

གལ་སྲིད་། ཁྱོད་རང་སེམས་ཁམས་སྐྱོན་ཏུ་

དེ་ལས་མང་བ་། “ཡུམ་ཆེན་གླེང་བ།” »

འགྱུར་རྩོམ།

ངག་རྩྭ་མོ་ཞིག་རེད།

Posted on 2016-02-152016-02-15 By ཁ་བརྡ 3 Comments on ངག་རྩྭ་མོ་ཞིག་རེད།

ཁྲོ་གཏུམ།

 
ངག་རྩྭ་མོ་ཞིག་གི་ཁུག་པ་ན
དལ་ལྷོད་ཀྱིས་སྒྲོག་གུ་རྒྱུན་པའི་འགུལ་བསྐྱོད་ཁྲོད
གྲང་ལྷག་གཏོར་བའི་ཚིག་གི་དྲོད་རླངས་འཐིབས་ཤིང
གྲོག་རོང་གི་གཏིང་དང་ས་དོང་གི་ཞབས་སུ
ལོ་དུ་མིན་ལ་རུལ་བའི་མི་བོ་ཆེ་ཡིན་ཁུལ་དག
རླུང་གཡུགས་ཕྱོགས་ཀྱིས

དེ་ལས་མང་བ་། “ངག་རྩྭ་མོ་ཞིག་རེད།” »

སྙན་ངག

ཨ་རིའི་ནེའུ་ཡོག་ཏུ་སྲིད་སྐྱོང་གི་གཏམ་བཤད།

Posted on 2016-02-152016-02-15 By ཁ་བརྡ 19 Comments on ཨ་རིའི་ནེའུ་ཡོག་ཏུ་སྲིད་སྐྱོང་གི་གཏམ་བཤད།

གསུང་བཤད།

ཨ་ཅེ་འབྲོག་མོའི་བརྩེ་དུང་གི་ཉིན་མོ།

Posted on 2016-02-142016-02-14 By ཁ་བརྡ 6 Comments on ཨ་ཅེ་འབྲོག་མོའི་བརྩེ་དུང་གི་ཉིན་མོ།

unnamed-1—གསལ་ལེ་རྒྱལ།

 
ཡེ། མཆོད་ཨོཾ་ཨ་ཧུཾང་། མཆོད་ཨོཾ་ཨ་ཧུཾང་། མཆོད་ཨོཾ་ཨ་ཧུཾང་། དེ་ནི་སྦྲའི་ཕྱི་རོལ་གྱི་བསང་ཁྲིའི་མཐའ་ནས་གྲགས་ཡོང་བའི་དབྱངས་རྟ་དེ་ཡིན་ལ། སྦྲའི་ནང་ལོགས་ནས་གྲགས་འོང་བའི་དབྱངས་རྟ་ནི་”ཨ་མ་ལོ་ལོ། འུན་འུན་འུན། ངས་མྱི་དེ་ངོ་ར་མི་ཤེས། ངས་དེའི་རྩིབ་ནས་ཉི་མ་ཅི་བྱས་གཏོང་། འུན་འུན་འུན། ཨ་མ་ལོ་ལོ་”ཞེས་བ་དེ་རེད།

ཨ་ཕ་དང་ཨ་ཁུ་ཚང་མས་གྲོས་བྱས་ཏེ།

དེ་ལས་མང་བ་། “ཨ་ཅེ་འབྲོག་མོའི་བརྩེ་དུང་གི་ཉིན་མོ།” »

སྣ་ཚོགས།

འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།

Posted on 2016-02-142016-02-15 By ཁ་བརྡ 6 Comments on འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།

སྤྱི་དམངས་རང་དབང་།
 
དམངས་གཙོའི་གསེར་མདོག་གི་རླབས་རྒྱུན་ཁྲོད་ནས་འོས་ཤོག་ནི་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་གྲུབ་ཡོད། དམངས་གཙོའི་རྒྱལ་ཁབ་དག་ཏུ་ཡང་འོས་ཤོག་གི་དུས་རིམ་ནི་དམངས་གཙོའི་དྲན་པ་སློང་བའི་དུས་སྐབས་གལ་ཆེན་ཞིག་རེད་ལ། མི་སྒེར་གྱི་ཐོང་ཐང་མངོན་གསལ་གྱིས་ལག་བསྟར་བྱ་བའི་དུས་བབ་ཅིག་ཀྱང་རེད། དེ་བས་འོས་ཤོག་ལྡུག་པ་ནི་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་གྲུབ་པ་རེད་ལ། འོས་ཤོག་མི་ལྡུག་པ་ཡང་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་རང་བཞིན་གྱིས་གྲུབ་ཡོད་པ་རེད།

རང་རེའི་བཙན་བྱོལ་དམངས་གཙོ་ནི།

དེ་ལས་མང་བ་། “འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།” »

བསམ་ཚུལ།

བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།

Posted on 2016-02-142016-02-14 By ཁ་བརྡ 3 Comments on བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།

ཚེ་དབང་ནོར་བུ།

 
ཕྱི་ཟླ་༡༠ ཚེས་༡༨ ཉིན་འོས་བསྡུའི་མིང་གཞུང་ལ་འཁོད་པ་བཙན་བྱོལ་བོད་མི་ཁྲི་༩ མ་ཟིན་ཙམ་ལས་བརྒྱ་ཆ་༥༤ ལ་ཉེ་བས་སྲིད་སྐྱོང་དང་སྤྱི་འཐུས་༤༥ སྔོན་འགྲོའི་འོས་བསྡུར་དངོས་སུ་ཞུགས་འདུག། དེ་ནི་འོས་བསྡུའི་ནང་ཆ་ཤས་བླང་མཁན་ཡག་ཐག་ཆོད་བྱུང་ཤག་སྙམ། གང་ལགས་ཞུས་ན། གཅིག་ནས་ཚང་མས་མཁྱེན་གསལ་ལྟར། བོད་མི་རྣམས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཁ་འཐོར་སྟེ་གནས་པའི་སྟེང་འོས་བསྡུའི་ས་ཁུལ་ངེས་ཅན་ཞིག་ལ་རང་ཉིད་ཀྱི་འོས་ཤོག་འཕེན་དགོས་ཀྱི་ཡོད། འཇར་མན་ལ་མཚོན་ན་ཧམ་སྦོག་དང་། སྦར་ལིན། སྦོན།

དེ་ལས་མང་བ་། “བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།” »

དཔྱད་རྩོམ།

བརྩེ་དུང་ཐེངས་ཞེ་གཅིག་བསྐྱར་འགྲེམས།

Posted on 2016-02-142016-02-14 By ཕུན་ཚོགས་ཚེ་རིང་ No Comments on བརྩེ་དུང་ཐེངས་ཞེ་གཅིག་བསྐྱར་འགྲེམས།

Love–འདུས་བྱུང་ཕུན་ཚོགས་ཚེ་རིང་།
 
བོད་ཀྱི་ཡིག་གཟུགས་དང་། ཡིག་གཟུགས་སྒྱུ་རྩལ་ལ་ཐུགས་སྣང་ཡོད་མཁན་རྣམ་པར་སྙན་གསེང་ཐུང་ཐུང་གཅིག་ཞུས་ན། བརྩེ་དུང་གི་ཉིན་མོ་ལ་གུས་པའི་ངོ་དེབ་སྟེང་༼བརྩེ་དུང་།༽ཞེས་པའི་ཚིག་འབྲུ་འདི་གཉིས་ཆུ་ཚོད་བཅུའི་རིང་བསྐྱར་འགྲེམས་(share) ཐེངས་བཞི་བཅུ་ཞེ་གཅིག་དང་།

དེ་ལས་མང་བ་། “བརྩེ་དུང་ཐེངས་ཞེ་གཅིག་བསྐྱར་འགྲེམས།” »

ངོ་སྤྲོད།

སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེངྒེ་ལགས་སུ་བཅར་འདྲི།

Posted on 2016-02-142016-02-14 By རྔ་བ་རྒྱལ་ཁམས་པ 8 Comments on སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེངྒེ་ལགས་སུ་བཅར་འདྲི།

བཅར་འདྲི།

རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།

Posted on 2016-02-142016-02-14 By ཁ་བརྡ 4 Comments on རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།

གཙང་མེ་ལྕེ།

 
འུར་ཤོབ་ཆེན་པོའི་སྐད་ཆ་ཞིག་གིས་འགྲམ་ལྕག་གཞུས་པའི་ཉམས་མྱོང་ང་ཚོར་ཡོད་པ་རེད། ངས་ནི་མི་ལོ་བཞིའི་ཡར་སྔོན་ཞིག་ཏུ་དམངས་གཙོའི་འོས་བསྡུ་བྱས་པའི་བརྒྱུད་རིམ་ཆ་ཚང་མཐོང་ཡོད། འོས་ཤོག་ཡོད་ཚད་ཧུབ་ཀྱིས་མིད་པའི་ཁ་སྟབས་ཤིག་ལ་དམ་བཅའ་གསུམ་གྱིས་ལྷན་པ་བརྒྱབ་ཀྱང་མ་འཁེབ་པའི་འདི་ལོ་ཟེར་ན་ངས་ནི་འོས་མི་ལྡུད་པའི་ལོ་ནག་སྣ་ནག་ཅིག་ཡིན།

ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བར་དུ་ང་ལ་དངོས་གཞིའི་འོས་མི་འོས་པ་ཞིག་མ་རྙེད་ཅིང་འོས་བསྡུ་འགན་འཛིན་འོས་པ་ཞིག་

དེ་ལས་མང་བ་། “རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།” »

གསལ་བཤད།

ངའི་ཕྱི་ལོ་༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན།

Posted on 2016-02-142016-02-14 By ཁ་བརྡ 20 Comments on ངའི་ཕྱི་ལོ་༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན།

མི་ལ་རང་བཙན་གྱིས་བརྩམས།
བསྟན་འཛིན་པདྨས་བོད་སྒྱུར་ཞུས།
 
ངའི་སྲིད་སྐྱོང་གི་འོས་མི་ཀླུ་མཁར་འབྱམས་ནི་དཔའ་ངར་དང་ལོ་རྒྱུས་རང་བཞིན་ཅན་གྱི་འགྲན་རྩོད་ཞིག་གི་རྗེས་སུ་(ཕྱི་ལོ་༢༠༡༦ ལོའི་)སྲིད་སྐྱོང་གི་འགྲན་རྩོད་འོས་མི་ཁོངས་ནས་འབུད་ཚར་སོང། ད་ནི་ང་ཚོར་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་ནང་དུ་གདམ་ཀ་གཉིས་ལས་ལྷག་མེད། གཅིག་ནི་(སྤྱི་འཐུས་ཚོགས་གཙོ་ལས་ཐོག་) སྤེན་པ་ཚེ་རིང་དང་(ད་ལྟའི་སྲིད་སྐྱོང་ལས་ཐོག་) བློ་བཟང་སེང་གེ་གཉིས་རེད། དེ་གཉིས་ལས་ངོས་རང་གིས་(ཚོགས་གཙོ་ལས་ཐོག་)སྤེན་པ་ཚེ་རིང་འདེམ་རྒྱུ་ཡིན།

དེ་ལས་མང་བ་། “ངའི་ཕྱི་ལོ་༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན།” »

གསལ་བཤད།

Posts pagination

Previous 1 … 219 220 221 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme