པདྨ་རྣམ་གྲོལ།
སྲིད་ཀྱི་རྐུབ་སྟེགས་བགྲང་བྱ་ལྔ་ལ་བཟུང་།།
ལོ་ངོ་ལྔ་བཅུའི་གཟི་བརྗིད་ས་ལ་བརྡབ།།
འཐུས་ཤོར་ཨི་ཁུང་འགོག་པའི་ལྷན་པ་ཡང་།།
གཙབས་རལ་སོང་བར་འགྱོད་པ་ཨེ་འདུག་གམ།།
པདྨ་རྣམ་གྲོལ།
སྲིད་ཀྱི་རྐུབ་སྟེགས་བགྲང་བྱ་ལྔ་ལ་བཟུང་།།
ལོ་ངོ་ལྔ་བཅུའི་གཟི་བརྗིད་ས་ལ་བརྡབ།།
འཐུས་ཤོར་ཨི་ཁུང་འགོག་པའི་ལྷན་པ་ཡང་།།
གཙབས་རལ་སོང་བར་འགྱོད་པ་ཨེ་འདུག་གམ།།
—–རང་འཚོལ།
སྲིད་ཀྱིས་བོད་མིའི་བདེ་སྡུག །
སྐྱོང་ལ་མཁས་མང་འདུས་པའི།།
བློ་ལྡན་མངས་པོའི་དབུས་ནས།།
བཟང་པོའི་ཡོན་ཏན་འབུར་ཐོན།།
སེང་དཀར་འདྲ་བའི་མི་དབང་།།
གེ་སར་འདྲ་བའི་མཛངས་ལྡན།།
ཁྲོ་གཏུམ།
མིང་། བོད། རང་མོས་སྙན་ངག ཨ་རི། Free Verse ཡོ་རབ། Vers Libre རྒྱ་ནག 自由诗
དར་དུས། བོད་ལ་དུས་རབས་༢༠མཇུག ཨ་རིར་དུས་རབས་༡༩མཇུག་དང་༢༠མགོ་སྟོད། ཡོ་རོབ་ལ་དུས་རབས་༡༩ནང་། རྒྱ་ནག་ལ་དུས་རབས་༡༩མཇུག་དང་༢༠མགོ་སྟོད།
ཚབ་མཚོན་མི་སྣ། བོད་དུ་དོན་འགྲུབ་རྒྱལ། པིར་མིང་ལ་རང་གྲོལ། (1953-1985/11/30) ཨ་རིར། Walter “Walt” Whitman (31/05/1819 – 26/03/1892)
ཡོ་རོབ། Gustave Kahn (21/09/1859 — 5/09/ 1936)
ཨེ་མ་ཧོ།
ཨོ་རྒྱན་པད་འབྱུང་ལས་གཞན་སྐྱབས་གནས་མེད།།
ཨེ་ཀ་ཛ་ཏྲི་མཆོག་གི་སྔགས་སྲུང་མེད།།
ཨུ་ཚུགས་སྐྱབས་སུ་འགྲོ་བའི་རྨོངས་དད་མེད།།
ཨི་ལྡན་དབྱངས་གསལ་ལས་གཞན་དུང་བ་མེད།།
ཧ་ཤང་ལྟ་བ་ཟེར་ཀྱང་ཐེ་ཚོམ་མེད།།
ཨ་ཏིའི་ཟབ་དོན་འཕྲན་པས་སྡུག་བསྔལ་མེད།།
ཡོང་ཁུངས། བོད་ཀྱི་དུས་བབ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་ནང་ཁོང་གི་མཚན་ལ་ ‘སློབ་བཟང་སངས་རྒྱས’འཁོད་ཡོད་པ་དང་འོས་བསྡུའི་འགེང་ཤོག་ནང་ ‘བློ་བཟང་སེང་གེ’ ཞེས་འཁོད་ཡོད་པའི་གནད་དོན་དེ་བོད་མི་མང་པོ་འདས་པའི་དྲ་ཚོམས་ཤིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་དྷ་ས་ནོར་བུ་མགྲོན་ཁང་དུ་ “ཁྲིམས་ཀྱི་བྱ་ར་སྐད་འཕྲིན་ཚོགས་པ”ཞེས་པའི་འཛམ་གླིང་ཤར་ནུབ་གང་སར་
དེ་ལས་མང་བ་། “འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཁྲིམས་གཏུག་བྱས་འདུག” »
ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
འཇའ་ལུས་འཕོ་ཆེན་བཞེངས་པའི་རྒྱལ་བའི་སྐུ།།
སྐུ་གསུམ་དགོངས་པའི་བདག་ཉིད་བཅོམ་ལྡན་འདས།།
འདས་ད་མ་འོངས་སྐྱོབ་པའི་པདྨ་འབྱུང་།།
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ།།
གངས་ལྗོངས་ཕྱུག་མོའི་སྣོད་བཅུད་ཁྲག་མདངས་རྒྱས།།
དེ་ལས་མང་བ་། “རྒྱལ་སྡུག་སྤྲང་པོའི་གསོག་པའི་སྙིང་ཆུའི་ན་ཚ།” »
རོང་བོ་ཚེ་འབར།
གྲོང་ཁྱེར་འདིའི་གྲུ་ཟུར་རེ་རེར
མི་ཚོགས་ཀྱི་འདུར་རྒྱུགས་རྒོད་པས
གཅོང་དུ་ལྷུང་བའི་བདག་སེམས
ཁ་བ་ལྟར་ཁྱོད་ཕྱོགས་སུ་བབས
འཐུག་དྲགས་པའི་ཁ་བ
ཡུན་ཐུང་བའི་ཉི་འོད་ཀྱིས་ཞུ་མ་ཐུབ
གསུང་མཁན། རྫོང་སར་མཁན་པོ་ཚེ་བརྟན།
ཡིག་འགོད་པ། ལོ་མ་སེར་པོ། (གླིང་ཚང་།)
དེ་རིང་འདི་ནས་དོན་དག་གཉིས་ངོ་སྤྲོད་བྱ་རྒྱུ་ཡིན། དང་པོ་དེ་ང་རང་ཚོ་ཚང་མས་འདང་རྒྱག་དགོས་རེད། གང་ཞིག་འདང་རྒྱག་དགོས་རེད་ཟེར་ན། ཁ་རོག་རྒྱང་ནས་འགྲོ་དུས་གནའ་མྱི་དག་གིས་བཤད་རྒྱུར་གནའ་སྔ་མོ་ཡིན་ན་ཆོས་གྲྭ་ཆེན་པོ་ཞིག་གི་ནང་སོང་ན་བླ་མས་ཅི་བཤད་ཆོས་དང་སློབ་མས་ཅི་ཤེས་ཆོས་ཡིན་པས་སེམས་ཁྲལ་ཅི་ཡང་མེད། ད་ལོར་ན་ནིང་ཆོས་གྲྭ་ཆེན་པོ་དག་གི་ནང་དུ་བུད་སོང་ན་ཅི་ཞིག་ཤེས་ཡོང་བཤད་མི་ཤེས་པའི་དུས་ཚོད་ཅིག་རེད་འདུག་པས་རང་རྒྱུད་ལ་ཆོས་ཤིག་འབྱར་ཡོང་ངམ་འཇིག་རྟེན་ཞིག་འབྱར་ཡོང་མི་ཤེས་པས་
ཨ་དོན།
༼གཅིག༽
ལ་ལ། མང་བ་ལ། ད་འདུག་གི་འཇུག་རྩིས་མ་རེད།
ལྷ་མོས་རང་སེམས་རྣལ་དུ་ཕབ་ནས་འབྲི་བཞིན་པའི་སྒྲུང་གཏམ་དེ་འབྲི་མཚམས་བཞག་ཅིང་ཁ་ནས་དེ་ལྟའི་ཆིག་ལབ་ཅིག་དབང་མེད་དུ་ཤོར།
ཧ་བོ། འདི་བ་ཚང་ཡང་མཚོ་སྔོན་པོར་ཐོན་འདུག གནའ་ཤི་འདི་དག་མགྱོགས་པ་ལ།
མོས་སྐད་འཕྲིན་ནང་གི་གྲོགས་པོ་དག་གི་སྐད་ལམ་རེ་རེར་རགས་ལྟ་ཐེངས་ཤིག་བྱས།
གནས་ཚུལ་གཏོང་མཁན། འཚོ་སྐྱིད།
ཕྱི་ལོ་༢༠༡༦ ཟླ་༣ ཚེས་༧ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་རྡོར་ལགས་ཀྱིས་༧ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དང་སྟབས་བསྟུན་གྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽(University of Wisconsin-Madison) དུ་ཕེབས་ཏེ་དབུས་ལས་བྱེད་བདག་གཉེར་ལས་ཁུངས་སུ་གཟིགས་སྐོར་གནང་ཞིང་། གཙུག་ལག་སློབ་ཆེན་གྱི་དབུས་ལས་བྱེད་བདག་གཉེར་ལས་ཁུངས་ཀྱི་སྤྱི་ཁྱབ་དབུ་འཛིན་སྦོབ་ལ་ཝིག་ན་(Bob Lavigna, Assistant Vice Chancellor-Human Resources)དང་།
དེ་ལས་མང་བ་། “སྐུ་ཚབ་དོན་གཅོད་ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽དུ་གཟིགས་སྐོར།” »
གནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
ཕྱི་ལོ་༢༠༡༦ཟླ་༤ཚེས་༢༥ཉིན་རྒྱབ་ཨོ་སི་ཁྲོ་ལེ་ཡའི་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཕ་མའི་འཐུས་མི་ཚོགས་ཆུང་གིས་གོ་སྒྲིག་བྱས་ཏེ་ ༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༡ འགྲོ་བཞིན་ཡོད་པའི་ཡིད་སྐྱོའི་གནས་བབ་དང་། ཡང་དེ་རིང་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་མཆོག་དགོང་ལོ་ ༢༧ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ལ་འཁེལ་ཡོད་པས་འཁྲུངས་སྐར་བརྩི་སྲུང་གི་
དེ་ལས་མང་བ་། “༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་བརྩི་སྲུང་།” »

—ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ།
བོད་ལུགས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་བཟོ་བཀོད་ཆེས་ཆེར་ལེགས་པའི་ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ་འདི་ནི། ཕྱི་ལོ་༢༠༠༩ ལོར་བོད་དབུས་ལྷ་ས་ནས་བོད་ཀྱི་བཙོན་པ་སྐོར་ཞིག་གིས་ཆེད་བཟོས་གནང་ཞིང་། དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་གལ་གནད་ཅན་དུ་
དེ་ལས་མང་བ་། “པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ་དང་འབྲེལ་བའི་གསལ་བསྒྲགས།” »
—–མུ་ལ།
བོད་འབངས་ཡོངས་ཀྱི་ལྷ་སྐལ། །
པཎ་ཆེན་སྐུ་ཕྲེང་བཅུ་གཅིག །
དགེ་འདུན་ཆོས་ཀྱི་ཉི་མ། །
བུ་ངའི་སྙིང་ནས་དྲན་སོང་། །
ནམ་མཁའི་དུང་ཟླ་དཀར་པོ། །
ནག་པོ་སྤྲིན་གྱིས་བསྒྲིབས་ནས། །
མི་ལོ་ཉེར་བདུན་རིང་ལ། །
འོ་བརྒྱལ་མྱངས་བ་བརྗེད་མེད། །
ཨ་ནུ་ཐང་བསོད་ནམས།
སྔོན་ལོར་ཡོ་རོབ་ཁུལ་དུ་གསེ་རི་ཡའི་སྐྱབས་བཅོལ་བ་ས་ཡ་བརྒལ་བ་བསླེབས་པས་ཡོ་རོབ་མནའ་འབྲེལ་རྒྱུན་མཐུད་དུ་གནས་རྒྱུར་དཀའ་ངལ་འཕྲད་ཡོད་ལ། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ད་ལོ་སྐྱབས་བཅོལ་བ་འགོག་ཆེད་དུ་རྒི་རིས་སི་དང་མ་གསའ་སྒྲོ་ནེའུ་ཡའི་ས་མཚམས་སུ་རྭ་བ་བཟོས་ཤིང་དམག་མི་བཏང་ནས་བཀག་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་ཁག་ཅིག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།
དེ་ལས་མང་བ་། “ཡོ་རོབ་མནའ་འབྲེལ་དང་ཏུར་ཁ། གསེ་རི་ཡའི་སྐྱབས་བཅོལ་བ།” »
ཆབ་མདོ་ངག་ཕུན།
དེ་རིང་གནས་མཆོག་ཁྱད་པར་ཅན་གྱི་ཡུལ་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་དྲུང་ལ་བསྡད་ནས་སྒྲུང་ཞིག་འབྲི་བར་འདོད། དེ་ཡང་སྔོན་ནུབ་ཕྱོགས་པདྨའི་ཚལ་ཞེས་པའི་རྒྱལ་ཕྲན་ཞིག་ཡོད། རྒྱལ་ཕྲན་དེའི་རྒྱལ་པོ་མཚན་ལ་ཆོས་བཟང་ཟེར་བའི་རྒྱལ་པོ་ཞིག་ཡོད་ཅིང་། རྒྱལ་པོ་དེ་ནི་ལོ་ཆུང་སྐབས་ནས་གཤིས་རྒྱུད་བཟང་ཞིང་། རང་ནུས་གང་ཡོད་ཀྱི་མི་སེར་ཉམ་ཐག་ལ་རོགས་སྐྱོབ་གང་ཐོབ་གནང་གི་ཡོད་པས། ལུང་པའི་འབངས་མི་རྣམས་ཀྱིས་རྒྱལ་པོ་དེ་ནི་སོ་སོའི་ཕ་མ་ལྟ་བུའི་འདུ་ཤེས་འཛིན་ཞིང་། ཧ་ཅང་གུས་བཀུར་དང་། ཆ་འཇོག་གནང་གི་ཡོད།
ཨེ་མ་ཧོ།
ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ།
ཡེ་ནས་མངོན་སངས་རྒྱས་པའི་ཀུན་ཏུ་བཟང་།།
ཕུན་ཚོགས་ཞིང་གི་བདག་པོ་རྡོ་རྗེ་འཆང་།།
གང་འདུལ་འགྲོ་ཁམས་འདྲེན་པའི་སྤྲུལ་པའི་སྐུ།།
གསང་གསུམ་བསྟན་པའི་བདག་པོ་རྒྱལ་གྱུར་ཅིག།
ཆོས་དང་དད་མདུན་གཅིག་པའི་ཆོས་ཀྱི་མཆེད།།
དེ་ལས་མང་བ་། “ལྗོངས་རྒྱུ་ལ་སྦྱིན་བདག་ཞུ་ཐུབ་མ་སོང་བས་དགོངས་དག” »
ཀླུ་སྨྱོན།
ལོ་མང་སྔོན་ཧྥ་རན་སིའི་གནམ་ཐང་ལ་ཁྱུག་ཙམ་བསླེབས་པ་མ་གཏོགས་ཡུ་རོབ་གྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་དེ་ཚོར་བསྐྱོད་རྒྱུའི་གོ་སྐབས་མ་བྱུང་། འདི་གའི་བརྙན་འཕྲིན་ལས་ཐེངས་མང་པོ་ཞིག་ལ་ཡུ་རོབ་ཀྱི་གནའ་དེང་གི་བཟོ་བཀོད་ཡ་མཚན་ཅན་གྱི་གྲོང་ཁྱེར་མང་པོ་དང་། རི་བྲག་མཚོ་ནགས་སོགས་རང་བྱུང་གི་མཛེས་སྡུག་སྣ་ཚོགས། འཛམ་གླིང་གི་གྲགས་ཅན་སྙན་ངག་པ་དང་རི་མོ་བ། ཚན་རིག་པ་དང་རོལ་དབྱངས་རྩོམ་པ་པོ་དུ་མའི་ཕ་ས་ཕ་ཡུལ། མི་ཡུལ་ན་གྲགས་པ་ཆེ་བའི་འགྲེམ་སྟོན་ཁང་མང་པོ། ས་ཆེན་པོ་འདིའི་སྟེང་གི་མི་རིགས་སྣ་མང་འདུས་སྡོད་བྱེད་བཞིན་པའི་གྲོང་དང་གྲོང་བརྡལ་དུ་མ།
དེ་ལས་མང་བ་། “ཡུ་རོབ་ཡུལ་སྐོར་ལྗོངས་རྒྱུ་ལ་སྦྱིན་བདག་ཅིག་འཚོལ་བཞིན་ཡོད།” »
སྐྱོ་བྲག་དགའ་དབང་།
ཡུལ་སྐྱོ་བྲག་ཏུ་དུས་བཞིའི་འགྱུར་བ་ཤིན་ཏུ་གསལ་པོ་ཡོད་ཅིང་། དུས་ཀྱི་དང་པོ་ནི་བོད་ཡུལ་སྤྱི་པའི་སྲོལ་བཞིན། དཔྱིད་ཀར་བྱེད་པས་དཔྱིད་ཟླ་ར་བ་ནི་ཧོར་ཟླ་དང་པོ་རེད། ཟླ་བ་དང་ལོ་རྟགས་སྒྲིག་པ་ན། ཧོར་ཟླ་དང་པོ་རྟ་རུ་བྱས་ཏེ་དགུན་ཟླ་ཐ་མ་སྦྲུལ་དུ་བྱེད་པའི་ཡུལ་སྲོལ་ཞིག་ཡོད་ལ། དཔྱིད་ཟླ་ར་བ་ཚེས་ཡོང་བ་ནས་ནམ་ཟླ་ས་ཆུ་དྲོས་པའི་འགོ་ཚུགས་པ་རེད།
འབྱུང་བའི་འཁོར་ཕྱོགས་ཤིག་གིས། དཔྱིད་ཟླ་ར་བ་རྟ་ཟླའི་ནང་དུ་རླུང་ཆེན་ལྡང་བ་དེ་ལ་རྟ་ཟླའི་རླུང་དམར་མ་ཟེར་ཞིང་།
ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་སངྒྷ་ཡེ།
ཀ་མ་ལ་ལྟར་ཐུགས་བསྐྱེད་རྨད་བྱུང་བའི།།
ཁ་སྦྱོར་བདུན་ལ་མངོན་པར་བྱང་ཆུབ་པ།།
ག་བུར་དབང་ལྟར་ཤེས་ཡོན་ལང་ཚོ་ཅན།།
ང་ཡི་ཆོས་མཆེད་རྒན་པར་འདས་མཆོད་འབུལ།།
ཅ་ཅོའི་ཆོས་བརྒྱད་གྲགས་པར་རྒྱང་དུ་དོར།།
དེ་ལས་མང་བ་། “རྒྱ་ཡི་བླ་མ་ཝིས་ཅུའི་འདས་མཆོད་རྒྱལ་བ་དགྱེས་སྤྲིན།” »