སྐྱོ་བྲག་དགའ་དབང་།
བདག་ལེགས་སུ་འདོད་པ་དག་གིས་གང་ལ་བསྟེན་ན་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། བུ་མོ་གསུམ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བདེན་པ་སྟེ། གསུམ་གང་ཞེ་ན། གང་སངས་རྒྱས་ལ་མི་སླུ་བ་དང་། བདག་ལ་མི་སླུ་བ་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བའོ། །ཞེས་པ་ལྟར། བདག་གཞན་མཆོད་འོས་དང་བཅས་པ་མི་སླུ་བ་དོན་དངོས་ཀྱི་བླ་མ་དགེ་བའི་བཤེས་གཉེན་དག་ལ་བསྟེན་པར་བྱ་བའོ། །
