Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཡུམ་དྲ་ཚིགས།

Posted on 2018-07-052018-07-06 By བྱ་སྒྲོ་དཀར་པོ་ 4 Comments on མ་ཡུམ་དྲ་ཚིགས།

དེ་རིང་དུས་ཚིགས་ཁྱད་པར་ཅན་གྱི་ཉིན། མ་ཡུམ་དྲ་ཚིགས་(http://www.mayum.net)ཤར་གཏོང་བྱས། དྲ་ཚིགས་འདི་ནི་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མིས་བཏོན་པའི་བོད་ཡིག་དྲ་ཚིགས་ཐོག་མ་དེ་རེད། དྲ་ཚིགས་འདིའི་དམིགས་ས་གཙོ་བོ་ནི། བོད་ཀྱི་སྐད་ཡིག་རིག་གཞུང་དང་རྩོམ་རིག་སྒྱུ་རྩལ་སྐོར་ཡིན་ཞིང་། དེ་ཡང་བོད་གཞིས་བྱེས་གཉིས་ཀའི་བོད་མིས་མཉམ་ཞུགས་ཐུབ་པའི་རེ་བ་བཅངས་ཡོད། དྲ་ཚིགས་འདིའི་ཐོག་རྩོམ་ཡིག་སྤེལ་འདོད་ཡོད་ཚེ། རྩོམ་སྒྲིག་པར་ཁ་བྱང་འདི་(editor@mayum.net) བརྒྱུད་འབྲེལ་བ་གནང་ན་འགྲིག་ཅིང་། མ་འོངས་པར་རྩོམ་པ་པོ་སོ་སོའི་ཟིན་བྲིས་སྤེལ་སའི་སྡེ་ཚན་ཡང་བཟོ་འཆར་ཡོད། མ་ཡུམ་དྲ་ཚིགས་འདིར་བོད་མི་གང་མང་མཉམ་ཞུགས་གནང་སྟེ། དོན་འབྲས་ལྡན་པའི་གླེང་སྟེགས་ཤིག་ཏུ་འགྱུར་བའི་སྨོན་འདུན་ཡོད།

གསར་འགྱུར།, ངོ་སྤྲོད།

རྒྱལ་བ་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ། གཞས་འདི་འབུལ་བ་ཡིན།

Posted on 2018-07-052018-07-05 By tenzin 6 Comments on རྒྱལ་བ་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ། གཞས་འདི་འབུལ་བ་ཡིན།

https://www.youtube.com/watch?v=SjB4iJ9zELI

བསྟན་འཛིན།

གཞས་འདི་ག་དུས་ཉན་ཡང་ཁོང་གི་བཞིན་རས་དྲན་བཞིན་འདུག ངས་གཞས་ཚིག་ནང་གི་ཆུང་འདྲིས་ཅེས་པའི་ཚིག་དེ་བླ་མར་ཁ་སྒྱུར་བྱས་མྱོང་། ང་ཚོས་ཕ་ཡུལ་བཞག

དེ་ལས་མང་བ་། “རྒྱལ་བ་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ། གཞས་འདི་འབུལ་བ་ཡིན།” »

གླུ་གཞས།, སྣ་ཚོགས།

ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་འདུ་ཆེན་མོའི་ཐོག་བསྩལ་པའི་ལམ་སྟོན་གསུང་བཤད།

Posted on 2018-07-05 By ཁ་བརྡ No Comments on ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་འདུ་ཆེན་མོའི་ཐོག་བསྩལ་པའི་ལམ་སྟོན་གསུང་བཤད།

འོས་སྦྱོར་ཞུ་མཁན། རེ་མདོ་སེངྒེ།
 
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ཚེས་ ༣༠ ཉིན།
༄༅།། དམིགས་བསལ་སྐུ་མགྲོན་བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་རྣམ་པ། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། གཞན་ཡང་ཚོགས་འདུ་ལ་དངོས་སུ་ཕེབས་པའི་ཚོགས་ཞུགས་པ་རྣམ་པ་ཡོངས་ལ་ཐོག་དང་པོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་གི་ཚོགས་འདུ་འདི་བརྒྱུད་ནས་གཞིས་བཞུགས་བོད་ནང་གི་མདོ་སྨད་རྒྱ་ཆེ་མང་ཚོགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ལས་མང་བ་། “ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་འདུ་ཆེན་མོའི་ཐོག་བསྩལ་པའི་ལམ་སྟོན་གསུང་བཤད།” »

གསུང་བཤད།

བསྟོད་ཚིག་ཆུ་འཛིན་དཀར་པོ།

Posted on 2018-07-05 By ཁ་བརྡ 2 Comments on བསྟོད་ཚིག་ཆུ་འཛིན་དཀར་པོ།

གཡུ་སྒང་དགེ་འདུན་གྱིས།
 
—༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཕུལ།

གསེར་ཁང་ཆོས་རྗེས་ཐུགས་དམ་ཟབ་མོའི་དོན།།
སྔོན་པོ་གསུམ་གྱི་ས་ཡི་རྩེ་མོ་རུ།།
ཕྲ་ཚོམ་འདབ་ལྡན་འཛུམ་པའི་ལྟག་མཚེར་གྲོང་།།
ངོ་མཚར་ལྟས་ཀྱི་རི་མོ་ཐང་མར་བརྡལ།།

སུམ་རྩེན་ལྷ་ཡི་གྲོང་ལའང་སྐྱེངས་སྟེར་བའི།།
དབུས་འགྱུར་ལྷ་ལྡན་ཆོས་ཀྱི་ཞིང་ས་རུ།།

དེ་ལས་མང་བ་། “བསྟོད་ཚིག་ཆུ་འཛིན་དཀར་པོ།” »

སྙན་ངག

རྨོ་བོ་ལགས། ཚན་རིག་ངོ་མ་སྦྱོང་འདོད་ན་སྔོན་ལ་ནང་ཆོས་སྤོངས་དགོས། ངས་དེ་ལྟར་བྱེད་མ་ཐུབ།

Posted on 2018-07-032018-07-03 By tenzin 16 Comments on རྨོ་བོ་ལགས། ཚན་རིག་ངོ་མ་སྦྱོང་འདོད་ན་སྔོན་ལ་ནང་ཆོས་སྤོངས་དགོས། ངས་དེ་ལྟར་བྱེད་མ་ཐུབ།

བསྟན་འཛིན།
 
དེང་སང་བོད་རྒྱུད་ནང་བསྟན་པ་མང་པོས་ཚན་རིག་དང་ནང་ཆོས་ཤ་གཉེན་རེད་ཟེར་བ་དང་། ནང་ཆོས་དང་ཚན་རིག་ཕ་དང་མ་འདྲ་ཟེར་མཁན་མང་། སྐབས་རེ་སྟེས་དབང་གིས་ཕྱི་ནས་བལྟས་ན་དེ་ལྟར་ཡོང་སྲིད། འོན་ཀྱང་སྟེས་དབང་དེ་དངོས་སུ་རྒྱུ་འབྲས་ལ་འབྲེལ་དགོས་ན། ཚོད་ལྟ་རིམ་པར་བྱས་པའི་རྗེས་ལ་མཐུན་ཕྱོགས་དེའི་མཇུག་འབྲས་བརྒྱ་ཆ་མཐོན་པོར་བསླེབས་དགོས་པ་དེ་ཚན་རིག་པའི་ལམ་ལུགས་རེད།་ཚན་རིག་པའི་ལམ་ལུགས་ཀྱི་ཁྱད་ཆོས་གཙོ་བོ་གཅིག་ནི། ཆ་རྐྱེན་དང་ཁོར་ཡུག་གཅིག་གི་འོག་ལ་འབྲས་བུ་ཡང་གཅིག་པ་ཡོང་དགོས། དེ་ལ་བསོད་ནམས་ཀྱི་ཚོགས་དང་ཁམས་དང་མོས་པ་ཅེས་ཤོད་ཡུལ་མེད།

དེ་ལས་མང་བ་། “རྨོ་བོ་ལགས། ཚན་རིག་ངོ་མ་སྦྱོང་འདོད་ན་སྔོན་ལ་ནང་ཆོས་སྤོངས་དགོས། ངས་དེ་ལྟར་བྱེད་མ་ཐུབ།” »

བསམ་ཚུལ།

རྒྱ་དམར་གྱི་གསང་མྱུལ་བ་ཚོར་ཉེན་བརྡ།

Posted on 2018-07-012018-07-01 By ཁ་བརྡ 3 Comments on རྒྱ་དམར་གྱི་གསང་མྱུལ་བ་ཚོར་ཉེན་བརྡ།

བློ་བཟང་ལུང་རྟོགས་ནས།

ཉེ་ཆར་ཨོ་སི་ཊི་ལི་ཡ་དང་རྒྱ་དམར་གཞུང་གཉིས་བར་ཕྱི་འབྲེལ་ཐོག་མཛད་དཀའ་འཕྲད་བཞིན་པའི་གནད་དོན་ནི་རྒྱ་དམར་གཞུང་གིས་ནམ་རྒྱུན་རྒྱལ་ཁབ་གཞན་ཚོར་ནང་སྲིད་ལ་ཐེ་ཇུས་མ་བྱེད་ཟེར་བཞིན་རང་ཉིད་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་

དེ་ལས་མང་བ་། “རྒྱ་དམར་གྱི་གསང་མྱུལ་བ་ཚོར་ཉེན་བརྡ།” »

སྣ་ཚོགས།

ནུབ་ཕྱོགས་ཀྱི་སྟོབས།

Posted on 2018-07-01 By ཁ་བརྡ 8 Comments on ནུབ་ཕྱོགས་ཀྱི་སྟོབས།

ཨོ་རྒྱན་ཉི་མ།

ལུས་ལ་གོན་རྒྱུ་ནུབ་ལྭ་ཆ་འགྲིགས་རེད། །
ངག་སྒོའི་དང་པོ་ནུབ་ཀྱི་སྐད་ཡིག་རེད། །
བསམ་བློ་མ་ལུས་ནུབ་ཕྱོགས་ལྟ་གྲུབ་རེད། །
ནུབ་ལུགས་མེད་ན་འཚོ་ཐབས་དཀའ་མོ་རེད། །ཧཧཧཧ

ལག་ལ་ཁུར་རྒྱུ་ནུབ་ཀྱི་གློག་ཆས་རེད། །
འགྲོ་སྒོ་ཆེ་ཤོས་ནུབ་ཀྱི་དངུལ་སྒོར་རེད། །
ས་གནམ་གཉིས་ཀར་ནུབ་ཀྱི་འཕྲུལ་འཁོར་རེད། །
ནུབ་ཕྱོགས་པ་ནི་འཇིག་རྟེན་བདག་པོ་རེད། །ཧཧཧཧ

དེ་ལས་མང་བ་། “ནུབ་ཕྱོགས་ཀྱི་སྟོབས།” »

སྙན་ངག

མཁར་རྨེའུ་དང་ལྡོང་ཆུ་ཤེལ་ལ་སྤྲིངས་པའི་གཏམ།

Posted on 2018-06-29 By ཁ་བརྡ 13 Comments on མཁར་རྨེའུ་དང་ལྡོང་ཆུ་ཤེལ་ལ་སྤྲིངས་པའི་གཏམ།

རྫ་ཚེ་རིང་བཀྲ་ཤིས།
 

༡༽ གླེང་མོལ་གྱི་དོན་སྙིང་།

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

ལར་ང་ནི་ཤེས་རབ་ཅན་ཞིག་མིན་ལ། རྩོད་པར་མོས་ཞེན་ཡོད་པ་ཞིག་དེ་བས་ཀྱང་མིན། དེ་ལྟར་ཡང་། མཁས་པའི་སྐད་ཆ་ཡིན་ཡང་ཅུང་ཟད་རེད་མི་འདུག་སྙམ་པ་དེ་འདྲ་ཁ་ཤས་ལ་འཕྲལ་འཕྲལ་དཔྱད་ལན་རེ་ཕུལ་བ་ཡིན། དཔྱད་བརྗོད་ཐན་ཐུན་དེ་འདྲ་ད་དུང་ཡང་འབྲི་སྲིད།

དེ་ལས་མང་བ་། “མཁར་རྨེའུ་དང་ལྡོང་ཆུ་ཤེལ་ལ་སྤྲིངས་པའི་གཏམ།” »

བསམ་ཚུལ།

འུག་རྒན་ཤེས་རྒྱ་ཅན་པོ། 


Posted on 2018-06-29 By ཁ་བརྡ No Comments on འུག་རྒན་ཤེས་རྒྱ་ཅན་པོ། 


རྟ་དབྱངས་ཀྱིས་བསྒྱུར།
 
བེ་དོ་ཟེར་བའི་ཤིང་སྡོང་ཞིག་གི་སྟེང་ན་འུག་རྒན་ཤེས་རྒྱ་ཅན་ཞིག་སྡོད་ཀྱིན་ཡོད། ཁོའི་གཡས་གཡོན་དུ་ངེས་མེད་ཀྱི་དོན་རྐྱེན་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་སྟབས། ཁ་སང་བྱིས་པ་ཞིག་གིས་མི་རྒན་པ་ཞིག་ལ་སླེ་པོ་ལྕི་མོ་ཞིག་འཁྱེར་རོགས་བྱས་པ་མཐོང་། དེ་རིང་བུ་མོ་ཞིག་གིས་མོའི་ཨ་མ་ལ་སྐད་ཅོར་རྒྱག་པ་ཡང་མཐོང་བ་རེད། དེ་བས་འུག་པ་རྒན་པོས་ཅི་ཙམ་མང་བ་མཐོང་བ་དང་ལྷན་དུ་སྨྲ་བ་དེ་ཡང་ཉུང་དུ་བཏང་།

ཁོས་སྐད་ཆ་ཇེ་ཉུང་ནས་ཇེ་ཉུང་དུ་བཏང་བ་དང་། གོ་ཐོས་ནི་ཇེ་མང་ནས་ཇེ་མང་དུ་ཕྱིན་པས།

དེ་ལས་མང་བ་། “འུག་རྒན་ཤེས་རྒྱ་ཅན་པོ། 
” »

འགྱུར་རྩོམ།

བདག་ཉིད་ཆེན་པོ་གྷན་དྷི་དྲན་པ། 

Posted on 2018-06-252018-06-25 By ཁ་བརྡ 9 Comments on བདག་ཉིད་ཆེན་པོ་གྷན་དྷི་དྲན་པ། 

ཨ་འདུས་སྐལ་བཟང་རྒྱ་མཚོ།
 

——གྷན་དྷིའི་བང་སོར་མཇལ་བའི་ཟིན་ཐོ།

ཉེ་ལམ་ལས་དོན་ཅིག་གི་རྐྱེན་པས་ཉིན་འགར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྡོད་དགོས་བྱུང་། ཉིན་ཐ་མ་དེར་ང་དང་གྲོགས་པོ་གཉིས་འཛམ་གླིང་ན་མིང་དུ་གྲགས་པའི་རླབས་ཆེན་གྱི་སྐྱེས་བུ། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་སྐུ་ཕུང་ཞུགས་འབུལ་བྱེད་ས་དེར་སོང་བ་ཡིན། མ་ཧཱ་གྷན་དྷི་མཆོག་ནི། ནང་བསྟན་པ་ཞིག་གི་ངོས་ནས་བལྟས་ན་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ནའང་། ཁོང་གི་མི་ཚེའི་ལོ་རྒྱུས་བཀླགས་ཐེངས་རེར་དགའ་གུས་དང་། ཡི་རངས་ཀྱི་གནས་ཚུལ་མང་པོ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་ཡོང་གི་ཡོད། ཁོང་ནི་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་དག་གི་ཁྲོད་འཚེ་མེད་ཞི་བའི་ཐབས་ལམ་ལ་སྣེ་ཁྲིད་ཀྱི་ནུས་པ་དམིགས་བསལ་འདོན་མྱོང་མཁན་ཞིག་ཡིན་པས།

དེ་ལས་མང་བ་། “བདག་ཉིད་ཆེན་པོ་གྷན་དྷི་དྲན་པ། ” »

ལྷུག་རྩོམ།

ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་ཀིརྟི་ཚང་གི་གཞིས་བྱེས་དགོན་གྲོང་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་གནང་བའི་གསུང་བཤད།

Posted on 2018-06-242018-06-24 By ཁ་བརྡ 15 Comments on ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་ཀིརྟི་ཚང་གི་གཞིས་བྱེས་དགོན་གྲོང་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་གནང་བའི་གསུང་བཤད།

རེ་མདོ་སེངྒེས་འོས་སྦྱོར་བྱས།

༄༅།། བརྟན་བཞུགས་ཀྱི་སྔོན་དུ་ཚིག་ཁ་ཤས་ཤིག་བཤད་འདོད་བྱུང༌། འབྲེལ་ཡོད་དགོན་པ་ཁག་གི་སྐུ་ཚབ་རྣམ་པ་དང་དེ་རིང་འདིར་དངོས་སུ་ཕེབས་པའི་འབྲེལ་ཡོད་རྣམ་པ། ལྷག་པར་དུ་བོད་ཕྱི་ནང་གི་དད་པ་དང་དམ་ཚིག་གཙང་མ་དང་བརྩེ་ཞེན་ཆེ་བའི་སེར་སྐྱ་ཡོངས་རྫོགས་ལ་ཐེངས་དང་པོར་ཚིག་འགའ་ཤས་ཞུ་རྒྱུར། ངས་ང་རང་གི་ལུས་སེམས་གཉིས་ལ་བདག་པོ་ཇི་བཞིན་བྱེད་མ་ཐུབ་པའི་དབང་གིས་བར་སྐབས་ཤིག་ལ་ན་ཚ་ཛ་དྲག་བྱུང་བའི་རྐྱེན་གྱིས་མི་མང་པོ་ཞིག་ལ་སེམས་མ་སྐྱིད་པ་དང་མ་བདེ་བ་ཆེན་པོ་བཟོས་སོང་བས། ངའི་ངོས་ནས་རྣམ་པ་ཚོ་ཡོངས་རྫོགས་ལ་དགོངས་དག་ཅེས་ཞུ་འདོད་བྱུང༌།

དེ་ལས་མང་བ་། “ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་ཀིརྟི་ཚང་གི་གཞིས་བྱེས་དགོན་གྲོང་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་གནང་བའི་གསུང་བཤད།” »

གསུང་བཤད།

གདན་ས་ཁག་ལ་རྐང་སྤོལ་རུ་ཁག་འཛུགས་ཐུབ་ན་ཕན་པ་ཆེ།

Posted on 2018-06-212018-06-21 By tenzin 21 Comments on གདན་ས་ཁག་ལ་རྐང་སྤོལ་རུ་ཁག་འཛུགས་ཐུབ་ན་ཕན་པ་ཆེ།

བསྟན་འཛིན།
 
བཙན་བྱོལ་ནང་ལ་མིའི་ནུས་ཤུགས་ཆེ་ཤོས་དེ་དག་གདན་ས་ཁག་གི་ནང་ལ་ཡོད། འོན་ཀྱང་ཚང་མས་དཔེ་ཆ་བལྟ་གི་མེད་ལ། དགེ་བཤེས་ཀྱང་གཏོང་གི་མེད།་ དེར་བརྟེན། དགོན་པས་སྤྱི་ཚོགས་ལ་ཞབས་ཞུ་འཕར་མ་ཞིག་བསྒྲུབ་ཐུབ་པ་ནི། ལུས་རྩལ་གོང་འཕེལ་གཏོང་བ་དང་། བོད་པའི་སྤྱི་ཚོགས་ནང་ལ་ལུས་རྩལ་གྱི་འཚོ་བ་འཁྲུག་ཆ་འདོད་དུ་གཏོང་བ་དེ་རེད།

དེ་ལས་མང་བ་། “གདན་ས་ཁག་ལ་རྐང་སྤོལ་རུ་ཁག་འཛུགས་ཐུབ་ན་ཕན་པ་ཆེ།” »

བསམ་ཚུལ།

ཨ་མ་ཟོན་Amazonལ་ཕུལ་བའི་ངོ་རྒོལ་ཞུ་ཡིག

Posted on 2018-06-202018-06-20 By ཁ་བརྡ 24 Comments on ཨ་མ་ཟོན་Amazonལ་ཕུལ་བའི་ངོ་རྒོལ་ཞུ་ཡིག

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།
 
གཞེན་སྐུལ། ( ཕྲིན་ཡིག་འདི་ཉིད་ཨ་མ་ཟོན་འགན་འཛིན་གྱི་མཚན་ཐོག་ཏུ་ཕུལ་ཟིན་པར་མ་ཟད། རྒྱལ་སྤྱིའི་རྒྱུད་ལམ་དང་ནང་པའི་སྒྲིག་འཛུགས་དག་ལའང་ཕུལ་ཟིན་པས་ཁྲིམས་མཐུན་ལུགས་མཐུན་ངང་ནས་དད་མོས་དང་རིག་གཞུང་གི་རིན་ཐང་སྲུང་སྐྱོབ་བྱེད་པ་ནི་ཁྲིམས་ཀྱི་འགན་ལེན་ཡོད་པའི་འོས་འགན་དང་ཐོབ་ཐང་ཡིན་པས་ནང་པ་དང་ནང་པའི་རིག་གཞུང་ལ་ཞ་ཞེན་ཡོད་མཁན་ཚང་མས་མུ་མཐུད་རྒྱུད་འགོད་དང་ཐུགས་སྣང་གནང་གལ།

དེ་ལས་མང་བ་། “ཨ་མ་ཟོན་Amazonལ་ཕུལ་བའི་ངོ་རྒོལ་ཞུ་ཡིག” »

འཕྲིན་ཡིག

དཔེ་འཕྲིན།

Posted on 2018-06-19 By ཁ་བརྡ 4 Comments on དཔེ་འཕྲིན།

ཙ་རྐང་དྲུག་གིས།

དེ་ལས་མང་བ་། “དཔེ་འཕྲིན།” »

གསལ་བསྒྲགས།

ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ།

Posted on 2018-06-17 By ཁ་བརྡ 5 Comments on ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ།

བེ་རི་རིག་པའི་རྡོ་རྗེ།

ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ་འཆར་ཅན་ལྟར། བོད་ཟླ་ ༤ ཚེས་ ༢༡ སྟེ་ཕྱི་ཟླ་ ༦ པའི་ཚེས་ ༤ ནས་བཟུང་ཉིན་གྲངས་ ༡༥ རིང་། གདན་ས་ཆེན་པོ་མགོ་ལོག་ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་དུ་བཀོད་སྒྲིག་ཕུན་སུམ་ཚོགས་པའི་ངང་འཚོགས་ཤིང་། དགོན་སྡེ་བཞི་བཅུ་ལྷག་ནས་སློབ་གཉེར་བ་ཉིས་སྟོང་བདུན་བརྒྱ་ལྷག་འཛོམས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་གནད་ལ་ལུང་རིགས་དྲི་མ་མེད་པས་བགྲོ་གླེང་མཐར་ཕྱིན་པ་གནང་སྟེ། དེ་རིང་གཟི་བརྗིད་དང་རྒྱལ་ཁའི་ངང་མཇུག་ཡོངས་སུ་གྲུབ་པར་མཛད་ཡོད།

དེ་ལས་མང་བ་། “ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ།” »

སྣ་ཚོགས།

༅༅།། ཀརྨ་ཐེག་གསུམ་ཆོས་གླིང་།

Posted on 2018-06-172018-06-22 By རྔ་བ་རྒྱལ་ཁམས་པ 7 Comments on ༅༅།། ཀརྨ་ཐེག་གསུམ་ཆོས་གླིང་།


རྔ་བ་རྒྱལ་ཁམས་པ།
“ཀརྨ་ཐེག་གསུམ་ཆོས་ཀྱི་འཁོར་ལོའམ”། “ཀརྨ་ཐེག་གསུམ་ཆོས་གླིང”ཞེས་པའི་མཚན་འདི༧རྒྱལ་དབང་ཀརྨ་པ་སྐུ་གོང་མ་རིག་པའི་རྡོ་རྗེ་མཆོག་གིས་ཁོང་གིས་བཏབ་གནང་བའི་ཆོས་ཚོགས་ཁག་ལ་སྤྱི་ཐོག་ནས་སྩལ་གནང་བའི་མཚན་དོན་ཤིན་ཏུ་ལྗིག་ཁོག་ཆེ་བ་ཞིག་རེད། མཚན་གནས་འདིར༧རྒྱལ་དབང་ཀརྨ་པའི་དུས་གསུམ་གྱི་ཐུགས་བསྐྱེད་དང་སྨོན་ལམ།

དེ་ལས་མང་བ་། “༅༅།། ཀརྨ་ཐེག་གསུམ་ཆོས་གླིང་།” »

ངོ་སྤྲོད།

ཐང་ཧྲུའུ་རྩོམ་པ་པོའི་པོད་ཁུག་ལས།

Posted on 2018-06-152018-06-15 By ཁ་བརྡ 5 Comments on ཐང་ཧྲུའུ་རྩོམ་པ་པོའི་པོད་ཁུག་ལས།

ཐེ་བོ་སངས་རྒྱས།
 
བོད་ཀྱི་བླ་མ་དག་གིས་ཡེ་ཤུ་བའི་བླ་ཆེན་པོབ་ཀྱི་གོས་བེར་ཀོ་ལཱོ་འདྲ་དང་། རྒྱ་ནག་དང་མན་ཇུའི་རྒྱལ་མོའི་ཞྭ་མོ་འདྲ་བ། གྷི་རི་སེའི་དམག་དཔོན་གྱི་ཞྭ་མོ་འདྲ་བ་དག་གྱོན། དེ་དག་ལ་ཐོབ་དང་གོ་སའི་མཚོན་དོན་གལ་བོ་ཆེ་རེ་ཡོད་པས་ཡིན་ནམ། ཞྭ་མོ་རེ་ལ་རྩོད་གཞི་ཛ་དྲག་ཅན་ལྷགས་པའང་གདའ། བླ་མ་རྣམ་པའི་ཆོས་ཀྱི་དབྱངས་རྟ་ལ་སེམས་ཆུང་

དེ་ལས་མང་བ་། “ཐང་ཧྲུའུ་རྩོམ་པ་པོའི་པོད་ཁུག་ལས།” »

ངོ་སྤྲོད།

དྷ་རམ་ས་ལ་དང་ས་ཐག་རིང་ཡང་སེམས་ཐག་ཉེ།

Posted on 2018-06-142018-06-14 By ཁ་བརྡ 11 Comments on དྷ་རམ་ས་ལ་དང་ས་ཐག་རིང་ཡང་སེམས་ཐག་ཉེ།

དོན་འགྲུབ་བཀྲ་ཤིས། དབང་འདུས་ཚེ་རིང་གིས་འོས་སྦྱོར་བྱས།

ཉེ་ལམ་ཟླ་གཅིག་དང་ཕྱེད་ཙམ་རིང་ང་བལ་ཡུལ་གྱི་ས་ཁུལ་ཁག་བཞི་ལ་སྐོར་སྐྱོད་བྱས་པ་ཡིན། ས་ཁུལ་དེ་དག་ནི་བལ་ཡུལ་ལྷོ་ཕྱོགས་ཝ་ལུང་དང་། ཤར་ཕྱོགས་ཤར་ཁུམ་བུ། བྱང་ཤར་ར་སུ་ཝ། དེ་བཞིན། བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌི་ཁུལ་བཅས་རེད། བོད་མི་མང་སྤྱི་འཐུས་སྐབས་རེ་ལ་ས་གནས་མི་མང་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་གཉིས་ཡོད། དང་པོ། སྤྱི་འཐུས་སྐབས་གསར་པ་རེ་ཕེབས་སྐབས་མི་མང་ལ་འཚམས་འདྲིར་སྐྱོད་དགོས་པ་དང་། གཉིས་པ། ས་གནས་ཁག་ཏུ་ལས་དོན་ཕྱོགས་སྐྱོད་དུ་ལོ་གཉིས་ལ་ཐེངས་གཉིས་འགྲོ་དགོས།

དེ་ལས་མང་བ་། “དྷ་རམ་ས་ལ་དང་ས་ཐག་རིང་ཡང་སེམས་ཐག་ཉེ།” »

པར།, ལྷུག་རྩོམ།

ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།

Posted on 2018-06-14 By ཁ་བརྡ 12 Comments on ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།

གཅན་ཚ་སྒྲོལ་མ་གཡང་སྐྱིད།
 
ཡུལ་གྱར་བ་ལ་ལས་ཕ་ཡུལ་ནི་མི་ཚེའི་འཚོལ་སྙེག་གམ་མི་ཡུལ་གྱི་དག་ཞིང་དང་ཆེས་མཐའ་མཇུག་གི་གནས་མལ་དྲོན་མོ་དེ་ཡིན་ཟེར། ང་ལ་མཚོན་ན་ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད། ཉིན་ཤས་སྔོན་གྲོགས་པོས་ཁ་པར་སླེབས་སོང་། ང་ལས་ཀ་གྲོལ་ནས་རང་ཁྱིམ་དུ་ལོག་བཞིན་ཡོད། མ་གཞི་ང་ཚོ་ས་མཐའ་ནས་སྡེ་མཐའ་མྱུལ་ནས་ཡོད་པའི་གྲོགས་པོ་ཚོར་མཚོན་ན་ཁ་ཐག་རིང་ཡང་ཕན་ཚུན་སེམས་ཐག་ཧ་ཅང་ཉེ་བོ་ཡོད་པས། ཁོམ་སྐབས་རེ་ཡོད་དུས་ཕན་ཚུན་ལ་ཁ་པར་རེ་བཏང་ནས་འཚམས་འདྲི་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན། ཁོས་“ཨ་རོ་མདང་དགོང་ངའི་ཨ་མ་གློ་བུར་དུ་མེད་སོང་”ཟེར། གཏམ་ངན་དེ་གོ་མ་ཐག་ངས་ཁ་ཐུག་ཅི་ཞིག་བཤད་

དེ་ལས་མང་བ་། “ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།” »

ལྷུག་རྩོམ།

བོད་ཀྱི་ཡིག་ཟམ་གྱི་ཚ་འདེད་པའི་གཏམ།

Posted on 2018-06-112018-06-11 By ཁ་བརྡ 5 Comments on བོད་ཀྱི་ཡིག་ཟམ་གྱི་ཚ་འདེད་པའི་གཏམ།

འོས་སྦྱོར་བ། བོན་རྒྱ་བསྟན་འཛིན་རབ་རྒྱས།

ཚ་འདེད་ནི། བོད་ཀྱི་ཡིག་ཟམ་གྱི་ལེ་ཚན་གལ་ཆེན་ཞིག་ཡིན་ལ། ངེད་རྩོམ་སྒྲིག་པ་དག་གིས་སྔ་མོ་ནས་སེམས་ལ་ཡང་ཡང་བློས་བསླངས་བྱས་པ་ཞིག་ཡིན། ང་ཚོའི་བསམ་བློའི་ངོས་ཀྱི་ཚ་འདེད་ནི་སྤྱི་ཁྱབ་ནམ་མཁའི་དཀྱིལ་འཁོར་མིན་པར་བྱེ་བྲག་གི་དོན་རྐྱེན་རེ་དམིགས་འབེན་དུ་བཟུང་ནས། ཡུལ་དངོས་ཀྱི་གནས་ཚུལ་ཀློག་པ་པོར་དྲང་བོར་བརྗོད་པ་དང་། མཇུག་འབྲས་སྟོན་པ། དེ་ལྟར་ལེགས་བཅོས་བྱེད་རྒྱུ་དེ་ཡིན། ཚ་འདེད་ཀྱི་ནང་དུ་དྲི་བ་ཚ་བོ་འདྲི་སྲིད་པ་མ་ཟད་མཇུག་འབྲས་ཀྱང་མི་ལེགས་པ་འབྱུང་སྲིད་མོད། དེ་ནི་ང་ཚོའི་བརྩོན་ལེན་གྱི་ཆ་ཤས་ཙམ་ཡང་མིན་པར། ཐད་ཀར་འདྲི་བ་དང་། དྲང་བོར་འགོད་པ། དོགས་དཔྱོད་བྱེད་པ་གསུམ་གྱི་ཁྱབ་ཁོངས་ན། ཡོད་ཚད་དཀར་པོ་དཀར་རྐྱང་དུ་གནས་མེད་པའི་དེ་ཉིད་ཀྱི་སྣང་བ་ཁོ་ན་ཡིན།

དེ་ལས་མང་བ་། “བོད་ཀྱི་ཡིག་ཟམ་གྱི་ཚ་འདེད་པའི་གཏམ།” »

བསམ་ཚུལ།

Posts pagination

Previous 1 … 114 115 116 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (29)
  • ན་ཟུག (12)
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme