Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་མཐའི་མཚོ་འགྲམ་དུ།

Posted on 2018-10-22 By ཁ་བརྡ 1 Comment on གནམ་མཐའི་མཚོ་འགྲམ་དུ།

ཁྲོ་གཏུམ།
 
———གྲོགས་དཔལ་ཆེན་སྐྱབས་ཀྱི་གཉེན་སྟོན་ལ་རྒྱང་རིང་གི་ཨོ་གླིང་མཚོ་མཐའ་ནས་ཕུལ་བའི་གཏམ་ཐུང་།

ཚེ་འཛིན་གྱི་དུང་དུང་འཁུར་བའི་ཡུལ་དེར
བརྩེ་བ་འོ་མའི་སྤྲི་ལ་འཕྱན་པའི་འཇིག་རྟེན་གྱི་སྣང་བ་ཞིག
རི་དེའི་འགྲམ་དུ
སྤང་དེའི་ཁུག་ཏུ

དེ་ལས་མང་བ་། “གནམ་མཐའི་མཚོ་འགྲམ་དུ།” »

སྙན་ངག

ཚོར་བའི་མེ་ལྕེ།

Posted on 2018-10-20 By ཁ་བརྡ 1 Comment on ཚོར་བའི་མེ་ལྕེ།

རྭ་རྒྱ་གངས་རྡེའུ།
 
ཆུ་བོའི་གཤིས་དེ་ལྡོག་མེད་ཐུར་དུ་རྒྱུག།།
རི་བོའི་བརྟན་བརླིང་རྩེ་མོ་དགུང་དུ་སྙེག།།
དངོས་པོའི་ཆོས་ཉིད་གཅིག་ལས་གཅིག་ལྷག་པའི།།
མདོར་ན་ཀུན་གྱི་རང་བཞིན་གཅིག་དུ་ངེས།།

ཕྱི་ནང་རྐྱེན་གྱིས་དེད་པའི་ནང་གི་སེམས།།
ཚོར་བའི་རླབས་ཕྲེང་གཡོ་བ་ངེས་མེད་གར།།

དེ་ལས་མང་བ་། “ཚོར་བའི་མེ་ལྕེ།” »

སྙན་ངག

སྤྱི་ཚོགས་ཀྱིས་འཕེལ་རིམ་རྒྱུད་ནས་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

Posted on 2018-10-18 By ཁ་བརྡ 7 Comments on སྤྱི་ཚོགས་ཀྱིས་འཕེལ་རིམ་རྒྱུད་ནས་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས་ནས།
 
འཛམ་གླིང་གི་ས་གཞི་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་རྒྱུད་རིམ་ལ་ང་ཚོའི་འགན་ཁུར་ནས་ཞིབ་ཏུ་དཔྱད་ཚེ་གདོན་མའི་སྤྱི་ཚོགས་ནས་རིམ་བཞིན་སྔོན་འཐོན་ལ་ཁ་ཕྱོགས་ནས་བུ་ཕྲུག་གསོ་སྐྱོང་དང་ཟས་གོས་འཚོལ་སྒྲུབ་སོགས་ལ་འགན་ཁུར་ནས་བཟའ་ཚང་མཉམ་འདུས་ཀྱིས་ནང་མི་མཉམ་སྡོད་ཀྱིས་ལམ་ལུགས་འོག་ས་ཆ་བདག་བཟུང་གི་འཚོ་བ་འབྲོག་ལས་རྒྱུད་དུད་འགྲོ་སེམས་ཅན་བདག་ཉར་གྱིས་རི་ལུང་གང་སར་ཙ་བཟང་ས་དང་ཆུ་ཞིམ་སར་གནས་ངེས་མེད་ལ་འགན་ཁུར་ནས་དུད་འགྲོ་གསོ་སྐྱོང་གི་འོག་ནས་

དེ་ལས་མང་བ་། “སྤྱི་ཚོགས་ཀྱིས་འཕེལ་རིམ་རྒྱུད་ནས་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

དགེ་རྒན། ཨ་མ།  ང་།  

Posted on 2018-10-182018-10-18 By ཁ་བརྡ 2 Comments on དགེ་རྒན། ཨ་མ།  ང་།  

རྔ་བ་ཀུན་བཟང་ནས།

ང་ནི་ཆུང་དུས་ནས་བཟུང་བའི་ཕ་མ་དང་ཁ་བྲལ་ནས་ས་མཐའི་འཁྱམ་པོ་ཞིག་ཡིན།  མ་ཟད། རང་གཤིས་ཡང་བྱིས་པ་ལྟར་ཧ་ཅང་སེམས་ཆུང་ཞིག་ཡིན།  རང་ཉིད་ལ་དགའ་མཁན་དང་གཅེས་མཁན་རྣམས་ཀྱི་ཚིག་ངན་རེ་བཤད་དུས་མིག་ཆུ་རང་དབང་མེད་པར་ལམ་སང་ཤོར་མཁན་ཞིག་ཡིན།ལོ་ན་ཕྲ་དུས་ནས་བོད་ཁྱིམ་སློབ་གླིང་ནས་འཚར་ལོང་བྱུང་བས་ཕ་མའི་བརྩེ་སེམས་དང་ནང་མིའི་བྱམས་སྐྱོང་དེ་ཙམ་ཐོབ་མ་མྱོང་།

དེ་ལས་མང་བ་། “དགེ་རྒན། ཨ་མ།  ང་།  ” »

ལྷུག་རྩོམ།

ཞོགས་པར་རོ་ལྟར་ཉལ་བའི་བོད་པ། 

Posted on 2018-10-18 By ཁ་བརྡ 17 Comments on ཞོགས་པར་རོ་ལྟར་ཉལ་བའི་བོད་པ། 

ལྷ་རྩེའི་ཁུ་བྱུག
 
མི་རིགས་གཞན་དག་ཚང་མ་ཞོགས་པར་ལུས་པོ་སྦྱོང་བརྡར་བྱེད་སྲོལ་ཡོད་པ་བཞིན། བལ་ཡུལ་གྱི་མི་སེར་ཚོས་ཀྱང་ཞོགས་པ་སྔ་ཚེ་ལངས་ནས་ལུས་པོ་སྦྱོང་རྒྱུ་དེ་གོམས་སྲོལ་རེད་འདུག

འུ་ཚོས་ཕྱོགས་ཡར་མར་བལྟས་ན་ཞོགས་པར་ལུས་པོ་སྦྱོང་སྲོལ་མེད་པ་ནི་བོད་པ་ཡིན་འདུག  ཕ་ཡུལ་གྱི་མིས་བསམ་ན་ཞོགས་པར་ལུས་རྩལ་སྦྱོང་མཁན་ནི་མི་ཚེ་མི་ཆོད་མཁན་གྱིས་ཅི་བྱེད་འདི་ལས་མེད་པར་འདོད་མོད། དོན་དུ་ཁོ་ཚོས་རང་གི་བདེ་ཐང་དང་། ཚེ་རིང་བའི་ཆེད་དུ་ལུས་པོ་སྦྱོང་བརྡར་བྱེད་པ་ཡིན་པ་རེད། འདི་ནི་གསོ་རིག་དང་ཚན་རྩལ་ལ་མཐུན་པའི་འཛམ་གླིང་མིའི་སྲོལ་བཟང་ཡིན་འདུག  

དེ་ལས་མང་བ་། “ཞོགས་པར་རོ་ལྟར་ཉལ་བའི་བོད་པ། ” »

འཕྲོད་བསྟེན།

གསེར་གྱི་གཟེངས་རྟགས།

Posted on 2018-10-17 By ཁ་བརྡ 2 Comments on གསེར་གྱི་གཟེངས་རྟགས།

གཡུ་སྒང་དགེ་འདུན་གྱིས།
 
(ཨ་རིས་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོར་ཕུལ།)

སྙིང་རྗེ་ལྗོན་པའི་རྩ་བ་བརྟན་ཞིང་བྱམས་བརྩེའི་ལོ་འདབ་འཕང་ཕུང་གཡོ།།
བསྡུ་བཞིའི་མིག་གི་ལང་ཚོ་རྒྱས་ཤིང་ལྷག་བསམ་གེ་སར་ཕྱུར་བར་གཏམས།།
གདུལ་བྱའི་བུང་བའི་འདུ་འཛི་འཁྲིགས་པར་ཟབ་གསུང་སྦྲང་རྩི་གསར་བའི་བཅུད།།
སྩོལ་མཛད་གངས་ལྗོངས་ལྷ་ཡི་སྲས་པོ་འཛམ་གླིང་ཆེ་དགུའི་གཙུག་གི་རྒྱན།།

དམ་པའི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ་གཞུང་ལུགས་འབུམ་ཕྲག་ཐུགས་སུ་བསྣམས།།

དེ་ལས་མང་བ་། “གསེར་གྱི་གཟེངས་རྟགས།” »

སྙན་ངག

བཙན་པོའྀ་ཞབས་རྗེས།

Posted on 2018-10-17 By ཁ་བརྡ 8 Comments on བཙན་པོའྀ་ཞབས་རྗེས།

ཐེ་བོ་སངས་རྒྱས།
 
འཕྲུལ་གྱྀ་ལྷ་བཙན་པོའྀ་རྨུ་ཐག་རིང་མོ།
སྤྲིན་དཀར་གྱི་ཚུལ་དུ་འཐེན།
གོ་ལའི་སུམ་གཉིས་སྟོབས་ཀྱིས་གཤགས་པའི་རྨིག་སྒྲའི་བྲག་ཅ།
གཡུ་འབྲུག་གི་ཟོལ་གྱིས་ལྡིར།
ཆབ་སྲིད་དབུ་འཕང་གི་དར་འཕྲུ།
ཨ་སྔོན་དགུང་དུ་ཟུག
མི་ཤིགས་པའི་དབུ་རྨོག་བཙན་པོ།

དེ་ལས་མང་བ་། “བཙན་པོའྀ་ཞབས་རྗེས།” »

སྙན་ངག

འབྲོག་མོ་སྙིང་ལ་རྗེ་མོའི་ལས་དབང་།

Posted on 2018-10-17 By ཁ་བརྡ 5 Comments on འབྲོག་མོ་སྙིང་ལ་རྗེ་མོའི་ལས་དབང་།

དགའ་བ་མཇེ་ཕྲུག་ནས།
 
དཀར་པོ་ཁ་བ་དགུན་གཞུང་གོས་སུ་བཀླུབས།།
མཛེས་པའི་མེ་ཏོག་དབྱར་དུས་རྒྱན་དུ་སྤྲས།།
རང་བྱུང་ལྟ་ན་སྡུག་པའི་ཞིང་ཁམས་ན།།
ཡིད་འཕྲོག་འབྲོག་མོ་སྙིང་ལ་རྗེ་མོ་མཛེས།།

སྣག་སྨུག་སྐྲ་ལོ་སྟོན་གཞུང་ལྷགས་པས་རྩེན།།
རྐང་ཆུང་ཕྲ་མོར་དཔྱིད་ཀར་དྲོད་ཁོལ་རྒྱས།།

དེ་ལས་མང་བ་། “འབྲོག་མོ་སྙིང་ལ་རྗེ་མོའི་ལས་དབང་།” »

སྙན་ངག

 བོད་ཀྱི་གོས་སྐུའི་སྐོར་གྱི་གློག་བརྙན་དང་སྒྱུ་རྩལ་གྱི་ལས་རིམ་ལ་མཉམ་ཞུགས་གནང་བར་ཕེབས་ཤོག 

Posted on 2018-10-162018-10-18 By ལ་རྩེ་ No Comments on  བོད་ཀྱི་གོས་སྐུའི་སྐོར་གྱི་གློག་བརྙན་དང་སྒྱུ་རྩལ་གྱི་ལས་རིམ་ལ་མཉམ་ཞུགས་གནང་བར་ཕེབས་ཤོག 

ད་ལྟ་འདིར།
བོད་ཀྱི་གོས་སྐུའི་སྐོར་གྱི་གློག་བརྙན་དང་སྒྱུ་རྩལ་གྱི་ལས་རིམ་ལ་མཉམ་ཞུགས་གནང་བར་ཕེབས་ཤོག
རྒྱལ་དབང་ཀརྨ་པ་མཆོག་དང་འབྲེལ་བ་ཟབ་ཅིང་། མཚུར་ཕུ་དགོན་པའི་གོས་སྐུ་ཆེན་མོ་བཞེངས་མཁན།  བོད་ཀྱི་ཐང་གའི་སྒྱུ་རྩལ་སྟེང་ལ་ལོ་མང་སློབ་གཉེར་དང་ཉམས་ལེན་གནང་མཁན། ཨ་རི་བ་ཊེ་རིས་སེ་ཊེམ་ཕལ་དང་། ཁོང་གི་སྐུ་ཟླ་ལས་སི་ལི་སྔོ་ཡན་གྱི་གོས་སྐུའི་སྐོར་གྱི་ཆེན་གྱི་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་པར་ཕེབས་ཤོག

དེ་ལས་མང་བ་། “ བོད་ཀྱི་གོས་སྐུའི་སྐོར་གྱི་གློག་བརྙན་དང་སྒྱུ་རྩལ་གྱི་ལས་རིམ་ལ་མཉམ་ཞུགས་གནང་བར་ཕེབས་ཤོག ” »

གསར་འགྱུར།

འཕྲིན་ལས་ཆོས་སྒྲོན་དྲན་པ། 

Posted on 2018-10-16 By ཁ་བརྡ 12 Comments on འཕྲིན་ལས་ཆོས་སྒྲོན་དྲན་པ། 

ཟླ་ཀླུང་།
 
གློག་བརྙན་དྲ་བའི་རྒྱུད་ལམ་ནས། །
ཡང་དུ་ཤར་བ་མཛེས་མའི་མཆོག །
མིག་ཡིད་དགའ་བའི་ཉམས་འགྱུར་ཅན།།
ཕྲིན་ལས་ཆོས་སྒྲོན་འདི་ལྟར་སྣང་། །

མགོ་ལུས་ཀུན་ནས་ཆ་མཚུངས་ཤིང་། །
བྱིན་གྱིས་ཕྲ་བའི་ཡན་ལག་དག །

དེ་ལས་མང་བ་། “འཕྲིན་ལས་ཆོས་སྒྲོན་དྲན་པ། ” »

སྙན་ངག

གནས་མཁར་གསར་བའི་བོད་མི་ཚོའི་བྱ་འགུལ།

Posted on 2018-10-162018-10-16 By ཁ་བརྡ 2 Comments on གནས་མཁར་གསར་བའི་བོད་མི་ཚོའི་བྱ་འགུལ།

ཁྲོ་གཏུམ།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་རྒྱབ། ཨོ་སི་ཁྲོ་ལི་ཡའི་(Australia)སེ་ཊི་ནེའི་(Sydney)གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་མཱལ་ཁྲི་ལན་ཊི་(Mailtland)ཡུལ་ཚོའི་ཁྲོམ་ཆེན་དཀྱིལ་དུ། ལོ་རེར་ཚོགས་སྲོལ་ཡོད་པའི་རིག་གཞུང་སྣ་ཚོགས་ཀྱི་དུས་སྟོན་ཐེངས་བདུན་པ་སྐོང་ཤིང་། སྐབས་འདིར་རིག་གཞུང་འདྲ་མིན་ ༢༨ ལྷག་ངོ་སྤྲོད་དང་། རྒྱལ་ཁབ་འདྲ་མིན་གྱིས་སོ་སོའི་ཁྱད་ཆོས་ལྡན་པའི་ཟས་མཆོག་ལ་བྲོ་བ་མྱངས་པ།

དེ་ལས་མང་བ་། “གནས་མཁར་གསར་བའི་བོད་མི་ཚོའི་བྱ་འགུལ།” »

ལྷུག་རྩོམ།

དབྱིན་ཇིའི་གྲིབ་ནག

Posted on 2018-10-15 By ཁ་བརྡ 4 Comments on དབྱིན་ཇིའི་གྲིབ་ནག

འབྲིང་བ་འཇིགས་མེད་ཀྱིས།
 

ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་པའི་ལོ་རྒྱུས་བརྩམས་ཆོས་ཀྱི་དབྱེ་ཞིབ།

༄༅།། སྤྱིར་བརྩམས་ཆོས་གང་ལ་དབྱེ་ཞིབ་བྱེད་སྐབས་བརྩམས་ཆོས་དེའི་ངོ་བོ་གཞིར་བཟུང་ནས་ཚིག་དོན་གཉིས་ཆ་ལ་དབྱེ་ཞིབ་བྱེད་སྟངས་དུ་མ་ཡོད་པ་ལྟར། སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གི་བོད་དོན་འཐབ་རྩོད་ཀྱི་བྱུང་བ་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་པའི་ལོ་རྒྱུས་ཀྱི་བརྩམས་ཆོས་འདི་ལ་གཙོ་བོར་ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་དབྱེ་ཞིབ་བྱེད་དགོས། ལོ་རྒྱུས་ཀྱི་ཕྱག་དེབ་འདིའི་ནང་དུ་ལོ་རྒྱུས་གཞན་དག་ཏུ་མཐོང་དཀོན་པའི་བོད་དོན་དང་འབྲེལ་བའི་གནས་ཚུལ་གལ་གནད་ཆེ་བ་མང་དག་ཅིག་གསུངས་ཡོད་པ་ལས།

དེ་ལས་མང་བ་། “དབྱིན་ཇིའི་གྲིབ་ནག” »

དཔྱད་རྩོམ།

ནེའུ་ཡོག་ལ་འགྲོའམ།

Posted on 2018-10-15 By ཁ་བརྡ 10 Comments on ནེའུ་ཡོག་ལ་འགྲོའམ།

སྐྱོ་བྲག་དགའ་དབང་།
 
ས་ཆེན་གོ་ལ་འདིའི་ཐོག་སྟོབས་འབྱོར་གྱི་གྲགས་སྙན་ཆེ་ཤོས་ནི། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨ་མི་རི་ཀ་རེད། ཨ་མི་རི་ཀ་ཟེར་ཡོང་བ་ན། འཛམ་གླིང་མི་མང་གི་སེམས་ལ་ཤར་ཡོང་བ་ནི། གྲོང་ཁྱེར་ཆེན་པོ་ནེའུ་ཡོག་རེད། ཁོ་ཚོའི་ཁ་རྒྱུན་ལའང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། འཛམ་གླིང་རྒྱལ་ས་ནེའུ་ཡོཀ །ཟེར་སྲོལ་ཡོད།

ནེའུ་ཡོག་གྲོང་ཁྱེར་ནི་མྱི་ལོ་བརྒྱ་ཕྲག་གི་ཡར་སྔོན་ནས་ཡར་རྒྱས་སུ་སོང་ཟིན་པ་སྟེ།

དེ་ལས་མང་བ་། “ནེའུ་ཡོག་ལ་འགྲོའམ།” »

ལྷུག་རྩོམ།

ཀཱེ་རཱལ་ (Kerala) དུ་བསྐྱོད་པའི་གཏམ།

Posted on 2018-10-152018-10-16 By ཁ་བརྡ 2 Comments on ཀཱེ་རཱལ་ (Kerala) དུ་བསྐྱོད་པའི་གཏམ།

བློ་བཟང་དབང་འདུས།
 
ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་ལྷོ་ཕྱོགས་ཀཱེ་རཱ་ལའི་མངའ་སྡེ་རུ་ཆུའི་འཇིགས་པ་ཆེ་ཆེར་བྱུང་བས། ས་ཁུལ་དེའི་མི་འབོར་དྲུག་ཆ་གཅིག་ལ་ཐད་ཀར་གནོད་སྐྱོན་ཤུགས་ཆེན་བྱུང་སྟེ། མི་གྲངས་བཞི་བརྒྱ་བརྒྱད་ཅུ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་།

དེ་ལས་མང་བ་། “ཀཱེ་རཱལ་ (Kerala) དུ་བསྐྱོད་པའི་གཏམ།” »

ལྷུག་རྩོམ།

ནམ་མཁའི་ཉི་ཟླ་སྐར་གསུམ།

Posted on 2018-10-15 By ཁ་བརྡ 4 Comments on ནམ་མཁའི་ཉི་ཟླ་སྐར་གསུམ།

མི་ཉག་སྐལ་བཟང་།
 
སྤྲིན་ལང་ལོང་ཁ་དོག་དམར་ནག་རེད།།
དུས་ངེས་མེད་གློག་ཞག་འཁྱུག་འཁྱུག་རེད།།
དགུང་ཉི་མའི་དྲོད་ཤུགས་ཇེ་ཆུང་རེད།།
སྡུག་ཁུར་པོ་ཡོད་ཚད་ལས་དབང་རེད།།

གནམ་སྐྱ་བོ་ཡོངས་རྫོགས་ཐལ་རྡུལ་རེད།།
དུས་ངེས་མེད་བུ་ཡུག་འཚུབ་འཚུབ་རེད།།

དེ་ལས་མང་བ་། “ནམ་མཁའི་ཉི་ཟླ་སྐར་གསུམ།” »

སྙན་ངག

ནུབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དགེ་རྒན་ཐོག་མའི་སྐོར་བཤད་པ།

Posted on 2018-10-13 By སྙན་བཟང་གཡུང་དྲུང་ཚེ་རིང 4 Comments on ནུབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དགེ་རྒན་ཐོག་མའི་སྐོར་བཤད་པ།

སྙན་བཟང་གཡུང་དྲུང་ཚེ་རིང་།

གཅིག བོད་སྐད་ཀྱི་བརྡ་སྤྲོད་རིག་པའི་དེབ།

སྤྱི་ལོ་༡༨༥༨ལོར་ཧྥ་རན་སིའི་གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ཞིག་སྟེ་མིང་ལ‘‘རྒྱལ་པོའི་དཔར་ཁང’’(Imprimerie impériale)ཞེས་པ་དེས«བོད་སྐད་ཀྱི་བརྡ་སྤྲོད་རིག་པ»(Grammaire de la langue tibétaine)ཞེས་པ་ཞིག་པར་སྐྲུན་བྱས་འདུག འདིར་དེབ་འདིའི་སྐོར་ངོ་སྤྲོད་ཞིབ་ཏུ་བྱེད་པའི་ལས་སུ་ཞུགས་རྒྱུ་མིན་མོད་ས་བཅད་མ་སྟོང་ཙམ་ཞིག་ཞུ་རྒྱུ་ཡིན། ཐུགས་མོས་ཅན་ཚོས་ཟུར་གསལ་གྱི་དྲྭ་རྒྱར་གཟིགས་ཚེ་དེབ་འདི་ཆ་ཚང་བ་ཞིག་མཇལ་ཐུབ་པ་འདུག

དེ་ལས་མང་བ་། “ནུབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དགེ་རྒན་ཐོག་མའི་སྐོར་བཤད་པ།” »

ངོ་སྤྲོད།, རྩོམ་རིག

རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཐུགས་དཀྱེལ་ཡངས་བའི་མཛད་པར་གཟིགས་ནས། བོད་པ་ནང་ཁུལ་ཆིག་སྒྲིལ་ཡོང་ཆེད། ཆིག་སྒྲིལ་ཉིན་མོ་སྲུང་བརྩི་གནང་རོགས།

Posted on 2018-10-122018-10-12 By tenzin 8 Comments on རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཐུགས་དཀྱེལ་ཡངས་བའི་མཛད་པར་གཟིགས་ནས། བོད་པ་ནང་ཁུལ་ཆིག་སྒྲིལ་ཡོང་ཆེད། ཆིག་སྒྲིལ་ཉིན་མོ་སྲུང་བརྩི་གནང་རོགས།

བསྟན་འཛིན། ང་ཚོས་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་སློབ་སྦྱོང་བྱས་ནས། རང་གི་འདོད་བློ་མི་མཐུན་པའི་བོད་པའི་སྤུན་ཟླ་རྣམས་ལ་བསམ་བློ་གུ་ཡངས་ཐོག་འབྲེལ་ལམ་བཙུགས་ནས། ལྟ་བ་མི་མཐུན་པའི་ཐོག ཀུན་སློང་རྣམ་དག་ཡིན་པའི་ངོས་འཛིན་ཐོག ཕན་ཚུན་མཐུན་ཐབས་དང་། ནུས་པ་གཅིག་བསྒྲིལ་ཐུབ་ན།་བོད་ལ་རེ་བ་ཆེན་པོ་ལྡན། དེས་ན་ང་ཚོས་ཁ་སང་གི་ཉིན་མོ་སྟེ། སྤྱི་ཟླ་༡༠ཚེས་༡༡ལ་བོད་ཀྱི་ཆིག་སྒྲིལ་ཉིན་མོར་སྲུང་བརྩི་ཡོང་བའི་རྒྱབ་སྐྱོར་གནང་རོགས། བདག་ལ་བརྩེ་བའི་གྲོགས་དག་གིས་འདི་ལ་དགོངས་པ་བཞེས་རོགས་ཞུ། ལོ་རྗེས་མ་ང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་ཀྱི་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་རྣམ་པ་གཉིས་ཀྱིས་ཀྱང་། བོད་མིའི་ཁེ་ཕན་ལ་གཟིགས་ནས་འདི་ལྟར་མཉམ་འཛོམས་ཐོག་མ་འོངས་བོད་ཀྱི་གནད་དོན་ལ་འཁུར་བཞེས་ཐུབ་ན། རྒྱལ་བ་དགྱེས་པའི་མཆོད་པ་འདི་ལས་གང་མཆིས།

གསར་འགྱུར།, གསལ་བཤད།, ངོ་སྤྲོད།

བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང། ཐུགས་རྗེ་ཆེ།

Posted on 2018-10-092018-10-09 By ཁ་བརྡ 9 Comments on བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང། ཐུགས་རྗེ་ཆེ།

སྐལ་བཟང་ཕུན་ཚོགས།

ཉེ་ཆར་སྐབས་བཅུ་དྲུག་པའི་བོད་མི་དམངས་སྤྱི་འཐུས་ལྷ་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་། བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་གིས་ས་ཁུལ་ཁ་ཤས་ཀྱི་དངོས་ཡོད་གནས་སྟངས་དཔེ་མཚོན་དུ་བཀོད་ནས། བྱང་ཨ་རིའི་ནང་གི་བོད་རིགས་གནས་སྡོད་ས་ཁུལ་ཁག་ཅིག་ན་གཞི་རིམ་གྱི་དཀའ་ངལ་ཕྲན་བུ་ཡོད་པའི་གནས་སྟངས་ཀྱི་ཟུར་ཞིག་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པ་དང་གཞུང་གི་མཛད་གཙོ་ལྷན་རྒྱས་ལ་སྙན་སྒྲོན་གནང་སྟེ། མ་འོངས་པའི་ནང་གཞུང་གི་ངོས་ནས་བྱང་ཨ་རིའི་བོད་མིའི་སྤྱི་ཚོགས་ནང་ལའང་གཞིས་ཆགས་ཁག་ནང་བཞིན་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་ནས་མི་མང་ནང་གོ་རྟོགས་གོང་འཕེལ་ཡོང་བ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་སྟངས།

དེ་ལས་མང་བ་། “བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང། ཐུགས་རྗེ་ཆེ།” »

བསམ་ཚུལ།

ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ་།

Posted on 2018-10-052018-10-05 By ཁ་བརྡ 14 Comments on ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ་།

གཞུང་པ་ཚེ་དབང་བསོད་ནམས།

སྔོན་འཐོན་རྗེས་ལུས་ཀྱི་ལྟ་གྲུབ་ལ་འགན་མ་ཁུར་བའི་ཆབ་སྲིད་དང་དཔལ་འབྱོར་འཛུགས་བསྐྲུན་དང་ཤེས་ཡོན་སློབ་གསོ་འཕྲོད་བསྟེན་དང་འཁོར་ཡུག་སྲུང་སྐྱོབས་ཁྲིམས་དང་སྒྲིག་གཞི་ཆིག་སྒྲིལ་དང་དམ་གཙང་སོགས་སྤྱི་ཚོགས་འཚོ་བའི་མདུན་ལམ་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་ཆུ་འཁྱེར་སྐྱལ་གྱི་ཚུལ་དུ་གནས་ཐུབ་པ་ཙམ་ལས་མང་ཚོགས་ཀྱིས་འཚོ་བ་ལ་འགན་སྲུང་ཐུབ་པའི་ལོ་རྒྱུས་ནི་ཉིིན་སྐར་ཙམ་ལས་མ་འདས།

ང་ཚོ་མི་ཡུལ་དུ་ཡོང་དགོས་པའི་དམིགས་ཡུལ་ངོ་མ་རང་ཡུལ་དུ་དཔོན་པོ་གསར་པའི་དབང་འོག་ཏུ་རང་རེའི་ཕ་མེས་ནས་རྒྱུད་པའི་བོད་མིའི་སྐད་ཡིག་རིག་གཞུང་ནང་ཆོས་དང་བཅས་པ་རྒྱུན་འཛིན་ཐུབ་པའི་རེ་བ་མ་མཐོང་ནས་མི་ཡུལ་དུ་ཆབ་སྲིད་ཀྱི་བཙན་བྱོལ་དུ་ཡོང་བ་ལས་ཟས་གོས་ཀྱི་དཀའ་ངལ་

དེ་ལས་མང་བ་། “ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ་།” »

བསམ་ཚུལ།

ཉིན་ཐོ་གློག་འཁྱུག་མ། 

Posted on 2018-10-042018-10-05 By ཁ་བརྡ 10 Comments on ཉིན་ཐོ་གློག་འཁྱུག་མ། 

ཐེ་བོ་སངས་རྒྱས།
ཕྱི་ཟླ་༩ ཚེས་༢༨ གཟའ་པ་སངས། ཞོགས་པ།
ཆུ་ཚོད་ཀྱི་དྲིལ་སྒྲ་ཙེར་ཙེར་པོ་དེས་ངའི་རྨི་ལམ་སྐྱིད་པོ་ཞིག་ལ་བཞི་ཤད་བཀོད། རྣ་བར་གཟན་པའི་སྒྲ་དེར་འཚིག་པ་ཟ་ཞོར་སྔས་འགྲམ་ཅོག་ཙེའི་སྟེང་གི་ཁ་པར་ལ་ལག་པ་བསྙབས།

མིག་འཕུར་འཕུར་གཏོང་བའི་མཛུབ་གསེབ་བརྒྱུད་འཆར་ཤེལ་ངོས་ཀྱི་བརྡ་རྟགས་ནི་མར་ངོའི་ཚེས་ཆ་ཙམ་དུ་མཐོང་། དེ་ལྟ་ནའང་། སྐད་འཕྲིན་སྒོ་འབྱེད་ཐུབ་ཙམ་ན་གྲོགས་ཚོམས་ངོས་སུ་ 

དེ་ལས་མང་བ་། “ཉིན་ཐོ་གློག་འཁྱུག་མ། ” »

ལྷུག་རྩོམ།

Posts pagination

Previous 1 … 109 110 111 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (85)
  •        ཚན་རིག་གི་ཤེས་བྱ། (40)
  • ཕྱག་ན་པདྨོ། (40)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme