ཚེ་རིང་།
ཞི་བའི་ཞལ་རས་འཛུམ་པའི་ཟིལ་བ་ཐ་དད་འགྲོ་བའི་སྙིང་ལ་ཟིམ།།
ཤེས་རབ་འོད་ཀྱི་ཟེགས་མ་རྣོན་པོས་ངུར་སྨྲིག་གོས་ཀྱི་རིན་ཐང་བསླངས།།
ཕྱག་ཟུང་ཐལ་མོ་སྦྱར་བའི་ཉམས་ཀྱིས་བདེན་པའི་ལོ་རྒྱུས་གསལ་མཛད་པའི།།
གངས་རིས་མུ་ཁྱུད་བསྐོར་བའི་ཡུལ་དུ་ལས་སྨོན་ཤུགས་ཀྱིས་སྦྲེལ་བའི་མགོན།།
ལོ་ཟླའི་བགྲོད་པ་གསལ་བའི་གྲངས་འདི་དགའ་སྤྲོ་ཚོར་བས་བགྲང་ན་ཡང་།།
ལས་དབང་སྐྱ་མོའི་ངོ་གདོང་དྲན་ཚེ་སེམས་ལ་འཇིགས་སྐྲག་ངང་གིས་འབྱུང་།།

རིང་ནས་འདྲིས་བའི་སྙིང་རྗེ་ཆབ་རོལ་གྱིས།།
ཁར་རྩང་རྫོང་སར་བཤད་གྲྭའི་གུང་གསེང་ཉིན། །
རྒྱང་རིང་ནས་གོམ་སྒྲ་ཞིག་གྲགས་སོང
ཁ་སྒང་སྡེ་དཔོན་གནའ་ནས་འདས་པར་གྱུར།།