མྱི་ལྟིག
__________ནམ་ཐུག་མི་ངེས་པའི་མི་ཞིག་ལ།
མེ་ཏོག་ཆ་གཅིག་རྣ་ལ་མ་བཏགས་ཁྱོད་ཉིད་བདག་གི་ཆུང་འདྲིས་མ་རེད།།
གློ་དང་མཆིན་པ་མཚན་གླན་བྱས་པའི་དགའ་མ་དེ་ལའང་ཁྱོད་རང་མ་རེད།།
ཉིན་མོ་འཛུམ་པ་མཚན་མོ་རུམ་པ་འུ་གཉིས་དབར་ལ་ཅི་ཡང་མེད་པ།།
ཇི་ལྟར་བསམས་ན་དེ་ལྟར་འཐོམས་པས་བུ་མོ་ཁྱོད་རང་དོན་དམ་སུ་ཡིན།།
ལབ་ཀྱིན་ལབ་ཀྱིན་བདག་བཅས་ནང་སེམས་སྐད་ཅིག་ཉིད་ལ་འཕྲོག་པ་འདྲའོ།།
བསམས་ཀྱིན་བསམས་ཀྱིན་བདག་གི་ཀུན་པོ་བུ་མོ་ཁྱོད་ཀྱིས་བརྐུས་པ་འདྲའོ།།
ན་མོ་གུ་རུ་མ་ཏི་བྷ་དྲ་ཡེ།