བྱ་མདོ་སྐལ་རྒྱམ།
དེ་རིང་ང་ཁྱོད་ཀྱི་གྱ་སྟོན་ན་ཡོད
བོད་པའི་ལྷ་མི་གཉིས་ནས་ཁྱོད་ལ་བརྟན་བཞུགས་ཕུལ་ཞིང
འཛམ་གླིང་ཆེ་རྒུ་དུ་མས་ཁྱོད་ལ་ཁ་གཡང་བསྒྲགས་བྱུང
ལོ་ཟླས་ཅི་ལྟར་སྒྲོག་མོད་ཀྱང
མི་ཚོགས་འདིའི་སེམས་སུ
ཁྱོད་ཉིད་གྲིབ་ཡོར་དང་འཕེལ་འགྲིབ་མེད་པའི་འོད་གོར་ཞིག་ཡིན

__ཨ དོན་ཉི།
རྔ་བཟའ་བདེ་པོ་འཚོ།
སྙན་བཟང་གཡུང་དྲུང་ཚེ་རིང་།
ཨེ་མ་ཧོ།
འབའ་སྲས།
དུས་གསུམ་སངས་རྒྱས་གཅིག་བསྡུས་སྤྲུལ་པའི་སྐུ།།
གངས་ཅན་རྒྱུད་ལ་འཁྲུངས་པའི་མི་ཡི་གཟུགས།།
ཕལ་ཆེར་ཁྱེད་ནི་ཁ་དོག་མེད་པ་ཞིག །
མགོ་ནག་མི་ཡི་སེམས་ཀྱི་སྒྲོན་མེ་གངས་ཅན་པ་ཡི་རྒྱན་གཅིག་བུ།།
འཇིག་རྟེན་སྲིད་རྩེར་ཆགས་པའི་གངས་ཅན་ཡུལ།།