བོད། ལྷ་ཀླུ་གཉན་གསུམ་ནས།
དད་བསམ་ཆེ་འདོག་སྟོན་མཁན་བོད་མི་འགའི།།
མི་ལ་དམའ་འབེབས་བྱེད་ལུགས་གང་ནས་སྤྱངས།།
མི་གཤིས་གསེར་དུ་རློམ་པའི་སྤུན་ཟླ་འགའི།།
རིགས་ཞེན་བརྩད་སྟངས་དེ་འདྲ་གང་ནས་རྙེད།།
ང་ལ་འཕྱ་དམོད་བྱེད་པ་མི་གནོད་ལ།།
ང་ལ་གདོན་འདྲེ་ཟེར་ཡང་མི་སྐྱོན་མོད།།
དེང་དུས་བོད་མི་འགྱུར་བའི་དུས་རབས་ན།།
རང་ལས་དྲིན་དུ་ཆེ་བ་མེད་པར་རློམ།།



