ཆང་སྐྱེས།
ཟས་གཙང་སྲས་ཀྱི་བསྟན་འཛིན་གང་གི་སྐུ །
ཉིན་བྱེད་དབང་བོ་བཞིན་དུ་འཚེར་བ་ལ།།
སྲིན་འབུ་མེ་ཁྱེར་ཕྲ་མོ་དག་གིས་ནི།།
འགྲན་པར་བྱེད་པ་རང་ཉིད་ཕུང་བའི་གཞི།།
ལྷག་བསམ་བྱམས་བརྩེ་འོ་མའི་བདག་ཉིད་ཅན།།
འཛམ་གླིང་ཧྲིལ་བོའི་ཞི་བདེའི་དེད་དཔོན་མཆོག།
གང་གི་ཐུགས་ཀྱི་གཟི་བྱིན་འོད་ཟེར་ལ།།
བདུད་ཀྱི་ཆོ་འཕྲུལ་སྒྱུ་མས་ག་ལ་གནོད།།
ཆང་སྐྱེས།
བཀྲ་ཤིས་དོན་གྲུབ།