བསོད་ནམས་རྒྱལ།
——–
ཆར་དུས་སུ་ངའི་མིག་ཟུང་སྒེའུ་ཁུང་ཁ་ན་ཡོད།
ཆར་དུས་སུ་ངའི་སེམས་པ་ལོ་མའི་སྟེང་དུ་ཡོད།——-ཁ་བྱང་གི་འགྲེལ།
ཆར་བ་བབས།། སེམས་པ་སྐྱོ།། ལོ་མ་བྲན།། ངོ་གདུང་བརླན།།
རླུང་བུ་ལྡིང་།། སྐྲ་ལོ་གཡོས།། ཆར་སྒྲར་བླགས།། གླུ་མ་གོ།
སྨུག་པ་འཐིབས།། མིག་རྒྱ་བསྒྲིབས།། རྒྱང་མི་མཐོང་།། གམ་མ་གསལ།།
འོད་ཟེར་དྲན།། རྒྱང་རིང་དྲན།། སང་ཉིན་དྲན དགོད་སྒྲ་དྲན།།


རང་སེམས་རང་གིས་གསོ་གིན་ལོ་ཟླ་འདས།།
བསམ་གླིང་ཚེ་རིང་ལྷ་མོ།