བདག་གི་རྒྱབ་མདུན་དུ།
མིག་ཡ་གཅིག
ཁྱེད་ནི་ང་ཡི་མདུན་ལྗོངས་ན་འཛུམ་གྱིས་བཞད་པའི་ཚེམས་ཕྲེང་དཀར་པོའི་བསུ་མ་དེ་ཡིན།
ཁྱེད་ནི་ང་ཡི་རྒྱབ་ལྗོངས་ན་ཡབ་ཡབ་གཡུག་པའི་ལག་བརྡ་གཉོམ་པོའི་སྐྱེལ་མ་དེ་ཡིན།
ཁྱེད་ནི་ང་ཡི་སེམས་ཁོང་དུ་ལྷུན་གྱིས་གྲུབ་པའི་བརྩེ་འདང་ཟབ་མོའི་སྣང་བ་དེ་ཡིན།
ཁྱེད་ནི་ང་ཡི་འཚོ་བའི་ཡང་སྙིང་དུ་འཁྱིལ་བའི་སེམས་རྟེན་སྲོག་གི་ཀ་བ་དེ་ཡིན།
མདོག་མི་འགྱུར་བའི་དཀོན་མཆོག
སངས་རྒྱས་དཀོན་མཆོག
རྩིག་ངོས་ན་བཞུར་བའི་ཐ་གུ་དེ་
ཡང་སྙིང་སུ་ཞིག་གི་ཀླད་ཁོལ་ངོས་ཀྱི་དྲན་པ་ཡིན་སོང་ངམ
དུས་ཚོད་ལ་སྦྲེལ་བའི་བསམ་གཞིགས་ནི་
ལྷ་ཆེན་ཚོར་གཤོག་པ་སྐྱེས་པའི་དུས་ཚིགས་ཡིན་ཀྱང་
ཁྱེད་ཀྱི་གྲུ་གཞི་ལྟར་བསྒོམས་པའི་དབྱིབས་གཟུགས་དེར
སྐྲ་ལོ་མེད་ཤུལ་ནས།
གྲིབ་གཟུགས།
སྐྲ་ལོ་མེད་ཤུལ་ནས་་
ཁོང་མོ་ཚོའི་འཇིག་རྟེན་ལ་ཁ་དོག་མེད་སོང་བ་ཡིན་ནམ།
སྦས་གནས་གང་ཞིག་ནས།
བཙུན་མ་ཟུར་པ་ཚོས་སྐྲ་ལོ་གསོག་པའི་བརྒྱུད་རིམ་སྙིང་རྗེ་བོ་དེ་ནི།
སྙིང་གི་སྤུན་གྲོགས་སྐལ་བཟང་སྦྱིན་པ་ལ་ཕུལ་བ།
ཐེ་བོ་ཤེས་རབ་རྒྱ་མཚོ།
ཅི་ཞིག་བཤད་དགོས་ཇི་ལྟར་བཤད་དགོས།།
དོ་ནུབ་སྙིང་ཁོང་དྲོད་ཀྱིས་གཏམས་བྱུང་།།
ལོ་གསུམ་ལྕགས་ནག་བཙོན་ཁང་ནང་ལ།།
ཁྱོད་ཀྱིས་དཀའ་སྡུག་མྱངས་པ་མང་སོང་།།
བྱིས་པའི་ནང་གི་བྱིས་པ་ཡིན་དུས།།
ཕལ་བའི་ནང་གི་ཕལ་བ་ཡིན་མོད།།
དེ་ལས་མང་བ་། “སྙིང་གི་སྤུན་གྲོགས་སྐལ་བཟང་སྦྱིན་པ་ལ་ཕུལ་བ།” »
ཁྱོད་རང་སོང་ཤུལ་ན། (སྙན་ཚོམ།)
བཀྲ་ཤིས་དོན་འགྲུབ།
ཨུ་རི་ལྡུམ་ར།
ཨུ་རི་ལྡུམ་རའི་ནང་ལ།
མེ་ཏོག་གཅིག་ཀྱང་མི་འདུག
… …
མི་ཚོས་གླུ་འདི་ལྟར་བླངས་བྱུང་།
ཨུ་རི་ཡོད་དུས མེ་ཏོག་སྐྱེས་པ་དེ་ཙམ་མི་བཟང་ནའང
ངག་མ་འཁྲོལ་བའི་ལོ་ཟླ།
སངས་རྒྱས་དཀོན་མཆོག
ལོ་ཟླ་འདིར་ངས་ཧ་ཅང་གྱེར་འདོད་ཀྱང་
གཏན་ཏུ་ངག་མ་འཁྲོལ་བའི་ཤ་རུས་ཀྱི་གདངས་དབྱངས་སྙན་མོ
ང་ཡི་བླ་སྲོག་གི་རུས་རྐང་ལ་འཐིམ་པས རིགས་ཞེན་གྱི་ཚེ་སྲོག་དྭངས་མ་ཚོ
དཔའ་སྤོབས་དང་ལྷན་དུ་བཤར་འགྲོ་དོན
དམར་པོ་མེ་ཡི་རྔམ་ཁ།
བསོད་ནམས་ནོར་བུ།
—–ནམ་ཡང་ན་ཟུག་གིས་དྲན་པའི་སྤུན་ཟླ་ཚོར།
ངུ་ཤུམ་མིག་ཆུ་སྐུང་བའི་སྨག་རུམ་ཁྲོད།།
སེམས་དང་སེམས་པ་བརྡར་བའི་སྲུབ་ཀ་ནས།།
སྡུག་བསྔལ་མེ་ལ་འབར་བའི་ཤ་རུས་འདི།།
མགོ་ནག་གངས་ཅན་བོད་མིའི་མཆོད་སྡོང་ཡིན།།
ཆོས་སྲིད་ཁ་དོག་སྒྲིབ་པའི་དར་དམར་ཀློང་།།
སྤུན་ཟླའི་ལས་དབང་འཕྱར་བའི་ཁུ་ཚུར་རྩེར།།
དམར་ནག་ཁྲག་གིས་བྲིས་པའི་ཞལ་ཆེམས་དེ།།
གདོང་དམར་དཔའ་བོའི་ལོ་རྒྱུས་ཤོག་ལྷེ་ཡིན།།
ཧབ་ཆ་ངུ་བ།
སངས་རྒྱས་དཀོན་མཆོག
སྤྲིན་པ་འཕུར་བའི་ཁོ་མོའི་བྲང་ཁ་འཁྲུགས།།
དུས་ལ་བཀལ་བའི་ནང་གི་ཉི་འོད་དེ།།
འཕྲིན་གྱི་ན་བུན་སྟུག་པོའི་ཕྱི་ནང་བསྟིམས།།
རེ་བཞག་ལྗང་ཁུ་སྐུད་མེད་སྣེ་ནས་ཆད།།
དྲན་པ་གཤོག་ཐོགས་མ།
གདམ་ཀ
སངས་རྒྱས་དཀོན་མཆོག
གཅིག་བྱས་ན་ང་ཡིན་སྲིད་མོད
ང་ལ་ད་དུང་གྲ་སྒྲིག་མེད་
ཨ་མའི་གླེང་མྱོང་བའི་སྐྱེས་ཆེན་དེ
ད་ལྟ་གཏན་ནས་བདག་གིས་བོར་བརླགས་བྱུང་སོང
འཚོ་བའི་བདེན་པ་སྟོང་བའི་ཆིངས་ཡིག་དག
ལང་ཚོའི་རྦབ་ཆུ།
གཤམ་གསལ་གྱི་དྲ་བ་ནས་དྲངས། http://drugmo.wordpress.com/author/drugmo/
བུ་མོ་མཛེས་མ་ཞིག་ལ།
རེབ་ཐོག་མདའ།
སྲང་ལམ་དོག་མོ་གོམ་པས་བཅད་དེ་
ང་ཡི་མདུན་ཕྱོགས་ཚོང་ཁང་སྒོ་
ཀོ་བའི་སྟོད་ལྭ་དམར་སྨུག་འོག་ན་
སྐེད་པ་ཕྲ་ཞིང་སྒེག་ཉམས་དོད་པའི་
ཕོ་ལུས་ཐོབ་པའི་མྱི་ཡི་ཚོགས་ཀྱི་མིག་དེ་མི་གཡོ་སུ་ཞིག་མཆིས།།
འཕུར་ལ་ཉེ་བའི་བྱེའུ་ཆུང་ཁྱུ་ཞིག
དོལ་སྨྱོན།
—–ལྕགས་རི་མཐོ་སློབ་ཀྱི་སྐབས་ལྔ་པའི་མཐར་ཕྱིན་སློབ་མ་རྣམས་ལ་ཕུལ་བ།
སྨུག་པ་འཐུལ་ས་ཞིག་དང་ཆར་བ་མང་ས་ཞིག་ནས།
ལོ་ལྔ་ལ་གཉིད་དུ་ཡུར་བའི་བྱིའུ་ཆུང་ཁྱུ་ཞིག
དམིགས་ཡུལ་ཆེན་པོ་རེ་ཁོང་དུ་བཟུང་ནས།
མིང་སྐམ་ཆེན་པོ་ཞིག་ཁ་ལ་ཐོགས་ནས།
ད་ནི་ཕྱོགས་སོ་སོར་འཕུར་གྲབས་འདུག་ཨང་།
ཁྱེད་ཀྱིས་གདུང་ཡུས་མི་བརྗོད་པ་ཅི་ཡིན་ནམ།
རས་པ།
ངས་རང་ཉིད་སྒུར་སྒུར་གྱིས་འགྲོ་དགོས་པའི
སེམས་ཅན་ཆུང་ཆུང་ཞིག་ཏུ་ཆོག་ཤེས་བྱེད་དུས
ཁྱེད་རང་འགྲོ་ཞོར་དུ
“འུ་གཉིས་མཉམ་”ཟེར་ཞིང
སྡུག་བསྔལ་ནི་ཁྱོད་ཀྱིས་སྡུག་བསྔལ་དུ་མ་བསམ་པ་ཞིག་ཡིན་ཟེར
ལག་གཡུག
སངས་རྒྱས་དཀོན་མཆོག
—–རྒན་ཨ་འཇམ་ལགས་སློབ་གྲྭ་དང་བྲལ་སྐབས་སྐྱེལ་མ་ཞིག་གི་ཚུལ་དུ།
སེམས་ཀྱི་ཉི་འོད་སོར་མོའི་བར་ནས་ཤོར།།
རེ་བཞག་ལྗང་ཁུའི་ཁ་དོག་བྲང་ལ་ཕོག།
འཚོ་གནས་ནང་སྙིང་དབུལ་བའི་གནས་མལ་ན།།
དེ་རིང་ཁྱེད་ཉིད་འགྲོ་བར་ཞེ་བློ་འཕངས།།
ཤོག་པང་།
སངས་རྒྱས་དཀོན་མཆོག
མི་རབས་ཤིག་འདི་ལྟར་འདས་སོང་
རྩིག་རྡེབ་ངོས་ཀྱི་བཀྲག་རྩི་ལ་བལྟས་པས
ངས་མི་ལོ་མང་པོའི་སྔོན་གྱི་སྐྱེས་ཆེན་ཞིག་ཡིད་ལ་དྲན་བྱུང་
ཀི་རིང་ཞིག་བཏབ་ན་འདོད་མོད
ཤུ་གླུ་ཕྲ་མོ།
ཚེ་རིང་སྤེན་པ།
ཁ་བའི་འདབ་མ་ལྷབ་ལྷུབ་བབས་རྗེས་སུ།།
ཅེ་སྤྱང་སྨུག་པོས་ཁྲག་གིས་རྗེས་ཤུལ་བཀོད།།
རྐང་ཐང་འགྲིམ་པའི་ཉམ་ཆུང་གཡག་རྫི་ཞིག །
གྲང་དང་འཇིགས་པས་བཟུང་ནས་དྲན་མེད་བརྒྱལ།།
ལམ་ཁའི་སྙན་ངག
རེབ་ཐོག་མདའ།
དྭངས་གསལ་ནམ་མཁའི་ངོགས་སུ་བཞད་པའི་ཉི་མའི་གདོང་གི་འཛུམ་ཆུང་དེ།།
ང་ཡིས་མདུན་ཕྱོགས་སྤང་ན་འཚར་བའི་སྔོ་མདོག་བུ་མོ་ལུས་ལ་ལྷུང་།།
ཆར་ཆུ་སྦྲུམ་པའི་སྤྲིན་པའི་ཕུང་པོ་ལྷོ་ཕྱོགས་རི་བོའི་མཐའ་དེ་ན།།
ལྗང་མདོག་གྱོན་པའི་ཁོར་ཡུག་འདི་ཡིས་ལང་ཚོ་གསར་པར་ཧད་དེ་ལུས།།
ཕ་ཡུལ་གྱི་གྲོགས་དག་ལ།
རེབ་ཐོག་མདའ།
ལོ་ཟླའི་ཁ་དོག་སེམས་ལ་ལྷུང་བའི།།
ཀྱག་ཀྱོག་འཚོ་བའི་ཁུགས་སོ་འདི་ནས།།
གཞོན་དུས་གྲོགས་ཀྱིས་དུངས་སེམས་འོ་མ།།
ཟླ་བར་བསྐུར་བའི་སེམས་གཏམ་ཡིན་སོང་།།
