Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་གསར་གྱི་ཞུ་ཡིག་ཀ་མ་ལ།

Posted on 2013-12-312013-12-31 By ཁ་བརྡ་ 5 Comments on ལོ་གསར་གྱི་ཞུ་ཡིག་ཀ་མ་ལ།

ཨེ་མ་ཧོ།

unnamedན་མོ་གུ་རུ་ཀ་ལ་ཙཀྲ་ཡ།
ཀ་ལ་ཙཀྲ་ཕྱི་ནང་གསང་བའི་དོན།།
ཁ་བའི་ལྗོངས་སུ་འདྲེན་པའི་བླ་མ་རྗེ།།
ག་དུས་ཡིན་ན་དྲན་པའི་སྙིང་གི་གྲོགས།།
ང་ཡི་རིག་པའི་ཡེ་ཤེས་རྒྱན་ཏུ་རྒྱལ།།
ཅ་དག་དངོས་བཤམས་ཡིད་སྤྲུལ་མཆོད་པ་དང་།།
ཆ་རྐྱེན་བཟང་པོའི་གཞལ་ཡས་ཁང་ཆེན་དུ།།
ཇ་ཆང་འདོད་པའི་ལོངས་སྤྱོད་ཚོགས་འཁོར་བསྐོར།།

དེ་ལས་མང་བ་། “ལོ་གསར་གྱི་ཞུ་ཡིག་ཀ་མ་ལ།” »

སྙན་ངག

ཀ་འཕྲེང་ཆགས་གཏམ་མ།

Posted on 2013-12-302013-12-30 By ཁ་བརྡ་ 4 Comments on ཀ་འཕྲེང་ཆགས་གཏམ་མ།

སྦྲ་ནག་ཚང་གི་སྨྱི་ནག

ཀྭ་ཡེ་གསོན་དང་སྙིང་གི་དབང་མོ་ལགས།།
ཁ་ཞིག་སྐྱེལ་ནས་བརྩེ་བའི་སྒོ་མོ་འབྱེད།།
ག་ལེར་འཁྲིག་པའི་དུང་བ་འུ་གཉིས་ཟབ།།
ང་ལ་འཛོམས་པ་ཁྱོད་ཀྱིས་ཆགས་རྩལ་ཡིན།།
ཅ་ཅོར་ཆེ་བའི་འཆལ་གཏམ་རྒོད་ན་ཡང་།།
ཆ་ལ་མ་ཉལ་ཞག་གཅིག་བཟོད་ཐབས་བྲལ།།

དེ་ལས་མང་བ་། “ཀ་འཕྲེང་ཆགས་གཏམ་མ།” »

སྙན་ངག

དུས་ཀྱི་ཆད་པ་ཕོག་སོང་།

Posted on 2013-12-252013-12-25 By ཁ་བརྡ་ No Comments on དུས་ཀྱི་ཆད་པ་ཕོག་སོང་།

དོལ་སྨྱོན།

སྙིང་སྡུག་མཚམས་གཅོད་སྒྲོལ་མ་རྒྱང་ལ་བཞུད་ཐལ།།
གྲངས་མེད་རི་ལུང་མང་པོས་བར་མཚམས་བཅད་ཐལ།།
དྲན་པའི་ཟུག་རྔུས་སེམས་ལ་རྨ་ཁ་བཟོས་ཐལ།།
སྐྱོ་བའི་མིག་ཆུས་མཁུར་ཚོས་མཆི་མས་བརླན་ཐལ།།

ལྷོ་བགྲོད་སྤྲིན་པ་དཀར་པོ་སེམས་ཀྱི་སྐྱོ་རོགས།།
ནུབ་ཁའི་མཚམས་སྤྲིན་དམར་པོ་ཡིད་ཀྱི་བརྟེན་ས།།

དེ་ལས་མང་བ་། “དུས་ཀྱི་ཆད་པ་ཕོག་སོང་།” »

སྙན་ངག

བལ་ཡུལ།

Posted on 2013-12-232013-12-23 By ཁ་བརྡ་ 1 Comment on བལ་ཡུལ།

དོལ་སྨྱོན།

རྒན་མོ་ཚོའི་རྨོངས་སྤུ་རབ་ཏུ་འཛིངས་པ་
ལྟ་བུའི་བལ་ཡུལ།

མཛེས་མ་ཚོའི་ཟླ་མཚན་ས་ལ་བྱེར་བ་
ལྟ་བུའི་བལ་ཡུལ།

སྟག་ཤར་ཚོའི་ཁུ་བ་གནམ་ལ་འཐོར་བ་
ལྟ་བུའི་བལ་ཡུལ།

དེ་ལས་མང་བ་། “བལ་ཡུལ།” »

སྙན་ངག

ཆོག

Posted on 2013-12-192013-12-19 By ཁ་བརྡ་ No Comments on ཆོག

བསེ་རུ།

མི་ཚེ་འདི་ས་མཐའ་ནས་རྫོགས་ན།
ལས་དབང་འདི་ལྡོག་ཐབས་ཤིག་མེད་ན།
ཕུགས་རེ་འདི་འགྲུབ་ཐབས་ཤིག་མེད་ན།
མི་ཚེ་འདི་མེད་མུག་གིས་རྫོགས་ཀྱང་ཆོག

མི་ཚེ་འདི་ཆུ་ཕྲན་དེ་ཡིན་ན།
མི་ཚེ་འདི་ན་བུན་དེ་ཡིན་ན།

དེ་ལས་མང་བ་། “ཆོག” »

སྙན་ངག

འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།

Posted on 2013-12-192013-12-19 By ཁ་བརྡ་ 5 Comments on འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།

དོལ་སྨྱོན།

སྟེང་དུ་བཀུར་བའི་ལྷ་ཞིག་ང་ལ་མེད།།
འོག་ཏུ་གནོན་པའི་འདྲེ་ཞིག་ང་ལ་མེད།།
བར་དུ་མཆོད་པའི་བཙན་ཞིག་ང་ལ་མེད།།
འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།།

སྡོམ་པ་དམ་ཚིག་ཟེར་བའི་ལྕགས་ཐག་མེད།།
ལས་དང་རྒྱུ་འབྲས་ཟེར་བའི་དོགས་ཟོན་མེད།།

དེ་ལས་མང་བ་། “འཇིག་རྟེན་སྟེང་གི་སྤྲང་ཤོས་ང་རང་ཡིན།” »

སྙན་ངག

ཁྲག་དང་གད་སྙིགས།

Posted on 2013-12-182013-12-18 By ཡེ་ཤེས་ 1 Comment on ཁྲག་དང་གད་སྙིགས།

ཀླུ་སྨྱོན་ནས། —གཞན་གྱིས་བྲིས་པ་དག་ལ་གད་སྙིགས་ཞེས་བསྡིགས་མཁན་གྱི་བླུན་པོ་སྙིང་ཁམས་རྣག་གིས་ཟིན་པ་སྐོར་ཞིག་ལ་བགྲོ་བ། གསེར་ལས་གྲུབ་པའི་ཀ་ཁ་སུམ་ཡིས།། བྲིས་པའི་ཡིག་ཕྲེང་གཅིག་གི་རིན་ཐང་ཡང་།། སྲིད་འདིར་གཞལ་དུ་འོས་པ་ཅང་མེད་པས།། གད་སྙིགས་མ་ཡིན་མེས་པོའི་ཟུངས་ཁྲག་ཡིན།།

སྙན་ངག

གཡུ་ཡི་གཏམ་རྒྱུད།

Posted on 2013-12-182013-12-18 By ཡེ་ཤེས་ 5 Comments on གཡུ་ཡི་གཏམ་རྒྱུད།

Terqouseཀླུ་སྨྱོན།

བྲག་རི་དག་གི་སྐད་ཆ་སྟེ།།
བསྐལ་པ་འཇིག་པའི་གློག་འོད་ཀྱིས།།
གཡུ་རྡོ་དག་ཀྱང་སིལ་བུར་བྱས།།
དེ་ནི་ཉི་མའི་རྣམ་ཤེས་སོ།།
མཛེས་མའི་རྣ་བ་བརྒྱན་ནམ་ཅི།།
ཆུ་མོའི་ངོགས་སུ་བཞད་དམ་ཅི།།
རླུང་གིས་བསྐྱོད་པའི་རྩྭ་ལོ་ཡང་།།
གཡུ་ཡི་རྡོག་པོའི་གསེབ་ཏུ་སྐྱེས།།
བར་སྣང་ཧྲིལ་བོའི་རྡུལ་སྙེད་ཀྱིས།།
ཕྱུར་བུར་བྲིས་པའི་སྙན་ངག་སྟེ།།

དེ་ལས་མང་བ་། “གཡུ་ཡི་གཏམ་རྒྱུད།” »

སྙན་ངག

པར་བཏབ་སྙན་ངག

Posted on 2013-12-182014-03-26 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 14 Comments on པར་བཏབ་སྙན་ངག

འཇིགས་མེད་ནུབ་པ།

Samdong Rinpo Che

༡)
ཁྱོད་དང་དངོས་སུ་མཇལ་མ་མྱོང་།།

དེ་ལས་མང་བ་། “པར་བཏབ་སྙན་ངག” »

པར།, སྙན་ངག

ཡུལ་གྱར་བའི་གདུང་དབྱངས་ཐུན་ཅིག

Posted on 2013-12-182013-12-18 By ཁ་བརྡ་ 3 Comments on ཡུལ་གྱར་བའི་གདུང་དབྱངས་ཐུན་ཅིག

ཁང་སྨིན་གྲོལ་རྒྱ་མཚོ།

unnamedརྣམ་དཀར་ཕྲེང་བའི་རྐང་ལམ་བརྒྱུད་ནས།།
ངུ་སྐད་ཐོག་མ་བྲག་ཆར་འདེབས་དུས།།
ལྟེ་ཁྲག་དམར་པོ་འཕྱུར་ཐེངས་ཤིག་གིས།།
ཨ་མའི་གདོང་ན་འཛུམ་རིས་བརྐོས་སོང༌།།

ལོ་བརྒྱད་བྱིས་པའི་ན་ཚོད་སྟེང་ནས།།
ཀ་ཁའི་དབྱངས་རྟ་སྐྱོར་བར་ཆས་རུང༌།།
རྣམ་གཡེང་མཛའ་མོའི་བསླུ་བྲིད་འཇམ་པོས།།
མུན་པའི་དོང་དུ་ཤར་མར་འཕངས་བྱུང༌།།

དེ་ལས་མང་བ་། “ཡུལ་གྱར་བའི་གདུང་དབྱངས་ཐུན་ཅིག” »

སྙན་ངག

ཤིས་བརྗོད་མཆོད་པའི་མེ་ཏོག

Posted on 2013-12-162013-12-16 By ཁ་བརྡ་ 3 Comments on ཤིས་བརྗོད་མཆོད་པའི་མེ་ཏོག

གཉན་ཆེན།

བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཨུཏྤལ་རང་སེམས་སྐྱེད་མོའི་ཚལ་དུ་བཞད།།
ཐར་བའི་འཇུག་སྒོ་ངེས་འབྱུང་དྲི་བསུང་དགེ་སེམས་འདབ་མའི་སྤུབས་སུ་འཐུལ།།
བསླབ་སྡོམ་ཁྲིམས་གཙང་ཚུལ་བཞིན་སྲུང་བའི་སེའུ་འབྲུའི་བཅུད་ཀྱིས་ཡོངས་སུ་གཏམས།།
སེམས་ཀྱི་བུང་བ་དགའ་བའི་སྤྲོ་བཞིན་དེ་རིང་མགྲིན་པའི་བསྟོད་གླུ་ལེན།།

རིག་པ་སྟོང་གི་སྒོ་གླགས་འབྱེད་པའི་བསྡུས་གྲྭའི་རིགས་ལམ་ཐོག་མར་སྦྱངས།།
ཡོད་མེད་རྩོད་པའི་དགག་སྒྲུབ་པར་ནས་བློ་སེམས་དོག་མོའི་ར་བ་གཏོར།།

དེ་ལས་མང་བ་། “ཤིས་བརྗོད་མཆོད་པའི་མེ་ཏོག” »

སྙན་ངག

འགྲུལ་བཞུད་ཀྱིས་རྫོགས་པའི་མི་ཚེ།

Posted on 2013-12-152013-12-15 By ཡེ་ཤེས་ 9 Comments on འགྲུལ་བཞུད་ཀྱིས་རྫོགས་པའི་མི་ཚེ།

ཀླུ་སྨྱོན།
་་་་་་་་་་་་་་་་་་་་་་་་་་་་་རང་ལ་བྲིས་པ།

༡

སྤྲིན་ནག་དང་གློག་ཞགས་འདྲེས་མས་རྫ་ཆེན་གྱི་སྐྲ་གསེབ་དང་བྲང་གཞུང་། ད་དུང་བརླ་སྒང་གི་དྲོད་ཁོལ་མྱོང་དུས། འགྲུལ་བཞུད་ཀྱི་གཏམ་རྒྱུད་རབ་རིབ་ཅིག་གི་བརྗོད་བྱ་སྟེ། ཁྱོད་རང་ཟླ་དགུ་ཞག་བཅུའི་ཉེས་ཆད་ལས་ཐར་བའི་བཙོན་མ་ཉམ་ཐག་ཅིག མི་ཡུལ་འདིར་ཆེས་ཐོག་མར་གྱེར་བ་ནི་ཞི་འཇམ་གྱི་ངུ་སྐད་ཡིན་པས། ཁྱོད་ཀྱི་མི་ཚེའི་འགྲུལ་བཞུད་རིང་མོར་དགོད་སྒྲ་འབུས་སམ། སྨྲེ་སྔགས་བཞད།

དེ་ལས་མང་བ་། “འགྲུལ་བཞུད་ཀྱིས་རྫོགས་པའི་མི་ཚེ།” »

སྙན་ངག

ཟླ་གཞོན་ལགས། ཁྱེད་རང་བཞུད་སྔ་སོང༌།

Posted on 2013-12-142013-12-14 By ཁ་བརྡ་ 15 Comments on ཟླ་གཞོན་ལགས། ཁྱེད་རང་བཞུད་སྔ་སོང༌།

ཨ་འདུས་སྐལ་བཟང་རྒྱ་མཚོ།
་་་་་་་་མཁས་དབང་དགེ་འདུན་ཆོས་འཕེལ་རྗེས་སུ་དྲན་པ།

unnamedལས་རླུང་རྩུབ་མོའི་ལྡང་ཕྱོགས་ཤིག་གིས་ཁྱེད་ཞལ་དངོས་སུ་མ་མཇལ་ཡང༌།།
བསུབ་པར་དཀའ་བའི་གྲགས་སྙན་རིང་མོ་ད་དུང་གླིང་འདིའི་ཟུར་ན་མཆེད།།
སྐུ་དྲག་གཏུམ་པོའི་ཧམ་སྤྱོད་མིན་ན་ཁྱོད་དང་འུ་གཉིས་ཕྲད་ངེས་མོད།།
ཐོལ་བྱུང་གཤེགས་པའི་གཏམ་རྒྱུད་སྐྱུར་མོས་གདུང་བས་སྙིང་ཡང་རལ་བར་བྱེད།།

དེ་རིང་སློབ་གྲྭའི་དཔེ་ཁང་ནང་ནས་ཁྱོད་ཀྱི་གསུང་འབུམ་དེབ་གསུམ་མཇལ།།
ག་ལེར་ཁོ་བོའི་ཡིད་ཀྱི་ཅང་ཤེས་གསེར་གྱི་ཐང་མར་ཉུལ་བའི་ཚེ།།

དེ་ལས་མང་བ་། “ཟླ་གཞོན་ལགས། ཁྱེད་རང་བཞུད་སྔ་སོང༌།” »

སྙན་ངག

ཕ་ཡུལ་གྱི་བསླབ་བྱ།

Posted on 2013-12-142013-12-14 By ཁ་བརྡ་ No Comments on ཕ་ཡུལ་གྱི་བསླབ་བྱ།

ལོ་མ་རྒྱལ།

དབྱར་ལྗོངས་ལ་ཡོད་ཚད་ཆབ་རོམ་འཁྱགས་ཏེ་མཁྲེགས་གཟུགས་ཀྱིས་རེངས་བ་འདི་མཐོང་ན།
ཁྱོད་ཀྱི་ལྗང་མདོག་དང་སྐྱེས་སྟོབས་ལ་ནམ་ཡང་དར་ཆགས་མི་རུང་།
སྐབས་དེར། ཁྱོད་ཀྱིས་ཨ་ཕའི་ཁ་ཆེམས་ཡང་ཡང་སེམས་སུ་དྲན་དགོས།
སྐབས་དེར། ཁྱོད་ཀྱིས་ཨ་མའི་རེ་སྒུག་དེ་ཡང་གཏན་ནས་བརྗེད་མི་ཉན།
མཚམས་མཚམས་སུ། ནམ་མཁའ་ལ་སྤྲིན་ནག་འཐིབས་ཏེ་དྲག་ཆར་འབབ་ན་ཡང་།
མཚམས་མཚམས་སུ། རླུང་དམར་གཡུགས་ནས་ཁྱོད་ཀྱི་སྐྲ་ལོ་བསྣོགས་ན་ཡང་།

དེ་ལས་མང་བ་། “ཕ་ཡུལ་གྱི་བསླབ་བྱ།” »

སྙན་ངག

པར་བཏབ་སྙན་ངག

Posted on 2013-12-122014-03-26 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 5 Comments on པར་བཏབ་སྙན་ངག

འཇིགས་མེད་ནུབ་པ།

Dalai-Lama-copy-2

༡)

ཕྱག་འཕྲིན་ཆུང་ཆུང་དེ་ཡིས།།

དེ་ལས་མང་བ་། “པར་བཏབ་སྙན་ངག” »

པར།, སྙན་ངག

ཤུལ་བཞག་རྒྱུ་ནོར།

Posted on 2013-12-112013-12-11 By ཡེ་ཤེས་ 3 Comments on ཤུལ་བཞག་རྒྱུ་ནོར།

ཀླུ་སྨྱོན། མདང་ནུབ་འཆི་བདག་དེ་ཀོ་བདག་ལ་འབྱོར།། སྡེར་མོ་བཀྲབ་བཀྲབ་མཆེ་བ་གཟེངས་གཟེངས་བྱེད།། ཁྱོད་རང་འགྲོ་དགོས་ཤུལ་བཞག་རྒྱུ་ནོར་སྟོན།། ལན་དུ་རླུང་གིས་ཁུར་བའི་རྐང་རྗེས་སོ།།

སྙན་ངག

སྙན་ངག་དང་འདྲེས་པའི་ལོ་རྒྱུས།

Posted on 2013-12-112013-12-11 By ཡེ་ཤེས་ No Comments on སྙན་ངག་དང་འདྲེས་པའི་ལོ་རྒྱུས།

ཀླུ་སྨྱོན།

སྣག་ཚ་བུམ་པ་གང་མི་རིགས་ཤིག་གི་ཟུངས་ཁྲག་དང་བསྲེས་ཏེ།
ལོ་རྒྱུས་ཀྱི་ལྡེབས་རིས་ཆེན་པོ་ཞིག་བཞེང་དུས།
བཙན་པོའི་དུས་ཀྱི་རྟ་དམག་གི་རྨིག་རྡུལ་ཡང་སྐྱར་འཐིབས་བྱུང་ལ།
མཐའ་བཞིའི་རྒྱལ་ཕྲན་ཚོར་སྤྲིངས་པའི་བཀའ་ཤོག་གི་གཟི་བརྗིད་ཀྱང་ཡང་སྐྱར་འབར་བྱུང་།
བཙན་པོའི་རྒྱལ་རབས་ཀྱི་དེབ་ཐེར་མཐུག་པོ་དེའི་བམ་ཁ་སྔོགས་དུས།
སུམ་གཉིས་ས་ལ་སླར་ཡང་དམག་དར་དང་རལ་གྲི་གཡུགས་སོང་།

དེ་ལས་མང་བ་། “སྙན་ངག་དང་འདྲེས་པའི་ལོ་རྒྱུས།” »

སྙན་ངག

དད་པའི་མཆོད་སྤྲིན་མེ་ཏོག

Posted on 2013-12-112013-12-11 By ཁ་བརྡ་ 7 Comments on དད་པའི་མཆོད་སྤྲིན་མེ་ཏོག

ས་འཛིན་དཀར་པོ།

unnamed-7གཟུགས་སྐུ་ལང་ཚོ་ཨ་མདོ་ཡུལ་ལ་བལྟམས།།
མཚན་སྙན་བ་དན་རྒྱལ་ཁམས་ཀུན་ལ་གཡོ།།
གངས་རིའི་ལྷ་མོ་དོན་གྲུབ་བྱམས་བརྩེ་ཡིས།།
གོ་ལའི་ཞི་བདེ་དེད་དཔོན་མཚན་སྙན་ཐོབ།།

མཐོ་སྒང་ཡུལ་ནས་གྱེས་པའི་བགྲེས་པོ་ཞིག།
ཁ་བའི་བདེན་དོན་ཆེད་དུ་ཉིན་མཚན་གཞོལ།།

དེ་ལས་མང་བ་། “དད་པའི་མཆོད་སྤྲིན་མེ་ཏོག” »

སྙན་ངག

ཞི་བདེའི་སྐྱེས་མཆོག

Posted on 2013-12-102013-12-10 By ཁ་བརྡ་ 1 Comment on ཞི་བདེའི་སྐྱེས་མཆོག

སེར་ཤུལ་རིན་ཆེན་དོན་གྲུབ།
༼༸གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ཉེར་བཞི་འཁོར་བའི་དུས་དྲན་ལ་ཕུལ།༽

སྤྱི་སྙོམས་མཛད་པའི་རླབས་ཆེན་ཕྱག་རྗེས་ཤར་ནུབ་རིག་པའི་འོད་དུ་བཞུར།།
དྲང་ཚུགས་སྒམ་བརླིང་མི་གཤིས་བཟང་པོས་དཔྱོད་ལྡན་སྙིང་ལ་བསིལ་བ་སྦྱིན།།
ལེགས་འབྱེད་གུ་ཡངས་ཤེས་རབ་མཚོན་གྱིས་རིས་གཅོད་ལྟ་བར་ཟུག་རྔུ་བསླངས།།
ཆོས་ཉིད་རིགས་པའི་དཔྱད་ཞིབ་ངོས་ན་ཁྱེད་ནི་མཆོག་གི་འོད་རིས་ཤིག །

དེ་ལས་མང་བ་། “ཞི་བདེའི་སྐྱེས་མཆོག” »

སྙན་ངག

ལྷ་མོ་དོན་གྲུབ། ངས་ཁྱོད་འདི་ལྟར་མཐོང༌།

Posted on 2013-12-102013-12-10 By ཁ་བརྡ་ 3 Comments on ལྷ་མོ་དོན་གྲུབ། ངས་ཁྱོད་འདི་ལྟར་མཐོང༌།

ཁང་སྨིན་གྲོལ་རྒྱ་མཚོ།
་་་་་་་་་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་བཀའ་རྩོམ་བཀླགས་རྗེས།

unnamed-1སྙན་འཇེབས་གསུང་གི་འགྱུར་ཁུག་རེ་ན་ལེགས་བཤད་གསེར་གྱི་འོད་ཕྲེང་རེ།།
རབ་དཀར་ཞལ་གྱི་འཛུམ་དམུལ་རེ་ན་སྐྱོ་གདུང་གཤགས་པའི་བྱམས་བརྩེ་རེ།།
ཡིད་འོང་མཉེན་ལྕུག་ཕྱག་རྒྱ་རེ་ན་དད་འདུན་འགུག་པའི་སྒྱུ་འཕྲུལ་རེ།།
བསམ་ཡས་རིག་པའི་འཁྱུག་ཤེད་རེ་ན་འགྲོ་དྲུག་སྐྱོང་བའི་ཟློས་གར་རེ།།

ཁྱོད་ནི་ཚན་རྩལ་རིག་པ་མིན་ཡང་སླད་མར་ཕན་པའི་སྨན་ཕུང་ཞིག།
ཁྱོད་ནི་དཔག་བསམ་ལྗོན་པ་མིན་ཡང་ཅི་དགོས་སྟེར་བའི་ནོར་བུ་ཞིག།

དེ་ལས་མང་བ་། “ལྷ་མོ་དོན་གྲུབ། ངས་ཁྱོད་འདི་ལྟར་མཐོང༌།” »

སྙན་ངག

Posts pagination

Previous 1 … 110 111 112 … 220 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ།
  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme