ཐོར་རྒོད་པ་སྐྲན།
བར་ཐག་གིས་རྒྱང་ནས་རྒྱང་དུ་བཀྱེད་ཅིང་དུས་ཚོད་ཀྱིས་ཡུན་ནས་ཡུན་ལ་བདར་བའི་ངེད་གཉིས་ཀྱི་སེམས་ཁོང་གི་བདེ་དྲོད་ཉག་གཅིག་ནི་ཁྱེད་ཀྱིས་ང་རང་དྲན་ཞིང་ང་ཡིས་ཁྱེད་རང་གླེང་བཞིན་པའི་བར་སྐབས་འདི་ཡིན་ལ།རྨི་ལམ་འདི་དང་ཁེར་རྐྱང་གི་ཆོ་ལོས་ཡོངས་སུ་བསྡམས་པའི་གནས་སྐབས་འདིའི་རིང་ལ་ཁྱོད་ཀྱི་སྒོ་གསུམ་ངལ་བས་མ་གཙེས་པར་བདེ་མོ་ཡིན་ནམ།ངའི་སྙིང་གི་ཚིལ་ལུ་ལགས།
ཁ་སང་གི་རྨི་ལམ།
བསྟན་འཛིན་ཤེས་རབ།
རྔམ་ཞིང་བརྗིད་ཆགས་པའི་རི་བོ་མཐོན་པོ་ཞིག་མདུན་རོལ་ཏུ་འགྲེང་འདུག
དྲི་ངད་ལྡ་པའི་མེ་ཏོག་དང་སྐྱེས་དངོས་ཚོགས་ཀྱང་ཕྲ་ལམ་མེར་བཞད་འདུག
ལམ་ལ་ཆས་བཞིན་པའི་སྐྱེ་བོའི་ཚོགས་ཀྱིས།
དངན་པ་རིང་མོ་རེ་འཐེན་བཞིན་ལྟ་ཙམ་ལྟ་ཙམ་བྱེད།
སྒོར་མོ།
འབའ་སྲས།
འཇིག་རྟེན་འདི་ལ་རྐང་པ་བཙུགས་པ་ནས།།
མགོ་བོ་མུན་ནག་དོང་ལ་མ་ལྷུང་བར།།
ཚེ་ཡི་སྲོག་གི་རྩ་བ་སྒོར་མོ་སྟེ།།
སྒོར་མོ་མེད་ན་ཁྱོད་ལ་ཅི་ཡང་མེད།།
སྐད་ཅིག་ཁ་ཤས་རིང་གི་ངའི་ཁོར་ཡུག
བོད ལྷ་ཀླུ་གཉན་གསུམ།
མི་ཡི་གཟུགས་ལ་འདྲེ་ཡི་སེམས་ཞུགས་པ།།
ཕྱི་ནང་ཁ་ཁར་གྱུར་བ་ང་ཡི་སྤྱོད།།
དུས་གསུམ་གང་དུ་མི་གཏོགས་རླུང་གི་སྤུན།།
གྱང་ཁའི་རྩྭ་ཡི་གྲོགས་པོ་ཡ་མེད་ཅིག།
རྡ་སར་འབྱོར་བ།
རྟ་ནག་སྐལ་བཟང་ལུང་རིགས།
_______________________རྡ་སའི་སྙན་ངག་གི་ཁག་དང་བོ།
ལམ་ཕྲན་དང་གཞུང་ལམ་བརྒལ་ཏེ་ས་གཞི་ཞིག་པང་དུ་བླངས་སོ།།
འཁོར་ལོ་དང་རྨི་ལམ་བརྡར་ནས་ནམ་མཁའ་ཞིག་ཤར་གྱིས་བཏེགས་སོ།།
ཁ་ཆར་དང་གྲང་རླུང་བསུས་ནས་སེམས་པ་ཞིག་དུང་བས་བརྡེགས་སོ།།
ཚོར་བ་དང་བརྩེ་བས་དྲུད་ནས་གནམ་མཐའ་ལ་ཆམ་གྱིས་བརྡས་སོ།།
བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine’s Story)

སྐལ་བཟང་ཉི་མས་བསྒྱུར།
ངས་རང་ཉིད་མཚམས་སྦྱོར་བྱེད་རྒྱུ་ཡིན། ངའི་མིང་ལ་བེ་ལན་ཁྲ་ཡན་(Valentine) ཟེར་ཞིང་། དུས་རབས་གསུམ་པའི་ནང་རོམ་དུ་འཚོ་སྡོད་བྱས། དེ་ནི་གནའ་སྔ་མོ་སྔ་མོ་ཞིག་རེད་ཨང་། སྐབས་དེར་རོམ་དུ་མིང་ལ་ཁུ་ལོ་སྒྲི་ཡ་(Claudius)ཟེར་བའི་རྒྱལ་པོ་ཞིག་གིས་དབང་སྒྱུར་བཞིན་ཡོད། ང་རྒྱལ་པོ་ཁུ་ལོ་སྒྲི་ཡ་ལ་མི་དགའ་ལ། དེའང་ང་གཅིག་པོ་མིན་པར་མི་མང་པོ་ཞིག་གིས་ངའི་སེམས་ཚོར་དེ་དང་དུ་ལེན་ནོ། ཁུ་ལོ་སྒྲི་ཡ་ལ་དམག་མི་འབོར་ཆེན་ཞིག་དགོས་སོང་། ཁོས་སྐྱེས་པ་ཚོ་དང་བླང་གིས་དམག་ཁོངས་ལ་ཞུགས་པར་རེ་ལྟོས་བྱས། འོན་ཀྱང་། སྐྱེས་པ་མང་པོ་ཞིག་ལ་དམག་འཁྲུག་ཁྲོད་དམར་འཛིང་བྱེད་འདོད་མེད་ཅིང་། ཁོང་ཚོར་རང་གི་བཟའ་ཟླ་དང་ནང་མི་ཤུལ་ནས་འཇོག་འདོད་ཀྱང་མེད་པས། སྐྱེས་པ་མང་པོ་ཞིག་གིས་མིང་རྟགས་མི་འགོད་པ་ནི་ཕལ་ཆེར་ཁྱེད་ཀྱིས་ཚོད་དཔག་བྱེད་བཏུབ་པ་ལྟར་ལ། དེ་ཡིས་ཁུ་ལོ་སྒྲི་ཡ་གཏུམ་དྲག་ཅན་ཞིག་བཟོས་པ་རེད། དེ་ནས་ཅི་ཞིག་བྱུང་ངམ། དེ་ནས་ཁོས་སྨྱོ་བསམ་ཞིག་འཁོར་བ་ནི་གལ་སྲིད་སྐྱེས་པ་དག་གཉེན་སྒྲིག་མ་བྱས་ཚེ་དམག་ལ་ཞུགས་པར་ཅི་མི་སྙམ་བསམ་པ་དེ་རེད།
དེ་ལས་མང་བ་། “བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine’s Story)” »
བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine's Story)

སྐལ་བཟང་ཉི་མས་བསྒྱུར།
ངས་རང་ཉིད་མཚམས་སྦྱོར་བྱེད་རྒྱུ་ཡིན། ངའི་མིང་ལ་བེ་ལན་ཁྲ་ཡན་(Valentine) ཟེར་ཞིང་། དུས་རབས་གསུམ་པའི་ནང་རོམ་དུ་འཚོ་སྡོད་བྱས། དེ་ནི་གནའ་སྔ་མོ་སྔ་མོ་ཞིག་རེད་ཨང་། སྐབས་དེར་རོམ་དུ་མིང་ལ་ཁུ་ལོ་སྒྲི་ཡ་(Claudius)ཟེར་བའི་རྒྱལ་པོ་ཞིག་གིས་དབང་སྒྱུར་བཞིན་ཡོད། ང་རྒྱལ་པོ་ཁུ་ལོ་སྒྲི་ཡ་ལ་མི་དགའ་ལ། དེའང་ང་གཅིག་པོ་མིན་པར་མི་མང་པོ་ཞིག་གིས་ངའི་སེམས་ཚོར་དེ་དང་དུ་ལེན་ནོ། ཁུ་ལོ་སྒྲི་ཡ་ལ་དམག་མི་འབོར་ཆེན་ཞིག་དགོས་སོང་། ཁོས་སྐྱེས་པ་ཚོ་དང་བླང་གིས་དམག་ཁོངས་ལ་ཞུགས་པར་རེ་ལྟོས་བྱས། འོན་ཀྱང་། སྐྱེས་པ་མང་པོ་ཞིག་ལ་དམག་འཁྲུག་ཁྲོད་དམར་འཛིང་བྱེད་འདོད་མེད་ཅིང་། ཁོང་ཚོར་རང་གི་བཟའ་ཟླ་དང་ནང་མི་ཤུལ་ནས་འཇོག་འདོད་ཀྱང་མེད་པས། སྐྱེས་པ་མང་པོ་ཞིག་གིས་མིང་རྟགས་མི་འགོད་པ་ནི་ཕལ་ཆེར་ཁྱེད་ཀྱིས་ཚོད་དཔག་བྱེད་བཏུབ་པ་ལྟར་ལ། དེ་ཡིས་ཁུ་ལོ་སྒྲི་ཡ་གཏུམ་དྲག་ཅན་ཞིག་བཟོས་པ་རེད། དེ་ནས་ཅི་ཞིག་བྱུང་ངམ། དེ་ནས་ཁོས་སྨྱོ་བསམ་ཞིག་འཁོར་བ་ནི་གལ་སྲིད་སྐྱེས་པ་དག་གཉེན་སྒྲིག་མ་བྱས་ཚེ་དམག་ལ་ཞུགས་པར་ཅི་མི་སྙམ་བསམ་པ་དེ་རེད།
དེ་ལས་མང་བ་། “བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine's Story)” »
ཁྱེད་ཀྱིས་ གཞན་གྱི་མིང་ སྤྱོད་ཐུབ་བམ།
ཁ་བརྡའི་ཐོག་་གཞན་མིང་སྒེར་སྤྱོད་བྱེད་མཁན་འགའ་ཐོན་ཡོང་གི་འདུག འདི་དག་ནི་སྨྱུག་མིང་བེད་སྤྱོད་བྱེད་མཁན་དག་ལ་ཞུ་གི་མེད། རྩོམ་འབྲི་མཁན་གྱིས་རང་གི་མིང་ངོ་མ་དང་སྨྱུག་མིང་གང་སྤྱད་ཀྱང་ང་ཚོས་དེ་ལ་བརྩི་བཀུར་བྱེད་འོས་པ་རེད་དྲན། ཉེ་ཆར་ནས་ bbc ཞུ་བ་དང་། ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞུ་བ། ཨོ་བྷ་མ་ཞུ་བ་སོགས་ཐོན་ཡོང་གི་འདུག ངེད་ཀྱི་ཚོད་དཔག་ནོར་མེད་ན་ འདི་དག་ནི་ཁྲིམས་འགལ་ཡིན་པ་འདྲ། མི་ཚབ་བྱེད་པའམ་མི་གཞན་ཞིག་འཁྲབ་པ་༼impersonator༽དེ་དག་ཧ་ཅང་མ་འོས་པ་ཞིག་རེད་དྲན། དྲ་རྒྱ་ཁ་ཤས་ན་འདི་ལྟར་བྱེད་མཁན་ཚོར་ སྐྱེ་བོ་གཞན་གྱི་རྣམ་པ་རྐུ་འཕྲོག་བྱེད་པའི་ ༼identity theft…
སྨྱོན་པས་ལན་མོ།།
སྒེར་དོན་མཁས་པའི་དེང་གི་བཀའ་སྤྱི་ཚོས།།
རང་འབངས་བདག་མེད་གང་དྲན་ལམ་ལ་བཏངས།།
འདུག་སྟེགས་སྲ་བརྟན་ཕྱོགས་ཞེན་ཅན་ལ་སྐུལ།།
དཔོན་པོ་འདོད་ཀྱང་སྨྱོན་པས་ལན་མོ་རེད།།
རྒྱང་རིང་ཆུང་མ།
འབའ་སྲས།
རྒྱུས་མེད་མི་ཡུལ་ས་མཐའ་ཞིག་ནས།།
སེམས་པ་རྒྱུས་མེད་འཚོ་བའི་བར་ནས།།
དཀའ་སྡུག་ཞིག་གི་སྣེ་མོར་འཇུས་ནས།།
ཁྱེད་ནི་བདག་གི་བདག་མོར་གྱུར་སོང་།།
བརྩེ་དུང་གི་སྐོར་གླེང་བ།
བརྩེ་དུང་ཟེར་བ་འདི་ག་རེ་རེད། མཚན་ཉིད་སྨྲ་མཁན་ཞིག་ཡིན་ན། མཚན་ཉིད་འཇོག་དཀའ་བའི་དངོས་པོ་ཞིག་དགོས་ན་བརྩེ་དུང་ཟེར་བའི་ཡིག་འབྲུ་གཉིས་ཁྱེར་ཞོག
བརྩེ་དུང་ཟེར་བ་འདི་ཨེ་ཤེས་ལགས། མི་ཤེས་ན། དྲང་བདེན་སྨྲ་མཁན་ཞིག་གི་མིག་ངོར་ཆེས་ཕྱོགས་མཐར་ལྷུང་བའི་དངོས་པོ་ཞིག་རེད།
བརྩེ་དུང་ནི། འདི་འདྲ་ཞིག་རེད། གནས་ལུགས་དང་རྒྱུ་མཚན་བཤད་ནས་ཁམས་གསུམ་དབང་དུ་སྡུད་མཁན་ཞིག་ཡིན་ནའང་། བརྩེ་དུང་གི་མདུན་ཁོ་ནར་ཁོས་སྨྲ་བ་མེད་པའི་བརྟུལ་ཞུགས་མ་བཟུང་རང་བཟུང་ཆགས་ཀྱི་ཡོད།
སྙིང་གི་ཚིལ་ལུ། ཆུང་འདྲིས་བྱམས་པར་ཕུལ་བའི་མཐའ་མའི་བརྩེ་འཕྲིན་ཞིག
ཚེ་རིང་སྐྱིད་ཀྱིས།
སྙིང་ཉེ་བའི་རྒྱང་རིང་གི་མི་ཡ། ངས་མིག་ཆུ་མེད་པའི་སྡུག་བསྔལ་གྱི་གཏིང་རིམ་ཞིག་ཏུ་ཁ་གཏད་དུ་འབར་གྱིན་པའི་མེ་རླབས་དང་དེའི་ནང་དུ་ཙག་སྒྲ་དང་བཅས་འབར་གྱིན་པའི་ཉིན་ཐོ་འབྲི་དེབ་དེ་ཚོར་ཅེར་བཞིན། འདས་དོན་གྱི་གཏམ་རྒྱུད་གསལ་གསལ་ཐིང་ཐིང་ཕྱིར་དྲན་གྱི་ངོགས་སུ་དྲངས། ངས་བརྗེད་མེད་པའི་ལོ་ཟླ་རེ་རེ་དང་དུས་ཚིགས་རེ་རེ་ནི་ངའི་མཛེས་པའི་ལང་ཚོའི་དཀྱོགས་མཚམས་རེ་རེ་དང་འདྲ་ལ། ཁྱེད་ཉིད་དྲན་ཤིང་བར་བཅུག་ཏེ་ལོ་ཟླ་གང་མང་ཤོར་སོང་བར་འཛུམ་མདངས་དང་ཁེར་བཤད་ཅིག་གིས་བདེ་མོ་འཇོག་དགོས་བྱུང་།
སློབ་ཆུང་ལོ་རིམ་དྲུག་པ་ནས་ང་རང་ཁྱེད་ཉིད་དང་བྲལ་བ་མེད་པའི་གྲིབ་མ་དེར་གྱུར་ཞིང་། ངས་རང་གི་མི་ཚེ་དམིགས་ཡུལ་ཡང་ཁྱེད་ཁོ་ན་ཡིན་པར་འདོད་དེ། ཁྱེད་ཉིད་ནི་ང་ལ་ཐོབ་འདོད་པའི་མངའ་ཐང་དང་ལོངས་སྤྱོད་ཁོ་ན་དེ་ཡིན་པར་འདོད། ཁྱེད་ཀྱིས་ཨེ་ཤེས།
དེ་ལས་མང་བ་། “སྙིང་གི་ཚིལ་ལུ། ཆུང་འདྲིས་བྱམས་པར་ཕུལ་བའི་མཐའ་མའི་བརྩེ་འཕྲིན་ཞིག” »
ཨི་ཇིབ་ཀྱི་གསར་བརྗེའི་རྒྱལ་ཁ།
བརྩེ་བའི་འགྲོ་བ་མིའི་ཐོབ་ཐང་གི་རྩོད་ལེན་པ་ཚོས་རྒྱལ་ཁབ་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྲིད་འཛིན་སྒེར་སྤྱོད་པ་དང་མཉམ་དུ་བདུན་ཕྲག་གཉིས་རིང་དུ་འཐབ་རྩོད་བྱས་པའི་ཁྲོད་དུ་ཁྱེད་ཚོ་ལ་རླབས་ཆེ་བའི་རྒྱལ་ཁ་ཐོབ་པར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་མིའི་རིགས་ཀྱི་དམངས་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ནི་ཨི་ཇིབ་རྒྱལ་ཁབ་ཀྱི་རྒྱ་ཆེ་བའི་མི་དམངས་ལ་ལོངས་སུ་སྤྱོད་པའི་སྐལ་བ་བཟང་བའི་གོ་སྐབས་ཐོབ་ཡོད།
ལྷོ་སོའུ་དན་རང་བཙན།
འབྲི་མཁན། དཔལ་ལྡན་རྒྱལ
ལྷོ་སོའུ་དན་མི་མང་གི་སེམས་གཏམ།
ཟླ་བ་གཉིས་པའི་ཚེས་༧ ཉིན་སོའུ་དན་གྱི་འོས་འདེམས་ལྷན་ཚོགས་ཀྱིས། ལྷོ་སོའུ་དན་གྱི་མི་མང་གི་བརྒྱ་ཆའི་༩༨.༨༣ གྱིས་ཡུལ་དེ་རང་བཙན་བྱེད་རྒྱུའི་འདོད་མོས་ཡོད་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་རེད། འོས་འདེམས་ནང་ལྷོ་སོའུ་དན་གྱི་རང་བཙན་བྱེད་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༣༧༩༢༥༡༨ བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་༩༨.༨༣ ཟིན་ཡོད་པ་དང་། ལྷོ་བྱང་སོའུ་དན་གཉིས་གཅིག་གྱུར་བྱེད་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༤༤༨༨བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་ ༡.༡༧ ཟིན་ཡོད་པ་རེད།
བློ་བཟང་སེང་གེ་ཟེར་བའི་མི་དེ།
ཤ་ཀླན་འཇམ་དབྱངས་གྲགས་པ།
འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་ཀྱི་རྩོམ་ཡིག་༼ང་ཚོས་བདམས་པའི་མི་དེ་བཀའ་བློན་ཁྲི་བ་རྩེ་ཕུད་ཅིག་ཨེ་ཡིན་༽ཞེས་པ་བཀླགས་རྗེས།
(རྩོམ་ཡིག་འདིའི་འགན་ཡོངས་རྫོགས་རྩོམ་པ་པོས་ཁུར་རྒྱུ་ཡིན།)
དེ་རིང་ངས་གླེང་བར་བྱ་བ་ནི་འདུས་ཕུན་ལགས་ཀྱིོ་རྩོམ་ཡིག་དེ་ཡིན་ལ་དགོས་དབང་གིས་བློ་སེང་གི་ལོ་རྒྱུས་ཀྱང་མི་ཉུང་བ་ཞིག་བཤད་དགོས་བྱུང་ན། དགོངས་དྭངས་སྔོན་ནས་ཞུ་རྒྱུ་ཡིན། འདུས་ཕུན་གྱི་རྩོམ་ཡིག་འདི་འོག་ནས་ཡར་བཀླགས་ནས་དཔྱད་པ་ཞིག་བཏང་ན་དོན་ངོ་མཚར་བ་མང་པོ་དང་། བློ་ཕྱོགས་གཅིག་པའི་གཏམ་མང་དུ་ཡོད་པ་ཤེས་ངེས་པས། ད་རེས་ངས་ཀྱང་འོག་ནས་མགོ་བཙུགས་ཏེ་དཔྱད་པ་ཞིག་བྱེད་འདོད།
བོད་ལ་རེ་བ་ཨེ་འདུག
ལན་ཞིག་གི་ཡང་ལན་དུ།
བསྟན་འཛིན་ཤེས་རབ།
མཐའ་མཚམས་རྫ་རིས་སྐོར་བ་དང་།།
ཀ་ཡིག་དུར་རྡོར་ཕབ་ལེ་དེ།།
ལོ་ངོ་བརྒྱ་རང་མི་དགོས་དེ།།
ད་ནས་མངོན་དུ་འགྱུར་བཞིན་འདའ།།
མིག་ཆུ་མེད་པའི་དུས་ཤིག་ལ་སྒུག་ཡོད།
བོད། ལྷ་ཀླུ་གཉན་གསུམ།
ཉི་མ་རེ་རེ དུས་ཚོད་རེ་རེ
ཡང་ན སྐར་ཆ་རེ་རེ
ངའི་གདོང་གི་མིག་ཆུ་འདི་སྐམ་སོང་ན
ད་གཟོད་ང་ ངའི་རྨི་ལམ་དེ་ལས་ཐར་ཡོད་སྲིད
མཚང་ལ་ཕོག་ན་འཕུང་ལ་སྦྱོར།
‘’དྲང་མོར་བཤད་ན་མི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ།’’
བོད་ཀྱི་གཏམ་དཔེ།
ཤིས་ཚང་ལྗང་མྱུག
ནེམ་ཤ་འཁྱུད་པའི་ལྗང་ལོའི་ཚེ་སྲོག་སྟོན་གྱི་རླུང་བུས་ཁྱུར་མིད་བྱེད།།
དཀར་འོད་ཆེམ་པའི་ཟླ་བའི་ལང་ཚོ་སྤྲིན་ནག་ལེབ་མོས་ཧར་གྱིས་སྒྲིབ།།
འཆར་དང་ནུབ་པའི་རྟ་བདུན་གཞོན་ནུའང་ཉིན་དང་ཞག་གི་འཁོར་གྱིས་བཟུང་།།
འཕེལ་དང་འགྲིབ་པའི་ཆོས་ཉིད་ཀློང་དུ་རྐང་གཉིས་འགྲོ་འདི་གཏན་དུ་ཐོགས།།
ཞོགས་པ་ཞིག་ལ།
འབྲོག་རུ་ཆོས་གྲགས།
ང་རང་ཉིན་རྒྱུན་ལྟར་སྔ་བོ་ལངས་ནས་ཁ་སང་དགེ་རྒན་གྱིས་སྤྲད་པའི་ནང་སྦྱོང་ནང་གི་དབྱིན་ཇིའི་མིང་ཚིག་དེ་དག་བློར་འཛིན་ཆེད་ཁང་ཐོག་ལ་སོང་། སྐབས་དེར་སྐྱ་རེངས་གསལ་ལ་ཉེ་བ་འདུག ད་སྐབས་གནམ་གཤིས་འཁྱག་པས་ཡིན་ནམ། གཏི་མུག་ལྗིད་པས་ཡིན། གང་ཡིན་ཆ་མ་འཚལ་མོད། ངའི་ཁོར་ཡུག་ཡོད་ཚད་ད་དུང་གཉིད་ལ་ཡུར་འདུག ངས་འབྲི་དེབ་ཀྱི་ཁ་ཕྱེས་ནས་དབྱིན་ཇིའི་མིང་ཚིག་དེ་དག་བསྐྱར་ཟློས་ཡང་ཟློས་བྱས། དུས་ཡུན་ཅུང་ཙམ་ཕྱིན་རྗེས་ང་རང་འདར་ཟུག་བརྒྱབ་བྱུང་། རྐང་ལག་དང་ལུས་པོ་ཡོད་ཚོད་འདར་ཟུག་བརྒྱབ་བྱུང་། ཡིན་ནའང་། ངས་ཟློ་བཞིན་པའི་ཚིག་གྲུབ་དེ་དག་གིས་ངའི་སེམས་ལ་དྲོད་ཁོལ་སྤྱིན་བྱུང་པས་ངས་མུ་མཐུད་དུ་དེའི་ནང་དོན་ལ་བསམ་གཞིག་བྱས། ཚིག་གྲུབ་དེ་དག་ནི་འདི་ལྟར།
མཛེས་མ། ལྕགས་སྒྲོག་དམར་བོའི་ལྡེ་མིག།
ཉི་མ་འཚོ་དང་གསལ་ལེ་རྒྱལ་གཉིས་ཀས་མཉམ་དུ་བྲིས།
————
(འདི་ནི་རྒད་པོ་ཞིག་གིས་རང་གི་བུ་མོ་ཁྲིད་ནས་དགོན་པར་མག་པ་སློང་དུ་སོང་བའི་དངོས་སྒྲུང་ཞིག་ལ་གཞི་བཅོལ་ནས་བྲིས།)
གཅིག
ཨ་ཁུ་པདྨས་རང་གི་བུ་མོ་གཉིས་ཀ་ཁྲིད་ནས་ཞོགས་པ་སྔ་མོར་དགོན་པར་སླེབས་སོང་། ཚོགས་ཚོགས་བཞིན་པའི་གོ་སྐབས་དེ་དམ་འཛིན་བྱས་ནས་སླེབས་སོང་། ཁོ་ཚོས་ཚོགས་ཆེན་འདུ་ཁང་གི་སྒོ་ནས་རྐྱང་ཕྱག་གསུམ་རེ་འཚལ་རྗེས་ག་ལེར་ནང་དུ་འཛུལ། ཕ་རྒན་པུས་བཙུག་གིས་གྲལ་མཐར་བསྡད་ཅིང་དེའི་གཡས་ནས་བུ་མོ་ཆེ་བ་དང་གཡོན་ནས་བུ་མོ་ཆུང་བ་བསྡད། ཁོ་ཚོས་ལག་པ་ཐལ་མོ་སྦྱར་ཞིང་མིག་ཟུང་ཤུགས་ཀྱིས་བཙུམ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་སྟངས་དེ་ནི། ཆོས་སྒོར་ཞུགས་པའི་དགེ་འདུན་པ་ཚོར་རང་ཉིད་ལ་ཞུ་དག་ཐེངས་གཅིག་བྱེད་རོགས་ཞེས་ཞུ་བ་བྱེད་པ་དང་འདྲ།
འགྲོ་བ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ་་་་་་་་་། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།

