ཨ་འདུས་མིག་ཆུ།
མེས་པོ་ཚོའི་དཔའ་སྙིང་དོད་པོ་མ་ཉམས་ཤིང་།།
དཔའ་པོ་ཚོའི་མཛད་རྗེས་ངར་མ་མ་བརྗེད་པར།།
དྲག་དམག་གི་གདོང་ལ་ཅེར་ནས་ལ་རྒྱ་ཡི།།
གླུ་དབྱངས་དེ་ཤུགས་ཀྱིས་གྱེར་བའི་དཔའ་བོ་ཁྱོད།།
སྙིང་ཁམས་ཀྱི་དཀྱིལ་ན་ཁྱོད་ཉིད་ལྟེམས་ནས་ཡོད།།
སྙན་ངག་གི་རྒྱན་དུ་ཁྱོད་ཉིད་འཚེར་ནས་ཡོད།།
དཔའ་བོ་ཚོ་དབྱངས་ལ་གྱེར་མཁན་ཁྱོད་ཉིད་ཙམ།།
རྒྱ་གདོང་ལ་མཛུབ་མོ་ཀེར་མཁན་ཁྱོད་ཉིད་ཙམ།།
དེ་ལས་མང་བ་། “མ་བཟོད་པའི་དབྱངས།། ༼ གླུ་བ་ཕུལ་བྱུང་ལ་ཕུལ།༽” »


རང་སེམས་རང་གིས་གསོ་གིན་ལོ་ཟླ་འདས།།