Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟམ་གདོང་བླ་མའི་ཁྱད་ཆོས།

Posted on 2013-03-042013-03-05 By ཁ་བརྡ་ 27 Comments on ཟམ་གདོང་བླ་མའི་ཁྱད་ཆོས།

ནམ་མཁའ།

རིག་པ་སྤྱང་ཞིང་གཤིས་རྒྱུད་གྱོང་པོ་ལ།།
གཡོ་སྒྱུའི་ཐག་ཁྲ་སྐེད་ལ་དམ་བཅིངས་ཏེ།
རང་བཙན་སྐེ་ལ་མདུད་དེ་གནམ་དཔྱངས་ཀྱིས།།
བདེན་པའི་ཨུ་ཚུགས་རྒྱང་རིང་ཡུལ་དུ་བསྐྲད།།

དེ་ལས་མང་བ་། “ཟམ་གདོང་བླ་མའི་ཁྱད་ཆོས།” »

སྙན་ངག

འཇིག་རྟེན་གྱི་འགས་གཏོར་ཆེན་པོ་གསུམ།

Posted on 2013-03-042013-03-04 By ཁ་བརྡ་ 5 Comments on འཇིག་རྟེན་གྱི་འགས་གཏོར་ཆེན་པོ་གསུམ།

ཨོ་རྒྱན་ཉི་མ།

༡ ཆོས་ལུགས་ཀྱི་འགྲན་རྩོད།
སྤྱིར་བཏང་ཆོས་ཟེར་བ་དེ་སྒོ་གསུམ་གྱི་སྤྱོད་པ་དག་ལོག་པར་མི་གཏོང་བར་བཅོས་ཏེ། ཡང་དག་པར་གཞོལ་བྱེད་ཀྱི་ཐབས་ལམ་ཞིག་ལ་ངོས་འཛིན་དགོས་པས། ཐབས་ཤེས་འདི་གཏིང་ཟབ་མིན་ལ་མ་ལྟོས་པར་ང་ཚོ་སངས་རྒྱས་པ་དང་། ཡེ་ཤུ་དང་། ཁེ་ཆེ། ཧིན་དུ། འཇེའུ། སིག་སོགས་འཛམ་གླིང་གི་ཆོས་ལུགས་ཡོངས་ལ་ཡོད་པ་གཅིག་མཚུངས་རེད།

དེ་ལས་མང་བ་། “འཇིག་རྟེན་གྱི་འགས་གཏོར་ཆེན་པོ་གསུམ།” »

རྩོམ་རིག

༄༅།། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་རྟོགས་བརྗོད་བདེན་སྐྱོང་སྲོག་གི་ཀ་ཆེན་ཞེས་བྱ་བ་བཞུགས་སོ།།

Posted on 2013-03-042013-03-05 By ཤར་ཕྱོགས་ཁུག་རྟ། 18 Comments on ༄༅།། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་རྟོགས་བརྗོད་བདེན་སྐྱོང་སྲོག་གི་ཀ་ཆེན་ཞེས་བྱ་བ་བཞུགས་སོ།།

ཤར་ཕྱོགས་ཁུག་རྟ།

མཁས་པའི་གཙུག་རྒྱན་ཟླ་མེད་མཁྱེན་པའི་གཏེར།།
བྱས་རྗེས་རླབས་ཆེན་ནོར་བུས་ཡོངས་གཏམས་པ།།
གཟུར་གནས་སྐྱེ་བོའི་ཚོགས་ཀྱི་ཕྱག་གི་ཡུལ།།
མ་ཧཱ་པཎ་ཆེན་དེ་ལ་མགོས་ཕྱག་འཚལ།།

དེ་ལས་མང་བ་། “༄༅།། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་རྟོགས་བརྗོད་བདེན་སྐྱོང་སྲོག་གི་ཀ་ཆེན་ཞེས་བྱ་བ་བཞུགས་སོ།།” »

སྙན་ངག

ང་རང་སྐྱེས་ཚུལ་དང་ངའི་སྨོན་ལམ།

Posted on 2013-03-042013-03-04 By ཁ་བརྡ་ 11 Comments on ང་རང་སྐྱེས་ཚུལ་དང་ངའི་སྨོན་ལམ།

གླིང་ཚ་ཚེ་བརྟན་རྡོ་རྗེ།

སེམས་ལུས་ལྗོན་ཤིང་ཁ་བའི་ལྗོངས་སུ་སྐྱེས།།
སྐད་དང་ཡི་གེ་གངས་རིའི་ཡུལ་ནས་བསླབས།།
རིགས་ཀྱི་ལྷན་སྐྱེས་མདོ་སྨད་ལྗོངས་ནས་རྙེད།།
རིགས་ཀྱི་རུས་ཚུགས་སྲ་མོའི་རྒྱུད་རིམ་ཉིད།།

དེ་ལས་མང་བ་། “ང་རང་སྐྱེས་ཚུལ་དང་ངའི་སྨོན་ལམ།” »

སྙན་ངག

དྲན་དབང་ཡོངས་ཀྱི་གཙུག་ནོར་ཁྱེད་མིན་སུ།

Posted on 2013-03-042013-03-05 By ཤར་ཕྱོགས་ཁུག་རྟ། 27 Comments on དྲན་དབང་ཡོངས་ཀྱི་གཙུག་ནོར་ཁྱེད་མིན་སུ།

ཤར་ཕྱོགས་ཁུག་རྟ།

གངས་ཅན་ལྗོངས་ལ་བཀའ་དྲིན་ཆེ་བའི་མགོན།།
གངས་ཅན་ལྗོངས་ཀྱི་ལྷ་མི་ཀུན་གྱི་མགོན།།
རྒྱལ་བ་དོན་གྱི་བདག་པོའི་སྲས་གཅིག་པུ།།
མ་ཧཱ་པཎ་ཆེན་ཟམ་གདོང་སྤྲུལ་སྐུར་འདུད།།

དེ་ལས་མང་བ་། “དྲན་དབང་ཡོངས་ཀྱི་གཙུག་ནོར་ཁྱེད་མིན་སུ།” »

སྙན་ངག

ཟམ་གདོང་པཎ་ཆེན་གཙུག་གི་རྒྱན།

Posted on 2013-03-04 By ཤར་ཕྱོགས་ཁུག་རྟ། 21 Comments on ཟམ་གདོང་པཎ་ཆེན་གཙུག་གི་རྒྱན།

འཇམ་གཅེས།

ཀ་ལ་པིང་ཀའི་གསུང་དབྱངས་རྫོགས་ཤིང་དབྱངས་ཀྱི་བདག་མོ་དབྱངས་ཅན་མ། །
ཁ་བའི་བུ་ངས་ཁྱེད་ཉིད་རེ་ནས་བསྟོད་ཡུལ་གོང་མར་མཆོད་བསྟོད་ཕུལ། །
ག་དུས་ཡིན་ཀྱང་བཀའ་དྲིན་ཆེ་ཡང་སྨྱུག་འཛིན་མཁན་ཚོས་མ་བསྟོད་པའི། །
ང་ཚོས་མེས་པོ་གཉིས་པ་ལྟ་བུར་ཟམ་གདོང་པཎ་ཆེན་སྙིང་ནས་འདུད། །

དེ་ལས་མང་བ་། “ཟམ་གདོང་པཎ་ཆེན་གཙུག་གི་རྒྱན།” »

སྙན་ངག

ལྷ་ས་དང་རྡ་ས།

Posted on 2013-03-042013-03-04 By ཁ་བརྡ་ 2 Comments on ལྷ་ས་དང་རྡ་ས།

རེབ་ཐོག་མདའ།

ཆུང་ཆུང་བྱིས་དུས་སྐབས་ཞིག་ལ་ལྷ་ས་རྣ་བས་གོ་མྱོང་ཡོད།།
ཉི་ཤུ་ན་ཚོད་དལ་གྱིས་རྫོགས་དུས་རྡ་སའི་རི་ནས་ཉལ་མྱོང་ཡོད།།
ཁ་སང་དེ་རིང་འཚོ་བའི་ཀློང་ནས་ལྷ་ས་རྡ་སའི་བར་ཐག་ཞིག།
ལོ་ངོ་བཅུ་ཡི་མྱོང་བའི་ཁྲོད་ནས་སེམས་འདི་ཡི་གེར་འབྲིོ་རྒྱུ་དྲན།།

དེ་ལས་མང་བ་། “ལྷ་ས་དང་རྡ་ས།” »

སྙན་ངག

འགྱུར་ལྡོག

Posted on 2013-03-042013-03-04 By ཁ་བརྡ་ No Comments on འགྱུར་ལྡོག

རེབ་ཐོག་མདའ།

མྱི་ཚོགས་ཁྲོད
ཆ་རྒྱུས་མེད་པའི་ངོ་གདོང་དག་མཐོང་དུས
ཁ་སང་གི་བདག
རྨི་ལམ་ཞིག་གི་ངོགས་ན་རྒས་བཞིན་པ་སྙམ་ནས
ཡང་བསྐྱར་ཁྲུས་ཤིག་བརྒྱབ་ཀྱང་
ལང་ཚོ་གསར་པ་དག

དེ་ལས་མང་བ་། “འགྱུར་ལྡོག” »

སྙན་ངག

སྙན་ངག་ལ་སྦྲན་པའི་སེམས།

Posted on 2013-03-032013-03-03 By ཁ་བརྡ་ 1 Comment on སྙན་ངག་ལ་སྦྲན་པའི་སེམས།

སྐྱིད:གངས་སྤྱན།

སྨག་ནག་གིས་ཟོས་ཚར་བའི་མཚན་ལྗོངས་འདིར
ངས་རང་ཉིད་ལ་དབང་མི་འོས་བའི་རྡོག་ཁྲེས་ཤིག་འཁུར་ནས
ཕྱིར་དྲན་གྱི་སྒོ་གླེགས་བར་ནས
དྲན་པ་འདིའི་ལྟག་རྒྱབ་ཀྱི་བདེན་པ་བརྡར་གྱིན་ཡོད

དེ་ལས་མང་བ་། “སྙན་ངག་ལ་སྦྲན་པའི་སེམས།” »

སྙན་ངག

ཆུ་བོ་གང་གའི་མགོ་མཇུག་ནི་ལྷ་ཡུལ་དང་དམྱལ་ཡུལ་ཡིན་པའི་སྐོར།

Posted on 2013-03-032013-03-03 By ཁ་བརྡ་ 6 Comments on ཆུ་བོ་གང་གའི་མགོ་མཇུག་ནི་ལྷ་ཡུལ་དང་དམྱལ་ཡུལ་ཡིན་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

ནང་བཅུད་ཀྱི་སེམས་ཅན་རྣམ་གཞག་ལ་དཔྱད་ན། དེང་གི་ཚན་རིག་པའི་མཐོང་བ་དང་ཆེས་མི་མཐུན་ས་གཅིག་ནི། འགྲོ་བ་རིགས་དྲུག་ཅེས་མི་དང་དུད་འགྲོ་གཉིས་ཀྱི་ཐོག་ཏུ་གོ་རྒྱུ་རིག་རྒྱུ་མེད་པའི་སེམས་ཅན་མི་འདྲ་བ་བཞི་བརྩི་རྒྱུ་རྙེད་ཡོད་པ་འདི་རེད། འདི་ཡང་ནང་པ་སངས་རྒྱས་པ་ཁོ་ནས་རྙེད་པ་མིན་པར། གནའ་རབས་ཀྱི་ཆོས་ལུགས་ཡོད་ཚད་ཕལ་ཆེར་ཁ་གཅིག་མཐུན་ལྟ་བུར་གྱུར་འདུག རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་ནས། ལྷ་ཡུལ་དང་དམྱལ་ཡུལ་གཉིས་པོ་ནི་རླུང་ལྟར་གྲགས་ཤིང༌།

དེ་ལས་མང་བ་། “ཆུ་བོ་གང་གའི་མགོ་མཇུག་ནི་ལྷ་ཡུལ་དང་དམྱལ་ཡུལ་ཡིན་པའི་སྐོར།” »

རྩོམ་རིག

མཐོང་བ་མངོན་སུམ་ལ་ཏུའུ་ཆི་ཡིས་ལུང་བསྟན་རྒྱག་མི་དགོས་པའི་སྐོར།

Posted on 2013-03-022013-03-02 By ཁ་བརྡ་ No Comments on མཐོང་བ་མངོན་སུམ་ལ་ཏུའུ་ཆི་ཡིས་ལུང་བསྟན་རྒྱག་མི་དགོས་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

ཨི་ཊ་ལི་ནས་ཡིན་པའི་བོད་རིག་པའི་མཁས་དབང་ཏུའུ་ཆིས། བོད་ཀྱི་མཁས་པ་ཚོས་ས་གཞི་བྱ་སྒོང་ལྟར་ཁས་མི་ལེན་པར་སྡེར་མ་ཁ་སྦུབས་པ་ལྟར་ལོག་ཅིག་འཆད་བཞིན་འདུག་པ་དེ་བདེན་ཤས་ཆེ། ༼ཞེས་པའི་སྡེར་མའི་མཚན་གཞི་ཇི་ལྟ་བུ་ཞིག་ལ་བཀོད་མིན་ཡང་དཔྱད་གཞིར་རློམ་ལ།༽ ང་ཚོས་ལྟ་བ་འདི་མུ་མཐུད་བསྒྱུར་དགོས་པར་འདུག མཐར་ཐུག་བོད་བརྒྱུད་ནང་བསྟན་ནས་བཤད་པ་དེ་ཁོ་ན་དོན་ལ་གནས་པའི་དུས་ཤིག་འོང༌། ཞེས་གསུངས་ཡོད་ཅེས་ས་ལྡིང་༢གནམ་ལྡིང་༣བྱེད་ཀྱིན་འདུག་མོད།

དེ་ལས་མང་བ་། “མཐོང་བ་མངོན་སུམ་ལ་ཏུའུ་ཆི་ཡིས་ལུང་བསྟན་རྒྱག་མི་དགོས་པའི་སྐོར།” »

རྩོམ་རིག

གཡག་གྲོང་ཁྱེར་གྱི་གཏམ་རྒྱུད། ལེའུ་གཉིས་པ།

Posted on 2013-03-022013-03-02 By ཡེ་ཤེས་ 7 Comments on གཡག་གྲོང་ཁྱེར་གྱི་གཏམ་རྒྱུད། ལེའུ་གཉིས་པ།

ཀླུ་སྨྱོན།

སྒྱུ་མའི་འཇིག་རྟེན།

གཅིག
ཤར་ཕྱོགས་ཀྱི་གནམ་མཐའ་རུ་འོད་ལམ་ལམ་གྱི་ཐོ་རངས་སྐར་ཆེན་དེས་རང་གི་ཕམ་ཉེས་གང་ཞིག་ལ་མི་བཟོད་པའི་ཚུལ་དུ་འཕག་འཚག་ཡང་ཡང་རྒྱག་སྐབས། གཡག་གྲོང་ཁྱེར་གྱི་ལྷོ་མཐའི་སྲང་བར་ཞིག་ཏུ་ར་བཟི་བའི་འཁྱམ་པོ་ཚོས་སྐད་ཅོར་རྣ་བར་གཟན་པ་ཞིག་རྒྱག་བཞིན་དམར་འཛིང་གི་འགོ་བརྩམས་མ་ཐག ཉེན་རྟོག་པའི་རླངས་འཁོར་ཁྲ་ཁྲ་འགའ་ཉེན་བརྡའི་གློག་འོད་འབར་བཞིན་སྲང་སྣེ་དེ་རུ་འབྱོར་བ་ན། འཁྱམ་པོ་ཚོ་མེ་ཐོག་ཏུ་ཆུ་བླུགས་པ་དང་འདྲ་བར་དལ་འཇགས་སེར་གྱུར།

དེ་ལས་མང་བ་། “གཡག་གྲོང་ཁྱེར་གྱི་གཏམ་རྒྱུད། ལེའུ་གཉིས་པ།” »

བརྩམས་སྒྲུང་།

ཚོར་བའི་ཚོགས།༼ཚན་པ་གསུམ།༽

Posted on 2013-03-022013-03-02 By ཁ་བརྡ་ No Comments on ཚོར་བའི་ཚོགས།༼ཚན་པ་གསུམ།༽

གཅན་འོད་འབར།

དབང་ཤུགས།
ཚོན་མདོག་ཉམས་པའི་ཁང་ཆུང་དེའི་རྩིག་པར་འཁེན་ནས།
ཡུན་རིང་ཞིག་ལ་རྫོགས་རྒྱུ་མེད་པའི་གྲལ་མཇུག་འདིར།
ཅིས་ཀྱང་རང་ལ་ཐོབ་འོས་པའི་ལག་འཁྱེར་དེར་སྒུག་ཀྱང།
རྗེས་ནས་ཡོང་བའི་མི་ཆེན་འགའ་སྔོན་ལ་ཐོན་སོང་ལ།
སྔོན་ལ་སླེབས་པའི་མི་ཆུང་ཚོ་རྗེས་ལ་ལྷག་འདུག

དེ་ལས་མང་བ་། “ཚོར་བའི་ཚོགས།༼ཚན་པ་གསུམ།༽” »

སྙན་ངག

ཁྱོད་ཁོ་ན། བདག་གི་སེམས་ཁོངས་ན།

Posted on 2013-03-022013-03-02 By ཁ་བརྡ་ 2 Comments on ཁྱོད་ཁོ་ན། བདག་གི་སེམས་ཁོངས་ན།

རེབ་ཐོག་མདའ།

ལོ་ཟླ་ཞིག་གི་ཁུགས་སོ་ཞིག་ནས་ངེད་གཉིས་འཛོམས་པའི་ཉི་མ་ནས།།
ཁྱོད་ཀྱིས་བསྐུར་བའི་འཕྲིན་གྱི་ཕོ་ཉ་མ་བརྗེད་སེམས་ངོགས་བྲིས་ནས་ཡོད།།
ཁྱོད་རང་འཚོ་བའི་རྒྱང་རིང་གྲུ་ལ་སྨོན་ལམ་ཐེངས་གསུམ་འདེབས་བཞིན་དུ།།
ཐོག་མར་ལན་གཅིག་མཇལ་འཛོམས་ལེགས་སྐྱེས་ད་ནངས་ཁྲོམ་ནས་ཉོས་ཏེ་ཡོད།།

དེ་ལས་མང་བ་། “ཁྱོད་ཁོ་ན། བདག་གི་སེམས་ཁོངས་ན།” »

སྙན་ངག

ཕ་ཡུལ་ལ་འཁྱུགས་པའི་གློག

Posted on 2013-03-022013-03-02 By ཡེ་ཤེས་ 1 Comment on ཕ་ཡུལ་ལ་འཁྱུགས་པའི་གློག

ཀླུ་སྨྱོན།

ཕ་ཡུལ་ནི་ཉལ་སར་ལྷུང་བའི་ནད་པ་འཆི་མེད་ཅིག

ཕ་ཡུལ་ནི་ཚོས་གཞི་མི་གསལ་བའི་དར་ལྕོག་རྙིང་ཟད་ཅིག

ཕ་ཡུལ་ནི་ཞིག་རལ་དུ་གྱུར་པའི་བླ་མཁར་སྨུག་པོ་ཞིག

ཕ་ཡུལ་ནི་ཐལ་རྡུལ་བབས་པའི་ལྡེབས་རིས་ཆེན་པོ་ཞིག

ཕ་ཡུལ་ནི་ས་ལ་འགྱེལ་བའི་འབྲོང་རྒོད་རྨས་མ་ཞིག

དེ་ལས་མང་བ་། “ཕ་ཡུལ་ལ་འཁྱུགས་པའི་གློག” »

སྙན་ངག

གསོ་རིག་རྒྱུད་བཞི་ལ་བསྔགས་པ་པདྨ་དཀར་པོའི་ཆུན་པོ།

Posted on 2013-03-012013-03-01 By ཁ་བརྡ་ 11 Comments on གསོ་རིག་རྒྱུད་བཞི་ལ་བསྔགས་པ་པདྨ་དཀར་པོའི་ཆུན་པོ།

དོལ་སྨྱོན།

བཻཌཱུར་ཞུན་མའི་ཆབ་ཀྱིས་མ་བྱུགས་རབ་མཛེས་སྐུ་ཡི་རྣམ་པ་སྔོ། །
ཚངས་སྲས་ལྷ་མོ་ཁབ་ཏུ་བསུས་མིན་ཡན་ལག་དྲུག་ཅུའི་གསུང་དབྱངས་སྙན། །
ཇི་སྙེད་གནས་ལ་དེ་སྙེད་སྦྱང་མིན་དུས་གསུམ་ཤེས་བྱ་མཁྱེན་པའི་ཐུགས། །
སྨན་གྱི་བླ་མས་བདག་སོགས་འགྲོ་ཀུན་བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །

དེ་ལས་མང་བ་། “གསོ་རིག་རྒྱུད་བཞི་ལ་བསྔགས་པ་པདྨ་དཀར་པོའི་ཆུན་པོ།” »

སྙན་ངག

ཀརྨ་པ། ཁྱེད་ཕེབས་ལམ་ན།

Posted on 2013-02-282013-02-28 By ཁ་བརྡ་ 51 Comments on ཀརྨ་པ། ཁྱེད་ཕེབས་ལམ་ན།

མི་ཉག་དུང་བརྡ།

སྔོ་ལྗང་གི་མདངས་སུ་བཀྲ་བའི་མེ་ཏོག་ཡིན་ནམ།
ཁ་བའི་འདབ་མ་སྤུར་བའི་ནམ་ཟླ་ཡིན།

ཀརྨ་པ ཁྱེད་ཕེབས་ལམ་ན།
བྲག་རི་ཡིས་མགོ་བོ་དུད་ཅིང་།
ས་ཞིང་འཁོབས་སྙོམས་ཤིང་།

དེ་ལས་མང་བ་། “ཀརྨ་པ། ཁྱེད་ཕེབས་ལམ་ན།” »

སྙན་ངག

བུད་མེད་ཇི་ལྟར་དགའ་བར་བྱེད།

Posted on 2013-02-282013-02-28 By ཁ་བརྡ་ 9 Comments on བུད་མེད་ཇི་ལྟར་དགའ་བར་བྱེད།

འབའ་སྲས།

ཁྱོད་ཀྱི་སྐྱེ་གཟུགས་ཚིགས་དྲུག་སྨྱུག་མ་དང་།།
ཁྱོད་གདོང་ཟླ་བ་ལས་ཀྱང་མཛེས་སོ་ཞེས།།
ཁ་ཡག་ངོ་དགའ་བཤད་པའི་སྐད་ཆ་ཡིས།།
བུད་མེད་སེམས་གཏིང་དགའ་བ་འདྲེན་མི་ཐུབ།།

དེ་ལས་མང་བ་། “བུད་མེད་ཇི་ལྟར་དགའ་བར་བྱེད།” »

སྙན་ངག

མེ་ལྕེ།

Posted on 2013-02-282013-02-28 By ཁ་བརྡ་ 3 Comments on མེ་ལྕེ།

རྨེ་རུ།

མེ་ལྕེ།
སྙིང་སྟོབས་ཀྱི་མེ་ལྕེ།
ས་ཡ་དྲུག་གི་ཕུགས་འདུན་གྱི་སླད།
སྐུ་ལུས་ཞུགས་མེ་ལ་སྒྲོན།

མེ་ལྕེ།
དཔའ་བོའི་མེ་ལྕེ།

དེ་ལས་མང་བ་། “མེ་ལྕེ།” »

སྙན་ངག

བོད་རིགས་སྐྱབས་བཅོལ་བ་རྣམས་རྒྱ་གར་གྱི་མི་སེར་དུ་གྱུར་པའི་དུས་ཡིན་པ།

Posted on 2013-02-282013-02-28 By ཁ་བརྡ་ 4 Comments on བོད་རིགས་སྐྱབས་བཅོལ་བ་རྣམས་རྒྱ་གར་གྱི་མི་སེར་དུ་གྱུར་པའི་དུས་ཡིན་པ།

མའོ་ར་མོ་ནི་ཧན་གྱིས་བརྩམས། རྨ་མགུར་སངས་རྒྱམ་གྱིས་བསྒྱུར།

༼མའོ་ར་མོ་ནི་ཧན་ནི་ནེའུ་ཡོག་གི་རྩོམ་པ་པོ་ཞིག་་དང་རྒྱ་གར་དུ་ཡོད་པའི་བོད་ཀྱི་སྐྱབས་བཅོལ་བ་རྣམས་དང་མཉམ་དུ་ལོ་མང་རིང་ལ་ཕྱག་ལས་གནང་བའི་གསར་འགོད་ལས་རིགས་པ་ཞིག་ཡིན༽ བོད་ཀྱི་ལོ་གསར་གྱི་ཟླ་བ་འདིས་ཡིད་སྐྱོ་བའི་ལམ་ཚད་རྡོ་རིང་ཞིག་མཐོང་ཡོད་པ་སྟེ། བོད་ཀྱི་ནང་དུ་མི་གྲངས་བརྒྱ་ལས་མང་བ་ཞིག་གིས་རང་ལུས་མེ་ལ་སྤར་ནས་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ལོག་དགོས་པའི་སྐད་འབོད་གནང་བ་རེད།

དེ་ལས་མང་བ་། “བོད་རིགས་སྐྱབས་བཅོལ་བ་རྣམས་རྒྱ་གར་གྱི་མི་སེར་དུ་གྱུར་པའི་དུས་ཡིན་པ།” »

འགྱུར་རྩོམ།

Posts pagination

Previous 1 … 208 209 210 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ།
  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme