སོག་མདའ།
ཀླུ་ཆུ་སྔོན་པོའི་འགྲམ་རྒྱུད་གནས་པའི་ཁྱེད་དང་ང་ཡི་ཕ་ས་གཅིག །
ཕྱུགས་རིགས་རྐང་བཞིའི་ཁྱུ་ཚོགས་འཚོ་བའི་ཁྱེད་དང་ང་ཡི་འབྲོག་ཡུལ་གཅིག །
ཤ་མར་ཐུད་ཀྱི་ཁ་ཟས་སྣུམ་པོ་ཁྱེད་དང་ང་ཡི་ཁ་ཟས་གཅིག །
ཐེར་ཕྲུག་ཚར་རའི་གོས་ལྭ་གཅིག་པའི་ཁྱེད་དང་ང་ཡི་གོན་པ་གཅིག །
སོག་མདའ།
ཀླུ་ཆུ་སྔོན་པོའི་འགྲམ་རྒྱུད་གནས་པའི་ཁྱེད་དང་ང་ཡི་ཕ་ས་གཅིག །
ཕྱུགས་རིགས་རྐང་བཞིའི་ཁྱུ་ཚོགས་འཚོ་བའི་ཁྱེད་དང་ང་ཡི་འབྲོག་ཡུལ་གཅིག །
ཤ་མར་ཐུད་ཀྱི་ཁ་ཟས་སྣུམ་པོ་ཁྱེད་དང་ང་ཡི་ཁ་ཟས་གཅིག །
ཐེར་ཕྲུག་ཚར་རའི་གོས་ལྭ་གཅིག་པའི་ཁྱེད་དང་ང་ཡི་གོན་པ་གཅིག །
རེབ་ཐོག་མདའ།
ཕ་མ་ཉེ་དུ་རྒྱབ་ལ་དོར་དེ་རྒྱང་རིང་ལམ་ཆེན་གོམ་པས་བཅད།།
ས་ཡ་དྲུག་གི་ལས་དབང་ཟད་པོ་ཤ་དང་རུས་པའི་གསེང་ལ་སྦས།།
ཟླ་བ་ཉི་མའི་གཏམ་རྒྱུད་རུམ་བཞིན་ཞེན་པ་དཀར་བོ་བོད་ལ་བསྲིངས།།
ཁེར་རྐྱང་གོམ་ཁ་རྡོ་ལ་ཐོགས་ཀྱང་རང་ཚུགས་བརྟན་པོ་མ་བོར་བར།།
ལོ་ཟླ་རིང་མོའི་འགྲུལ་བཞུད་ཀློང་གི་ཁེར་རྐྱང་བུ་ཁྱོད་སྙིང་ནས་དྲན།།
རྒྱང་མིག
ངེད་གཉིས་ཁ་ཁར་གྱེས་པའི་སྟབས་ཀྱིས
སུ་ཞིག་གི་ཡིད་ངོར་མ་དྲན་པའི
མི་མངོན་པའི་ནད་གཞི་ཞིག
སྐར་མདའ་ཇི་བཞིན
གློག་དམར་ཇི་བཞིན
རེབ་ཐོག་མདའ།
རྨ་ཀླུང་རིང་མོའི་ལྷོ་རྒྱུད་དེ་ན་བདག་གི་བྱིས་དུས་རྨི་ལམ་འཁྲུངས་ཡོད།།
བྱ་ཁྱུང་རི་བོའི་འདབས་རོལ་དེ་ལ་བདག་གི་ལས་ཀྱི་ས་བོན་བཏབ་ཡོད།།
དགུ་ཀླུང་རིང་མོའི་འགྲམ་རྒྱུད་དེ་ལ་བརྗེད་མེད་སེམས་ཀྱི་དྲན་ཤིང་བརྐོས་ཡོད།།
ས་མཐའི་བུ་ཡི་སེམས་པ་དམར་པོ་ཕ་ཡུལ་རེབ་གོང་གྲོང་ལ་འཁྲེང་ཡོད།
རེབ་ཐོག་མདའ།
སྲས་གཙང་རྒྱལ་བོའི་སྲས་སུ་འཁྲུངས་པའི་བདག་གི་སྟོན་པ་ཐུགས་རྗེ་ཅན།།
མི་རྟག་འཁོར་བའི་མངའ་ཐང་ཟབ་མོ་སེམས་ཀྱི་ཟབ་སར་མ་བྲིས་པར།།
སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལྕི་མོ་ངེས་ཤེས་ཟབ་མོའི་བློ་གྲོས་ཡིས།།
བྱང་ཆུབ་ལྗོན་པའི་འདབ་རོལ་ཞིག་ནས་སྐུ་གསུམ་གོ་འཕང་དལ་གྱིས་རྙེད།།
གསོན་པོ།
འགལ་འདུའི་ཚོར་བ།
བདེ་སྐྱིད་དང་སྐྱོ་གདུང་ནི་སེམས་ཀྱི་མྱོང་ཕྱོགས་ཙམ་ཞིག་ཡིན་པས། སྐད་གཅིག་ལའགྱུར་འགྲོ་ཤིང་བརྩེ་དུང་དང་མཛའ་བརྩེ་ཡང་རྟག་བརྟན་འགྱུར་མེད་ཀྱི་གཤིས་སུ་མ་གྲུབ་པས་འགྱུར་ལྡོག་གི་ཆོས་ཉིད་ལ་བཅོས་བཟོ་བྱེད་ཐབ་ག་ལ་ཡོད། དགའ་འོས་པ་ཞིག་ལ། ཁོ་མོའི་ལུས་ཀྱི་ན་ཟུག་དང་ཁྱད་མཚར་བའི་རྟགས་མཚན་རྣམས་གློ་བུར་དུ་འཇགས་ཤིང་
~སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་
རྫ་ཚེ་རིང་བཀྲ་ཤིས།
བཅོམ་ལྡན་འདས་གར་གྱི་དབང་ཕྱུག་
སྟོང་ཆེན་བདེ་ཀློང་འཁྱིལ་བ་དབྱི
དབྱངས་ཅན་སྒྱུ་མའི་གར་བསྒྱུར་ཡེ
བདག་མགྲིན་གསེར་གྱི་པདྨོར་ལྷོད་
དེ་ལས་མང་བ་། “བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག” »
རྔ་བ་རྒྱལ་ཁམས་པ།
ཛ་དྲག་དོན་རྐྱེན་འདིའི་ཐད། ངས་ཆུང་མས་བཤད་པ་ལྟར་ན། སྔ་ནུབ་སྨན་གཡོག་མ་ཞིག་གིས། བུའི་བྲང་ཁ་གཡོན་མ་ནས་སྙིང་རྩར་འབྲེལ་བའི་སྨན་གཏོང་སྐུད་པ་བུ་གུ་ཅན་ཞིག་ཡོད་པ། སྨན་གཏོང་སྐབས་སྨན་གཡོག་མ་དེས་ལག་ཤུབ་མ་གྱོན་པར་བུག་སྣེའི་ཁ་ཁེབ་ཕྱེས་པ་མ་ཟད།
དེ་ལས་མང་བ་། “༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་དྲུག་པ།” »
བསོད་ནམས་ནོར་བུ།
མི་ཡུལ་གྱི་གྲུ་ཁ་ཞིག་ནས།།
ཆུང་འདྲིས་ཀྱི་གྲོགས་པོ་ཚོ་དང་།།
དྲན་གདུང་གི་རྨ་ཁ་ལྕི་ཡང་།།
འཛུམ་ཆུང་འདི་ཤུགས་ཀྱིས་ངོམ་ཡོད།།
བཀྲ་ཤིས་དོན་འགྲུབ།
འདུ་འཛིས་བསྡམས་པའི་རྣམ་གླིང་ཆོས་སྒར་ནས།།
རྒོད་པོ་ཞིག་ནི་གནམ་འཕང་བཅད་ནས་སོང་།།
དེ་ལ་མིག་ཆུའི་འབོད་པ་མང་མོད་ཀྱི།།
མི་མངོན་ནམ་མཁའི་དབྱིངས་སུ་ཡལ་ཏེ་སོང་།།
དེ་ལས་མང་བ་། “ཆེས་མཐའ་མཇུག་གི་རེ་ས་དེ་ཡང་འདི་ལྟར་ཡལ་སོང་།” »
སོག་མདའ།
སེར་པོ་གསེར་དང་ཟངས་དཀར་དངུལ་སོགས།།
རིན་ཆེན་ནོར་བུའི་རྒྱན་གྱིས་བཞེངས་པས།།
མཐོན་པོ་མཆོད་ཁྲིའི་འདབ་མའི་སྟེང་ནས།།
འོད་མདངས་འཚེར་བའི་མཆོད་མེ་སྒྲོན་གསོལ།།
ཆབ་མདོ་ངག་ཕུན།
བོད་ཟླ་བཞི་པ་འདི་ལ། །ས་ག་ཟླ་བ་ཟེར་ཞིང་།།
ཟླ་བ་འདི་ཡི་ནང་དུ། །སྟོན་པ་ཤཱཀྱ་ཐུབ་པས།།
གདུལ་བྱ་ཐར་པའི་ལམ་ལ། །འགོད་མཛད་བསམ་མི་ཁྱབ་པའི།།
མཛད་པ་བཞེས་པའི་ནང་ནས། །སྐུ་བལྟམས་རང་བྱུང་མཛད་པ།།
ཁྲོ་གཏུམ།
བྱ་རྨྱང་བྱེད་ཞོར།
མཛུབ་མོ་ལ་བཏེག་པའི་དཀར་ཟླུམ་སྣེ་སེར་འདི
ངའི་བྲང་གཞུང་ལ་བབ་པའི་སྨུག་པ་
བྱ་རྨྱང་བྱེད་ཞོར་དེ་རིང་གི་སྨུག་པ
སང་ཉིན་གྱི་ངལ་དུབ་ལྷག་མ་རུ་འགྱུར་བར་མ་འབད་ཀྱང
ཁ་བའི་འབྲོག་མོ།
རི་སྣེ་ཞིག་ལ་ཡུལ་ཚོ་ཆུང་ཆུང་ཞི
རྩོམ་པ་པོ། མགར་རྩེ་འཇིགས་མེད།
ང་རང་པེ་ཅིན་སྲིད་གཞུང་ཆགས་སའི་པེ་ཅིན་གྲོང་ཁྱེར་ལ་སོང་མ་མྱོང་བ་མ་ཟད། བཙན་བྱོལ་སྲིད་གཞུང་ཆགས་སའི་རྒྱ་གར་ལ་ཡང་སོང་མ་མྱོང༌། ཡིན་ནའང་ང་རང་ཕྱོགས་གཅིག་ནས་པེ་ཅིན་སྲིད་གཞུང་གི་དར་ཆའི་འོག་ནས་སྐྱེས་ཤིང་རྒས་བཞིན་པའི་མི་ལོ་སོ་དྲུག་ཅན་གྱི་གྲྭ་རྒན་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་རུས་བརྒྱུད་བོད་ལས་ཆད་པའི་བོད་རིགས་རྣལ་མ་ཞིག་དང་བོད་ཀྱི་ཤེས་ཡོན་པ་ཆུང་ཆུང་ཞིག་གི་མིང་བཟུང་ཡོད་པའི་ཆ་ནས་ངས་དུས་རྒྱུན་བརྡ་འཕྲིན་དང་ཁ་བརྡ།
དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། བཙན་བྱོལ་བོད་གཞུང་དང་པེ་ཅིན་སྲིད་གཞུང༌།” »
གསོན་པོ།
གློ་བུར་གྱི་རྐྱེན་ངན།
དུས་ཚོད་ཀྱི་ཚག་སྒྲ་ནི་བར་མཚམས་ག་ལ་ཆད། སྐད་ཅིག་ཙམ་ཡང་མི་སྡོད་པར་འགྲོ་བཞིན་འདུག དྲན་བཞིན་དྲན་བཞིན་གཟོད་རླག་མེད་པའི་མ་ཟུག་ཅིག་སྐྱེས་འོང་། ངེད་གཉིས་ཁ་བྲལ་ནས་ཉིན་བཅུ་ཏག་ཏག་འགྲོ་སོང་། ངས་ཇི་ལྟར་སྒུག་ཀྱང་ཁོ་མོའི་ཁ་པར་ཐེངས་གཅིག་ཀྱང་མ་ཡོང་། ངེད་གཉིས་གྱེས་ཁར་ཁོ་མོས་ཁ་པར་གཏོང་འོང་ཞེས་ཁས་ལེན་བྱས་པ་མ་ཟད་ད་དུང་ང་ལ་དྲན་རྟེན་འདྲ་པར་དང་ལྷན་དུ་ཧིན་སྒོར་གཉིས་སྟོང་སྤྲད་བྱུང་། ང་སེམས་འཚབ་ལངས་བྱུང་། ཁོ་མོར་བར་ཆད་འདྲ་བྱུང་བ་མིན་ནམ།
ཨ་ཡིས།
དཔྲལ་བའི་མིག་ནས་སེམས་ཀྱི་ཨ་ཇོ་བོར་ཐལ།
ནང་གི་ཁོག་ཏུ་སྤུན་ཟླའི་ཡོད་ཚད་ལྷག་པས།
དམར་པོ་སྙིང་གི་གདུང་འབོད་ཨ་ཙ་མ་དེ།
སུ་ཡི་ཤ་དང་རུས་པའི་གསེང་ནས་བཞུར་སོང་།