རེབ་ཐོག་མདའ།
ལས་ཀྱིས་སྨིན་པའི་ཕ་མའི་ཁུ་ཁྲག་གིས།།
རྣམ་ཤེས་ཕྲ་མོ་ཡུམ་གྱི་མངལ་ལ་སྦྲུམ།།
ཟླ་དགུ་ཞག་བཅུ་དུས་ཀྱི་མཐའ་མ་ལ།།
འཁོར་བའི་གྲོང་ལ་སྡུག་སྐད་ངག་ནས་ལྷུང་།།
རེབ་ཐོག་མདའ།
ལས་ཀྱིས་སྨིན་པའི་ཕ་མའི་ཁུ་ཁྲག་གིས།།
རྣམ་ཤེས་ཕྲ་མོ་ཡུམ་གྱི་མངལ་ལ་སྦྲུམ།།
ཟླ་དགུ་ཞག་བཅུ་དུས་ཀྱི་མཐའ་མ་ལ།།
འཁོར་བའི་གྲོང་ལ་སྡུག་སྐད་ངག་ནས་ལྷུང་།།
བོད་ལ་ཞེན།
འབུ་རིན་གོང་ཆུང་དུས་རྐོ་མིར་རིགས་ངན་ཟེར།།
དུས་དེང་སང་འབུ་ཆེད་ནང་དམེ་ཇེ་མང་རེད།།
རྒྱུ་དངུལ་དང་ཐུག་དུས་ཇག་པ་ཁྱུ་གཅིག་འདྲ།།
བོད་ཆོས་ལྡན་སྙིང་རྗེ་ཆེ་བ་རྫུན་མ་རེད།།
ཚེ་རིང་གྲགས་པས་ཕུལ།
དབང་ཆའི་རྩེད་མོ་རྩེས་པ་ཡིན་ནམ་འགྲོ་སྟངས་ཤིག་ཡིན། ཉེ་ཆར་དོན་གཅོད་ཁག་གཅིག་གསར་བསྐོ་བྱས་པའི་གནས་ཚུལ་བོད་ཀྱི་དུས་བབ་ཐོག་སྤེལ་འདུག་ལ། དེའི་ཁྲོད་ནས་དོ་སྣང་བྱེད་ཤོས་དེ་ནི་ཨ་རིའི་དོན་གཅོད་གསར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཞེས་པ་ཞིག་༼སྲིད་སྐྱོང་གི་གྲོགས་པོ་བློས་ཐུབ་ཅིག་ཡིན་སྐད་༽ཨ་རིའི་དོན་གཅོད་དུ་སླེབས་པ་དེ་རེད། སྐབས་འདིར་དྲི་བ་སྣ་ཚོགས་འབྱུང་བའི་གཅིག་ནི་དབུ་དཀར་ཚང་མི་སུ་འདྲ་ཡིན་པ་དང་ཇི་ལྟར་དོན་གཅོད་ཀྱི་གོ་གནས་ལ་གློ་བུར་དུ་སླེབས་པ་རེད་ཅེས་པ་འདི་རེད།
རྩོམ་པ་པོ། མགར་རྩེ་འཇིགས་མེད།
༄༅། ། ཕུན་དབང་དང་པེ་ཅིན་སྲིད་གཞུང༌།
ཕུན་དབང་ནི་བོད་ཀྱི་གུང་ཁྲན་ཏང་མི་ཐོག་མའི་གྲས་ཡིན་པར་ལོ་རྒྱུས་ཡིག་ཚང་འགའ་རེ་ན་བཤད་ཀྱི་འདུག་མོད་ངས་ཕུན་དབང་གི་མི་ཚེའི་ལོ་རྒྱུས་ལ་བལྟས་ན་ཕུན་དབང་ལ་གུང་ཁྲན་ཏང་གིས་བརྙས་བཅོས་བྱས་པ་ནི་བློ་ཡུལ་ལ་མི་ཤོང་བ་ཞིག་རེད། ཅུང་ཞིབ་ཏུ་བཤད་ན། ཕུན་དབང་ཆུང་དུས་བློ་རིག་བཀྲ་ལ་སྙིང་སྟོབས་ལྡན་པའི་བོད་མི་གསར་བརྗེ་བ་ཞིག་ཡིན་ཏེ། ཁོ་རང་ལོ་བཅུ་གྲངས་ཙམ་ནས་རྒྱ་ནང་དུ་སློབ་གྲྭ་སྣ་ཚོགས་འགྲིམས་ཏེ་མར་ལེ་རང་ལུགས་ཀྱི་སློབ་གསོ་མྱང་ཞིང༌།
དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། ཕུན་དབང་དང་པེ་ཅིན་སྲིད་གཞུང་།” »
འབའ་སྲས།
༼ཀ༽
སྙན་ངག་ནི་ངའི་ཡབ་མོས་ཀྱི་ཤ་གསིང་ནས་བཞུར་བའི་ཁྲག་རྒྱུན་དེ་ཡིན་ནམ།
སྙན་ངག་ནི་ངའི་ཕ་མའི་ལུས་སྟེང་ནས་ཟགས་པའི་རྔུལ་ཆུ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་བཙན་པོ་རིམ་བྱོན་གྱིས་བཙུགས་པའི་རྡོ་རིང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་མཁས་པ་རིམ་བྱོན་གྱིས་བརྩམས་པའི་གླེགས་བམ་དེ་དག་ཡིན་ནམ།
རྩོམ་པ་པོ། ཀླུ་སྨྱོན། མཁོ་གཏོང་བ། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
བསིལ་ལྡན་ཞིང་དུ་དགེ་ལེགས་འབྱུང་བའི་སྒོ །
གཤེན་ཐུབ་བསྟན་པའི་ཉི་མ་འདྲེན་མཛད་པའི།།
སྔོན་བྱོན་སློབ་དཔོན་དམ་པའི་ཕྲེང་བ་ལ།།
སྒོ་གསུམ་རབ་གུས་བསྟོད་ཚིག་མེ་ཏོག་འཐོར།།
བོན་རྙིང་ས་བཀའ་དགེ་ཇོ་གྲུབ་མཐའ་དྲུག །
ནུབ་གླིང་མུན་པའི་གླིང་དུ་ཁྱབ་སྤེལ་མཁན།།
མཁས་བཙུན་གྲུབ་པའི་བདག་ཉིད་ཁྱེད་རྣམས་ཀྱི།།
ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྲུབ་ཤོག །
དེ་ལས་མང་བ་། “ཨ་རིའི་བོད་ཀྱི་ཆོས་བརྒྱུད་རིས་མེད་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པར་ཕུལ་བའི་ཤིས་ཚིག” »
འཁྱམས་པོ། ས་གནས་ཡོ་རོབ་གླིང་།
ཀ་ཁའི་མགོ་སྔ་མི་སློབ་གངས་ཅན་པ།།
ཁ་འདོན་དགེ་སྒྲུབ་ཁོ་ནར་མགོ་འཁོར་ནས།།
ག་རེ་བྱུང་ཡང་ལྷ་ཡིས་ལུང་བསྟན་ཞེས།།
ང་ཚོས་རྩ་དོན་སྲུང་མའི་ལས་ལ་བཅོལ།།
ཨེ་མ་ཧོ།
༡
ན་མོ་མ་ཧཱ་གུ་རུ་ནཱ་ག་ཛུ་ན་ཧེ་རུ་ཀ་ཡེ།
འཕགས་པའི་ཡུལ་དུ་ཀླུ་སྒྲུབ་སྙིང་པོའི་གར།།
གངས་རིའི་ལྗོངས་སུ་ཀླུ་སྨྱོན་ཧེ་རུ་ཀ །
རྟེན་འབྲེལ་གནད་ལ་དབང་བའི་རྡོ་རྗེ་འཛིན།།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག །
དེ་ལས་མང་བ་། “ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀ་ལ་བསྔགས་པ་དབྱངས་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ།” »
ཁ་བའི་འབྲོག་མོ།
སིལ་སྒྲ་གོ་བ་དང་མཉམ་དུ།།
སྙིང་ཆུང་འཕར་ལྡིང་ཞིག་མྱུར་བྱུང་།།
རྒྱང་རིང་མཛའ་བརྩེ་ཡི་དྲིལ་བུ།།
བསིལ་རླུང་གཡོ་བ་དང་བསྡོངས་སོང་།།
བདེ་ལྡན།
ཡོད་ཚད་རྨི་ལམ་ལ་ཆས་སོང་བའི་ནམ་གུང་དེར།
ཆར་རྒྱུན་གྱི་ཆུ་ཟིལ་ལྟ་བུའི་མིག་ཆུ་རྡོག་པོ་རེ།
ག་ལེར་ག་ལེར་སུ་ཞིག་གི་འགྲམ་རྩར་ཐིམ་ཡོད་པ་ཨེ་ཤེས།
མིག་ཆུ་དེ་ནི་རང་བཞིན་ཞིག་ག་ལ་ཡིན།
གྲིབ་གཟུགས།
རླུང་བུ་སིར་སིར་གདོང་ལ་ཕོག་དུས་འཁྱག་སྣང་ཅུང་ཟད་སྟེར་མོད་ཀྱང་།།
དར་ལྕེ་ལྷབ་ལྷབ་གཡོ་བའི་མཛེས་པས་ཁྲ་ཆུང་མིག་ལ་དགའ་བ་འབྱིན།།
རྒྱང་རིང་རི་བོའི་དབུ་འཕང་དག་ནི་འདབ་དྲུག་ཁ་བའི་རྩེད་ར་སྟེ།།
ཡང་ཞིང་གཡོ་བའི་བསིལ་རླུང་དང་ལྷན་དལ་བབ་སྒེག་པ་ངོམ་གྱིན་འདུག །
རྔ་བ་རྒྱལ་ཁམས་པ།
ལར་ནས་ངའི་བུ་འདི་བཟའ་བཏུང་ལ་ཤིན་ཏུ་དགའ་མོད། སྐྲན་ནད་སྨན་བཅོས་བྱས་པ་ནས་བཟུང་། བཟའ་བཏུང་རིགས་ལ་དང་དོད་ཆེར་མེད་པར་གྱུར་ཅིང་། ཟས་ཀྱི་བྲོ་བ་འདེམས་ལུགས་ཀྱང་སྔོན་མ་ལས་རྦད་དེ་ལོག་པར་གྱུར། སྨན་པ་ཚོས་བཟའ་བཏུང་ཉུང་ངུ་གྲངས་མང་བཟའ་དགོས་པའི་ལམ་སྟོན་གནང་དོན་ལྟར། འགྱིག་ཤུབ་ལྡན་པའི་སྟབས་བདེའི་ཟས་རིགས་བརྔོས་མ་དང་། ཤེལ་དམ་ཅན་གྱི་བཏུང་བའི་རིགས་གང་མང་མང་ཞིག་གྲ་སྒྲིག་བྱས་ཀྱང་།
དེ་ལས་མང་བ་། “༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བརྒྱད་པ།” »
—བོད་ཀྱི་དེང་རབས་མི་ཚུལ་རིག་པའི་ཕ་ཡབ་ཏུ་འབོད་པའི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་མཆོག་ལ་རྗེས་དྲན་གྱི་ཚུལ་དུ་ཕུལ།
བཀྲ་ཤིས་དོན་འགྲུབ།
ཡོད་ཚད་གཉིད་དུ་ཡུར་བའི་མཚན་མོ་དེར
ཁོར་ཡག་དེ་ཧ་ཅང་སོས་དལ་ཞིང་ཁུ་
སྐབས་དེ་དུས་ཁྭ་ཏ་ལྟ་བུའི་ཁྱོད་
རྟོགས་སད་ཀྱི་གཤོག་ཟུང་སྨག་ལ་
སྐྱོ་བྲག་དགའ་དབང་།
༡༽ ཁྲི་གདུགས་ཉི་མའི་དཀྱིལ་འཁོར་དེ། །ཤར་ཕྱོགས་རི་བོའི་རྩེ་ནས་འཕོས། །ས་ཆེན་མུན་པའི་སྨག་རུམ་སེལ། །རབ་གསལ་སྣང་བའི་དགའ་སྟོན་སྦྱིན།
༢༽ དྲིན་ཆེན་རྩ་བའི་བླ་མ་དེ། །བསོད་ནམས་སྨོན་ལམ་དབང་གིས་བྱུང་། །མ་རིག་མུན་པའི་སྨག་རུམ་སེལ། །མ་ནོར་ལམ་བཟང་སྣང་བ་སྦྱིན། །
རེབ་ཐོག་མདའ།
ཞོགས་པའི་སྐྱ་རེངས་མལ་དུ་བསྐྱུར་དེ་རི་ཆེན་གོམ་པས་ཐད་ཀྱིས་བཅད།།
མགོ་སེར་བུ་མོའི་འཛུམ་ཆུང་འཐུང་བཞིན་ཁ་བརྡའི་སྣེ་མོ་བརྩེ་བས་གླན།།
ཉི་མའི་འོད་ཐིག་གདོང་ལ་ཕོག་པས་རྔུལ་ཆུའི་ཐིགས་པ་སྐྲ་རྩེར་ལྷུང་།།
དབྱར་གྱི་ཞོགས་པའི་དུད་སྤྲིན་ཀློང་ན་རྡ་སའི་ཁོར་ཡུག་ཁུ་སིམ་གདའ།།
སྙན་བཟང་གཡུང་དྲུང་ཚེ་རིང་།
གསུམ།
ཕྱི་ལོ་༡༩༩༨ལོའི་སྟོན་མཇུག་ཡིན་བསམ་པ་དྲན། ནོར་གླིང་དཔེ་མཛོད་ཁང་གི་དོ་དམ་པ་ཞིག་ཡོད་པ་ཁོང་ནོར་གླིང་ཉམས་ཞིབ་སྡེ་ཚན་དུ་སྤོར་ནས་ཕྱག་ལས་གནང་བ་དང་། ཁོང་གི་ཚབ་ཏུ་ཚེ་ལོ་རྒྱལ་སླེབས། ངའི་མིག་ལམ་དུ་ཚེ་ལོ་རྒྱལ་གློ་བུར་དུ་མངོན་ནས་གློ་བུར་དུ་ནོར་གླིང་དཔེ་མཛོད་ཁང་གི་དོ་དམ་པར་གྱུར། ངས་ཁོང་དུས་ཡུན་རིང་པོ་ཞིག་གི་རྗེས་ནས་ཡང་བསྐྱར་མཐོང་སྐབས། ཁོང་སྔོན་ལས་ཇེ་སྐམ་དུ་གྱུར་ཅིང་། ཤུགས་ཚད་མཐོ་བའི་མིག་ཤེལ་ཞིག་གོན་འདུག
དེ་ལས་མང་བ་། “གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ༼ཚན་པ་གཉིས་པ༽” »
རྩོམ་པ་པོ། མགར་རྩེ་འཇིགས་མེད།
༄༅། ། བོད་ཀྱི་ཞི་རྒོལ་དང་པེ་ཅིན་སྲིད་གཞུང༌།
གཅིག སྤྱི་ལོ་༡༩༥༠ལོར་རྒྱ་བོད་གཉིས་ཀྱི་འཐུས་ཚབ་མི་སྣས་དོན་ཚན་བཅུ་བདུན་གྱི་གྲོས་མཐུན་བཞག་ཀྱང༌། པེ་ཅིན་སྲིད་གཞུང་ཚིག་ཐོག་ནས་མ་བསྡད་པར་བོད་ཀྱི་ས་ཁུལ་མང་བོར་དམག་དཔུང་དྲངས་ནས་བོད་རིགས་མི་དམངས་འབུམ་ཕྲག་མང་བོ་དམར་གསོད་བཏང་བ་དང༌། དེ་ལས་གཞན་པའི་མི་སེར་འབུམ་ཕྲག་མང་བོར་བཀྲེས་སྐོམ་གྱི་མནར་གཅོད། གཅར་རྡུང་གི་མནར་གཅོད།
དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་ཞི་རྒོལ་དང་པེ་ཅིན་སྲིད་གཞུང་།” »
ཡར་ཆབ་སྔོན་མོ།
དུས་རབས་བདུན་པར་བོད་རྗེ་སྲོང་བཙན་གྱི།།
གྲགས་པའི་བཙུན་མོ་བལ་བཟའ་ཁྲི་བཙུན་དེས།
བཟོ་བོ་མཁས་པ་དུ་མར་བཀའ་ཕབ་ནས།།
བཞེངས་པའི་ཕོ་བྲང་དམར་པོ་པོ་ཏ་ལ།།
རྔ་བ་ཀུན་བཟང་སྒྲོལ་མ།
ཆར་ཤུགས་ཀྱི་ངང་ཚུལ་དེར
སུ་ཞིག་ཡིན་ཡང་བཟོད་དཀའ་ལ
བྱ་སྤྱོད་དེ་
སུ་ཞིག་གིས་མཐོང་ཡང་བཟོད་སྣང་དབེན་པས་