འཁྱམས་པོ།
༼༡༽
བདེ་བའི་མལ་དུ་གཟིམས་ཤིག་སྨྱུག་ཐོགས་ཀྱི་གྲོགས་རྣམས།།
ཟླ་བའི་ལྷ་མོའི་སྙན་ཚིག་བདུད་རྩི་ཡི་མཆུ་སྒྲོས།།
རྨི་ལམ་ཞིང་ནས་གཞིབ་དང་བདེ་སྣང་གི་མངར་ཁ།།
ཉམས་མེད་ཡིད་ཀྱི་གསོས་སུ་ངོམས་མེད་དུ་རོལ་ཆོག །
འཁྱམས་པོ།
༼༡༽
བདེ་བའི་མལ་དུ་གཟིམས་ཤིག་སྨྱུག་ཐོགས་ཀྱི་གྲོགས་རྣམས།།
ཟླ་བའི་ལྷ་མོའི་སྙན་ཚིག་བདུད་རྩི་ཡི་མཆུ་སྒྲོས།།
རྨི་ལམ་ཞིང་ནས་གཞིབ་དང་བདེ་སྣང་གི་མངར་ཁ།།
ཉམས་མེད་ཡིད་ཀྱི་གསོས་སུ་ངོམས་མེད་དུ་རོལ་ཆོག །
དགེ་འདུན་རྒྱ་མཚོ།
ཨ་མྱེས་གདུགས་དཀར་གྱིས་བཤད་པ་ངོ་མ་བདེན་པ་རེད། ཉི་འོད་རི་རྩེར་བཞག་པ་དང་ལྷན་ཏུ་བྱ་རྒོད་རྣམས་ཁངས་སྐྱ་ལྟར་འབབ་ཀྱིན་འདུག ཐང་དཀར་དང་ཐང་ནག གླག་དང་འོལ་སེར། ད་དུང་ཁྭ་ཏ་དང་སྐྱ་ཀ་འགའ་ཤས་ཀྱང་འཕུར་ནས་ཐོན་བྱུང་། རྒད་པོ་ཁོས་ང་ལ་བལྟས་ཏེ་དེ་རིང་བྱ་ཕྲུག་གཉིས་ཡོང་ཡོད་པ་ནི་གསར་བ་རེད། ལྕགས་རྙི་ཡིས་བཟུང་ནས་རྐང་བ་བཅད་པའི་ཐང་དཀར་རྐང་ཏོ་ཁོ་དེ་རིང་མ་ཡོང་ཟིག
རེབ་ཐོག་མདའ།
ཕྱི་རོལ་ན་ཤག་ཤག་ཏུ་ལྡིང་གིན་པའི་རླུང་བུ
ཁྱོད་ཀྱིས་བདག་ལ་བསྐུར་བའི་དྲན་གདུང་གི་གཡབ་མོ་ཡིན་པའི
དོ་ནུབ་སླར་ཡང་ བདག་གིས་བསམ་གཞིགས་ཀྱི་སྣེ་མོ་ཁྱོད་ལ་བཏེགས་ནས་ཡོད
སྒེའུ་ཁུང་ཕྱི་རོལ་གྱི་ཁྱོད
རེབ་ཐོག་མདའ།
ཉི་མའི་ཕྱིར་མིག་རི་བོའི་རྩེ་ན་ལུས།།
སྐྱོ་གདུང་ལྕི་མོ་མཚམས་སྤྲིན་སྣེ་ལ་བཏགས།།
ཁྲུང་ཁྲུང་ལྷོ་ལམ་སྙེགས་པའི་གཤོག་སྣེ་ནས།།
དྲན་གདུང་ཟབ་མོ་མཛའ་མོ་ཕྱོགས་ལ་ཤོར།།
…རང་ཉིད་ཀྱི་སྐྱེས་སྐར་ལ་བཏེགས་པའི་དབྱངས་འགྲོས་རབ་རིབ་མོག་མོག
སྐྲན།
རབ་རིབ་མག་མོག་གི་མི་ཡུལ་ནས།
ཉི་མ་མི་ཤར་སའི་ལུང་ཁུགས་ནས།
མི་ཟས་ཟོས་ཤིང་མི་སྐད་བཤད་པའི་ཁུལ་གྱིས།
སུག་བཞི་ས་ལ་མ་བཙུག་པའི་དོད་ཀྱིས།
རྩོམ་པ་པོ། ཚེ་རིང་རྡོ་རྗེ།
ཀྱེ། རིགས་ཀྱི་བུའམ་བུ་མོ། ཁྱོད་དེ་ལྟར་སྦྲིད་ཅིང་བག་ལ་ཉལ་བ་ནི་མ་ལེགས་ཏེ། འགྲོ་བ་མིའི་གོ་འཕང་འཐོབ་པར་འདོད་ན། རང་དབང་ཀུན་རྫོབ་པ་ལ་མངོན་པར་མ་ཞེན་ཅིག གཞན་དབང་ལ་ངེས་འབྱུང་གི་བློ་མ་སྐྱེ་ན་ཐར་བའི་ལམ་སྣ་ཟིན་ཏུ་མེད་ཅིང་། རང་དབང་གི་ཕ་རོལ་དུ་ཕྱིན་པར་མི་འགྱུར་རོ།། རང་དབང་གི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། དེ་ནི་མིའི་གོ་འཕང་ཐོབ་པའོ།། དེ་ནི་བདེ་བའོ།།
དྲིལ་ལྕེ།
ཨ་ཁུས་ང་རང་འཛིན་གྲྭའི་སྐེས་རིམ་ཅི་འདྲ་ཞིག་ཏུ་ཐོན་ཡོད་མེད་ལ། དོ་སྣང་དང་། བཀའ་འདྲི་གནང་བ། སྐད་ཆ་བཤད་པ་སོགས་རྩ་བ་ནས་མི་གནང་ལ། དེ་ལ་ཐུགས་ཁུར་བྱེད་པའི་རྣམ་པ་ཞིག་ངས་གཏན་ནས་མཐོང་མྱོངས་མེད། ངས་ཤེས་བ་ཞིག་ལ། ཁོས་ཐུགས་ཁུར་གནང་ས་ནི། ངས་ཞལ་འདོན་དཔེ་ཆ་ཅི་འདྲ་ཞིག་བློ་ངོར་ཟིན་ཡོད་མེད་དེ་རེད། ང་ལ་མཚོན་ན། དཔེ་ཆ་ཀློག་འདོན་ལ་དཀའ་ངལ་ཅི་ཡང་མེད་ལ།
ཨོ་རྒྱན་ཉི་མ།
སྟོང་དང་རྟེན་འབྱུང་ཡང་དག་ལྟ་བའི་སྲོལ།།
སྲིད་འདིར་དྲང་བའི་དྲན་དབང་བྱེ་བ་དག།
རྒྱུ་མཚན་ཤེས་པའི་དད་པ་རབ་བརྟས་ཏེ།།
བྱང་ཆུབ་སྙིང་པོ་ཐོབ་ཀྱང་སྐྱབས་སུ་བསྙེན།།
རིགས་གྲོལ།
རེ་བ་བཟང་ས་ཞིག་གི་སྣེ་མོ་ལ་འཇུས་ཏེ།
ལྗིད་ཏིག་གི་ཁུར་པོ་དེ་ལྟར་ཕྲག་ཏུ་བླངས་པའི་ཁྱོད།
ཉིན་གྲངས་རེ་རེ་བཞིན་ཐོ་ཡིག་ཏུ་འགོད་ཀྱིན།
རྐང་ཐང་མར་མདུན་དུ་སྐྱོད་དུས།
ནག་ཆུ་ཀུན་དགའ།
ཉི་ཟླའི་འོད་ཀྱི་རྒྱུ་བ་མ་ཕོག་པའི།།
ཉེར་དགུའི་སྨག་ནག་གཏིབས་པའི་སྤྲིན་རུམ་ཁྲོད།།
སྣང་བས་མུན་ལ་ཁྲོས་པའི་སྡང་མིག་འོད།
བདེ་འཐུང་གློག་གི་བུ་མོའི་ཟོལ་གྱིས་ཉུལ།།
རེབ་ཐོག་མདའ།
འདས་སོང་ལོ་ཟླ་དེ་བདག་གིས་གླེང་གི་མེད།།
མ་འོངས་དམིགས་འདུན་དེ་ཁྱེད་ཀྱིས་མ་ལབ་རོགས།།
ངེད་གཉིས་ཁོ་ན་ལ་དབང་བའི་དུས་ཚོད་འདི།།
ལག་ཟུང་དམ་པོའི་ངང་མཉམ་དུ་ཆས་ན་བསམ།།
རེབ་ཐོག་མདའ
ལྗང་མདོག་བོར་བའི་མྱ་ངམ་ཐང་ཆེན་བགྲེས་སོང་བསམ་གཞིགས་ཁུགས་ན་ལྷེམ།།
བསྐལ་པར་བཞུར་བའི་གཙང་པོའི་ཁ་དོག་སྐྲ་ལོའི་ཚུལ་དུ་གདོང་ན་བཞུར།།
གཉེར་རིས་སྟུག་པོའི་བཞིན་ལ་བབས་པའི་རྒད་པོའི་མིག་ཟུང་ལྐོག་ཏུ་ལྷུང་།།
སྒྱུ་རྩལ་མཁས་པའི་པིར་གྱིས་བཞེངས་པའི་པར་རིས་གནད་དེ་ཅི་ཡིན་ནམ།།
རེབ་ཐོག་མདའ།
ལྷ་ས་ན
ཨ་མས་བྲིས་པའི་གཏམ་རྒྱུད་གླེང་མཁན་མང་ལ
ཨ་ཕས་བཟོས་པའི་བོད་ལྭ་གྱོན་མཁན་ཡང་མང
ད་དུང་
ཞེན་ཁོག་དང་ཤ་ཞེན་གྱི་མེ་ལྕེ་གྱེན་དུ་མཆེད་ཀྱིན
ཕ་སྐད་དང་མྱི་སྐད་གསོན་པོ་གླེང་སྟངས་བརྟན་ལྷིང་ངེར་གནས
གླིང་གཅེར་བུ།
ཁྱེད་ཀྱི་སྐད་ཆ་དེ་མགོ་ཐོག་ལ་ལྷུང་བས།།
ངའི་ལག་མཐིལ་ཀྱང་གད་མོའི་ཁྱབ་པར་བྱས།།
ཆར་བ་འབབ་ཤུགས་ལ་རླུང་བུ་བཙན་པས།།
སྐྲ་ལོའི་བདག་དབང་ནི་ང་དང་རིང་དུ་གྱེས།།
ཤེད་བུ།
རྒྱལ་སྤྱིའི་གྲོགས་པོའི་དུས་ཆེན་ཉིན།
ཤ་དང་ཁྲག་གི་རྒྱུད་པས་འདེད་ས་མེད་ཀྱང།།
ལས་དང་བྱ་བའི་ཁྲོད་ནས་འདྲེས་པར་གྱུར་ཏེ།།
གྲོགས་ཀྱི་རིགས་སུ་སྐྱེས་པའི་སྲོག་ལྡན་ཀུན་པོས།།
དེ་རིང་བདག་གི་སྙན་ཚིག་འདི་ལ་གསན་མཛོད།།
ཁྲོ་གཏུམ།
སྐྱེས་པ་ནས་འཆི་བའི་བར་དུ། མིའི་འགུལ་བསྐྱོད་ཀྱི་ཆ་ཐམས་ཅད་
གསལ་ལེ་རྒྱལ།
སེམས་པ་ཤུལ་དུ་བཞགས་ནས་ང་རང་འདི
ང་རང་ངོས་ཀྱི་ནམ་མཁའ་དང་ངོས་ཀྱི
ངའི་རྗེས་སུ་ཉི་མ་དམར་བོའི་ར་
མེ་མདའ་བཟུང་ནས་ཡོང་གིན་ཡོད།
བྲག་རྗེ་སྐལ་ནས།
སྟོང་བསམ་རྒྱང་ལ་སྐོར་གྱིན་མུན་
སྐྱོ་བའི་སེམས་པ་བསྣངས་ཀྱིན་
མིག་ཆུས་མཁུར་ཚོས་བརླན་བཞིན་གཞོ
ལུས་ཀྱི་དངུལ་ནག་འཐུག་པོས་མལ་
བཀྲ་ཤིས་དོན་འགྲུབ།
སྐྱེ་དགུ་སེམས་ཀྱིས་འཚོས་པའི་རྗེས་ཐོག་ནས།།
སྐྱེ་དགུའི་བདག་མོའི་མཚན་གྱི་མེ་ཏོག་དེ།།
སྐྱེ་དགུའི་ཞལ་ནས་ལྷོད་ཀྱིས་འཁྲུངས་པ་ཡང་།།
མ་བཅོས་སེམས་ཀྱི་དྭངས་མ་མཚོན་ལུགས་ཡིན།།
དགེ་འདུན་རྒྱ་མཚོ།
གནས་ཚུལ་དེ་གོ་ནས་དོན་འགྲུབ་འཚོ་ནི་བདུད་མོ་རེད་ཟེར་ནས་ཕྱོགས་ཀུན་ལ་གྲགས། ངོ་ཤེས་མིན་སྐོར་ཅིག་གིས་མོ་ནི་ཨ་སྟག་ལྷ་མོ་རེད་ཟེར་ནས་སྡིགས་སྨོད་བྱེད་བཞིན་པ་ངས་ཀྱང་ཐོས་མྱོང་། མོ་ལ་དགའ་མཁན་གྱི་མི་དེ་ཚོའི་སེམས་ནང་གི་དགེ་རྒན་དོན་འགྲུབ་འཚོ་ནི་ད་གཟོད་འཇིགས་སུ་རུང་བ་ཞིག་ཏུ་གྱུར། ངས་དོན་འགྲུབ་ཚོའི་ལོ་རྒྱུས་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་ཚང་མ་བློ་ཐོག་ནས་ཆུ་བཞུར་བ་བཞིན་ཤར་ཤར་དུ་བཤད། སྤྲོ་སྣང་དང་བཅས་གད་མོ་དགོད་ཀྱིན་བཤད།