Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མངྒ་ལ་ཡན། རྒྱ་གར་བའི་ཤེས་རབ་ཀྱི་ལྷ་མོ།

Posted on 2014-09-262014-09-26 By སྤོབས་པ་མཐའ་ཡས། 3 Comments on མངྒ་ལ་ཡན། རྒྱ་གར་བའི་ཤེས་རབ་ཀྱི་ལྷ་མོ།

སྤོབས་པ་མཐའ་ཡས།

༢༠༡༤ཟླ་༩པའི་ཚེས་༢༤ཉིན་རྒྱ་གར་གྱི་མཁའ་གྲུ་མངྒ་ལ་ཡན་ཞེས་པ་གཟའ་ཆེན་མིག་དམར་གྱི་སྟེང་དུ་བདེ་བླགས་ངང་སླེབས་པར་ཤིས་ཚིག་སྤེལ་བ།

རྒྱ་གར་འཕགས་པའི་ཡུལ་ཞེས་གྲགས་འབར་བ།།
འཛམ་གླིང་ས་ཡི་ལྟེ་བ་ངོ་མཚར་ཅན།།
མཁས་དང་གྲུབ་པའི་སྐྱེ་བོས་ཡོངས་གང་བའི་།།
ངོ་མཚར་གཏམ་གྱི་གླེང་གཞི་རྫོགས་མཐའ་བྲལ།།

དེ་ལས་མང་བ་། “མངྒ་ལ་ཡན། རྒྱ་གར་བའི་ཤེས་རབ་ཀྱི་ལྷ་མོ།” »

སྙན་ངག

ཚོར་བའི་རྦ་རླབས།

Posted on 2014-09-242014-09-24 By ཁ་བརྡ་ No Comments on ཚོར་བའི་རྦ་རླབས།

སྐྱ་རེངས།

 
མཁའ་ནས་འཕུར་འདྲ།།
ས་ནས་ཉལ་འདྲ།།
ཆུ་ཡིས་འཁུར་འདྲ།།
མེ་ཡིས་ཚིག་འདྲ།།
འདི་ཀོ་ཅི་ཞིག།
འདི་ཀོ་མཚར།།

དེ་ལས་མང་བ་། “ཚོར་བའི་རྦ་རླབས།” »

སྙན་ངག

གཏན་དུ་གྱེས་ཟིན་པའི་དྲིན་ཆེན་མ་ལོ།

Posted on 2014-09-232014-09-23 By ཁ་བརྡ་ 3 Comments on གཏན་དུ་གྱེས་ཟིན་པའི་དྲིན་ཆེན་མ་ལོ།

འབའ་སྲས།

 
“ཡིད་བརྟན་མི་རུང་འཆི་བདག་འདི།།
བྱས་དང་མ་བྱས་མི་སྡོད་པས།།
ན་དང་མི་ན་ཀུན་གྱིས་ཀྱང་།།
གློ་བུར་ཚེ་ལ་ཡིད་མི་བརྟན།།”

ཆུང་དུས་བྱམས་ཀྱིས་བསྐྱངས་པའི་མ།།
དར་དུས་སེམས་ཀྱིས་གཉེར་བའི་མ།།

དེ་ལས་མང་བ་། “གཏན་དུ་གྱེས་ཟིན་པའི་དྲིན་ཆེན་མ་ལོ།” »

སྙན་ངག

ང་ལྟ་བུའི་སྐྱབས་བཅོལ་བ།

Posted on 2014-09-222014-09-22 By ཁ་བརྡ་ 1 Comment on ང་ལྟ་བུའི་སྐྱབས་བཅོལ་བ།

འཕྲུལ་གྱི་བཙན་པོ།

ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་འཇིག་རྟེན་མི་ཡུལ་འདིར་སྒྲོག་དུས། མཚལ་ལྟར་དམར་པོའི་སྐར་ལྔའི་དར་ཆ་ཞིག ངེད་སྡེ་བའི་སློབ་གྲྭའི་རྭ་བསྐོར་ན་ལྷབ་ལྷུབ་ཏུ་བསྐྱོད། ངའི་ན་ཚོད་རིམ་གྱིས་ནར་སོན་པ་དང་། ངའི་ཨ་མྱེས་དང་སྡེ་བའི་རྒན་པ་སྐོར་ཞིག་གིས་ཁྲག་ལྟར་དམར་ཞིང་འཇིགས་རུང་གི་དར་ཆ་དེའི་རྒྱབ་ལྗོངས་དང་། ལོ་རྒྱུས་བཤད་པ་ངས་གཞི་ནས་རྟོགས་ཤིང་། དར་ཆ་དེས་ངའི་རིགས་མཐུན་གྱི་སྤུན་ཟླ་ཇི་སྙེད་ཅིག་གི་ཚེ་སྲོག་འཕྲོགས་ཀྱང་། སྤུན་ཟླ་ཇི་སྙེད་ཅིག་ཕྱི་ཡུལ་ལ་འགྲིམས་དགོས་བྱུང་།

དུས་དེ་ནས་བཟུང་། ངས་རང་ཉིད་བཙལ་ཞིང་ང་དང་ངའི་མི་རིགས།

དེ་ལས་མང་བ་། “ང་ལྟ་བུའི་སྐྱབས་བཅོལ་བ།” »

རྩོམ་རིག

Idealism སེམས་གཙོ་རིག་པ།

Posted on 2014-09-222014-09-22 By ཁ་བརྡ་ 10 Comments on Idealism སེམས་གཙོ་རིག་པ།

རིགས་སློབ། གོང་དཀར་ངག་རྣམ།

 
unnamed-1

༼སྐུ་ཞབས་བྷར་ཊརེན་ཌེ་རཱ་སལ་ Bertrand Russell གྱིས་བརྩམས་པའི་མཚན་ཉིད་རིག་པའི་དཀའ་གནད་(The Problem of Philosophy) ཅེས་པའི་དཔེ་དེབ་ལས་བསྒྱུར།༽

སེམས་གཙོའི་རིང་ལུགས་ཞེས་པའི་ཚིག་འདི་ལྟ་གྲུབ་སྨྲ་བ་འདྲ་མིན་གྱིས་བརྗོད་དོན་འདྲ་མིན་ཐོག་ཏུ་བེད་སྤྱོད་བྱས་ཡོད། ང་ཚོས་དེ་ནི་དངོས་པོ་གང་ཡིན་པ་ཐམས་ཅད་དམ་ཤེས་ཚོར་ཐུབ་པའི་ཆོས་ཀུན་ངེས་པར་དུ་ཡིད་བློའི་ནང་དུ་ཡོད་པར་གོ་གི་རེད།

དེ་ལས་མང་བ་། “Idealism སེམས་གཙོ་རིག་པ།” »

འགྱུར་རྩོམ།

ཀ་རྩོམ་མེ་ལོང་ཀུན་འབྱེད།

Posted on 2014-09-222014-09-22 By ཁ་བརྡ་ No Comments on ཀ་རྩོམ་མེ་ལོང་ཀུན་འབྱེད།

སྒེའུ་ཁུང་།

 
ཀ་ཆེན་ལྟར་བུའི་སྒལ་ཚིགས་ཐོག།
ཁ་བ་རི་བའི་སྐྱིད་སྡུག་བསྔས། །
ག་ཏེ་ཁོང་ཉིད་ཕེབས་ཕྱིན་ཚེ། །
ང་ཚོའི་རྩོད་ལེན་སུ་ཡིས་བྱ།

ཅ་ཅོའི་དོན་དུ་དུས་མ་གཏོང་། །
ཆ་རྒྱུས་ཡོད་པའི་མི་དང་འདྲོགས །

དེ་ལས་མང་བ་། “ཀ་རྩོམ་མེ་ལོང་ཀུན་འབྱེད།” »

རྩོམ་རིག

འཁྲུལ་སྣང་།

Posted on 2014-09-222014-09-22 By ཁ་བརྡ་ No Comments on འཁྲུལ་སྣང་།

ཚེ་རིང་།

འཁྲུལ་སྣང་གི་རྐྱེན་གྱིས
རང་ཉིད་མི་མཐོང་ལ
འཁྲུལ་སྣང་གི་རྐྱེན་གྱིས
གཞན་དངོས་ཀྱང་ཇི་བཞིན་མི་མཐོང

སུ་ལ་འཁྲུལ་སྣང་ཡོད་ན
དེ་ལ་བདེན་པ་མེད་ལ
གང་ལ་བདེན་པ་མེད་པ་དེ་ནི

དེ་ལས་མང་བ་། “འཁྲུལ་སྣང་།” »

སྙན་ངག

བརྩེ་བ་ཡལ་གའི་ཟིལ་བ།

Posted on 2014-09-222014-09-22 By ཁ་བརྡ་ 1 Comment on བརྩེ་བ་ཡལ་གའི་ཟིལ་བ།

བདེ་པོ་འཚོས།

ཡངས་ཤིང་རྒྱ་ཆེ་བའི་གོ་ལ་ཟླུམ་པོ་འདིར། ན་གཞོན་གྱི་ལང་ཚོ་དར་ལ་བབ་པའི་སྐྱེ་བོ་གྲངས་ལས་འདས་ནའང་། སོ་སོའི་བསོད་ནམས་དང་དབང་ཐང་གིས་མི་ཚེའི་ཁ་ཕྱོགས་མི་གཅིག་པ་ནི་ཆོས་ཉིད་ཅིག་ཡིན་དུས། དེ་ལ་ཧང་སངས་དགོས་པ་ཞིག་ཁྱོན་ནས་མེད། ལ་ལ་ཞིག་ནི་ཆུ་བོ་རྒྱལ་མོ་རྔུལ་ཆུ་ལྟར་གང་ལ་བཞུར་ནའང་མདུན་ནས་འགོག་མཁན་མེད་ལ་རྒྱབ་ནས་འདེད་མཁན་ཡང་མེད་པར་རང་གི་འདོད་མོས་ལྟར་མི་ཚེའི་རིན་ཐང་གི་ཆེད་དུ་རྒྱུ་བར་བརྩོན། ཡང་ལ་ཤས་ཤིག་ནི་མཁྲེགས་ཤིང་རྙིང་བའི་གནའ་བོ་སྲོལ་རྒྱུན་གྱི་གྲི་ཁ་ནས་ཕམ་ཉེས་ཆེན་པོ་བྱུང་སྟེ། མི་ཚེ་ལ་སྙིང་པོ་ཡང་འདི་ལྟར་རྫོགས་དགོས་པའི་ངང་ཚུལ་ཡང་མང་པོ་ཞིག་མཐོང་ཆོས་སུ་ཡོད།

དེ་ལས་མང་བ་། “བརྩེ་བ་ཡལ་གའི་ཟིལ་བ།” »

བརྩམས་སྒྲུང་།

ན་ཟུག

Posted on 2014-09-212014-09-21 By ཁ་བརྡ་ No Comments on ན་ཟུག

བསོད་ནམས།

ནང་དུ་ཡོད་ན་ཕྱི་རོལ་སྣང་བར་འཆར། །
ཕྱི་རོལ་འཇིག་རྟེན་སྨུག་པ་སྟུག་པོས་གཡོཊ། །
ཤིང་སྡོང་རྩེ་ཡི་བྱིའུ་ཆུང་འཇོལ་མོ་ཁྱོད། །
སུ་ཡི་སླད་དུ་ངུ་ངག་སྒྲོག་གིན་ཡོད། །

མགོ་ནས་ཚ་བ་མེ་ལྟར་མར་ལ་ལྡིང་། །
རྐང་མཐིལ་གྲང་བ་རླུང་ལྟར་ཡར་ལ་འཕྱོ། །

དེ་ལས་མང་བ་། “ན་ཟུག” »

སྙན་ངག

ས་མཐར་རྒས་པའི་སེམས་པ།

Posted on 2014-09-202014-09-20 By ཁ་བརྡ་ 2 Comments on ས་མཐར་རྒས་པའི་སེམས་པ།

རྔ་བ་ཀུན་བཟང་སྒྲོལ་མ།

 
ལས་དབང་ལ་གས་ཆག་ཤོར་བའི་ལོ་རྒྱུས་ཐོག་མ་ནས།
མཛེས་རྟོག་གི་རྣམ་རིག་ཅི་ཡང་མེད་པར་ང་ས་མཐར་རྒས།
རྒས་སོང་པའི་སེམས་པ་རྨས་མ་དེའི་ཕྱིར།
ངའི་ཚེ་སྲོག་གི་ངར་ཤུགས་ཧ་ཅང་རྒོད་པས།
མི་ཡུལ་ན་རྒྱབ་གཏོད་ཀྱི་སྤོབས་པས་ཕྱུག་ཀྱང་།
མཁྲེགས་འཛིན་གྱི་ས་མཐའ་འདི་ནས།

དེ་ལས་མང་བ་། “ས་མཐར་རྒས་པའི་སེམས་པ།” »

སྙན་ངག

སྐར་མདའ་ལྗང་སེར།

Posted on 2014-09-192014-09-19 By ཡེ་ཤེས་ 3 Comments on སྐར་མདའ་ལྗང་སེར།

starཀླུ་སྨྱོན།
—སྐད་འཕྲིན་གྲོགས་པོ་ཞིག་གི་རེ་སྐུལ་བཞིན།

སྐར་མདའ་ལྗང་སེར་འབྲོག་མོའི་མགོ་དཀྲིས་འདྲ།།
མུན་པ་ཚལ་བར་གཤགས་པའི་བརྩེ་གླུ་འབུམ།།
དུས་ཀྱི་ཁུག་སོ་རེ་རེར་བརྡལ་བ་འདིས།།
མགོ་ནག་བོད་པའི་འོ་ཇ་དཀར་པོ་དྲན།།
སྐར་མདའ་ལྗང་སེར་ལྷ་སའི་པང་གདན་འདྲ།།

དེ་ལས་མང་བ་། “སྐར་མདའ་ལྗང་སེར།” »

སྙན་ངག

གང་ལྟར་གསར་འགྱུར་རེད།

Posted on 2014-09-192014-09-19 By ཁ་བརྡ་ 5 Comments on གང་ལྟར་གསར་འགྱུར་རེད།

རྔ་རྒོད།
 

མཁས་བླུན་ཚང་མའི་མདུན་དུ། རྒྱུ་མཚན་གང་གི་ཕྱིར་ཏུ། སི་ཁོལ་ལཎ་ཌྲིས་རང་བཙན་དེ་མ་རེག་པའམ་དེ་མ་འདོད་པ་ཡིན་མིན་སྐོར་དེ་གོ་བདེའི་ཚིག་བཅད་མ་ཞིག་འདིར་བཀོད་ན་ལེགས་སྙམ་མོ།།

སྐད་དང་ཡི་གེ་ཁ་ཁ་མེད།།
ཆོས་ལུགས་རིག་གནས་གཅིག་པ་རེད།།
རང་བཙན་ཐོབ་ཀྱང་མ་ཐོབ་ཀྱང་།།
འགྲོ་མིའི་རང་དབང་སྔར་བཞིན་རེད།།

དེ་ལས་མང་བ་། “གང་ལྟར་གསར་འགྱུར་རེད།” »

སྙན་ངག

མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།

Posted on 2014-09-192014-09-19 By ཁ་བརྡ་ 3 Comments on མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།

འབའ་སྲས། ༼སྔོན་མའི་འཕྲོས།༽
 
unnamed-3

༼རྒྱ་གར་གྱི་བུ་མོ་མཱུ་ངྷ་དང་ཁྱི་ཡི་གཉེན་སྒྲིག་ལ་སྦྱར་བའི་གཏམ་རྒྱུད་འཇིག་རྟེན་སྐྱེ་བོ་ཀུན་མཚར་ཞེས་བྱ་བ།༽

ཡབ་གང་རྣ་བ་མཛེས་བྱེད་དུ།།
གཏམ་གྱི་མེ་ཏོག་ཨུཏྤལ་ཕྲེང་།།
བཞད་པས་རྒན་རབས་མེས་པོ་ཚོའི།།
རྣ་བ་དག་ཀྱང་མཛེས་པར་བྱས།།

འོན་ཀྱང་བུ་མོ་མཱུ་ངྷའི་ལས་དབང་ཆུ།།
དུག་དང་བ་ཚས་རྙོག་པར་གྱུར་བ་ཡིས།།

དེ་ལས་མང་བ་། “མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།” »

སྙན་ངག

ཁྱོད་དྲན་ཉིན་མོར།

Posted on 2014-09-192014-09-19 By ཁ་བརྡ་ No Comments on ཁྱོད་དྲན་ཉིན་མོར།

བསོད་ནམས།

གསུང་དབྱངས་སྙན་མོ་རྣ་བར་ལྷུང་དུས། །
སེམས་པའི་ཕུག་གི་གཏན་འདུན་རྙེད་སོང་། །
དྲན་པའི་རི་མོ་རྡོ་ལ་ཐོགས་ནས། །
བཀྲ་ཤིས་ཚིག་གིས་སྨོན་ལམ་བཏབ་ཡོད། །

བརྙན་སྒྲོན་མེ་ཏོག་འཛུམ་ཆུང་མཇལ་དུས། །
ཇི་ཙམ་བལྟས་ཀྱང་ཆོག་ཤེས་མ་སྐྱེས། །

དེ་ལས་མང་བ་། “ཁྱོད་དྲན་ཉིན་མོར།” »

སྙན་ངག

ཨ་མ་ལགས་ལ་ཕུལ་པའི་སྙན་ངག

Posted on 2014-09-182014-09-18 By ཁ་བརྡ་ No Comments on ཨ་མ་ལགས་ལ་ཕུལ་པའི་སྙན་ངག

བསོད་ནམས།

ས་གཞི་ཕྱུག་མོར་བརྟས་པའི་དབྱར་གསུམ་གྱི་དཔལ་ཡོན། །
བརྟན་མེད་ཡུད་ཀྱིས་འགྲིབ་པའི་ངང་ཚུལ་ལ་སེམས་ཚེ། །
སྤང་ལྗོངས་བུང་བ་གཞོན་ནུའི་གསུང་སྙན་གྱི་ངག་སྒོ། །
གདུང་བའི་ཆུ་ཤེལ་ལྷན་དུ་བསུ་མ་ལ་ཆས་བྱུང་།།

འཁྱུད་འཁྱུད་ལྷོད་དལ་བགྲོད་པའི་དྭངས་བསིལ་གྱི་རྫ་ཆུ།།
དུས་བཞིར་འགྱུར་བར་ངེས་པའི་ཆོས་ཉིད་དེ་དྲན་དུས། །

དེ་ལས་མང་བ་། “ཨ་མ་ལགས་ལ་ཕུལ་པའི་སྙན་ངག” »

སྙན་ངག

མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།

Posted on 2014-09-182014-09-18 By ཁ་བརྡ་ 6 Comments on མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།

འབའ་སྲས།

unnamed

༼རྒྱ་གར་གྱི་བུ་མོ་མཱུ་ངྷ་དང་ཁྱི་ཡི་གཉེན་སྒྲིག་ལ་སྦྱར་བའི་གཏམ་རྒྱུད་འཇིག་རྟེན་སྐྱེ་བོ་ཀུན་མཚར་ཞེས་བྱ་བ།༽

ཚངས་པའི་མཉམ་གཞག་བསིལ་རླུང་གི །
རྔ་ཡབ་གཡོ་བའི་བསོད་ནམས་ཀྱིས།།
ཆུ་གཏེར་མངལ་ལས་ཕྱུང་བ་ཡི།།
མཚོ་བྱུང་ངག་གི་ཟླ་བར་འདུད།།

དབྱངས་ཅན་བྱིན་རླབས་གྲུ་ཆར་གྱིས།།
མགྲིན་པའི་ཞིང་བཟང་བརླན་པ་ཡིས།།

དེ་ལས་མང་བ་། “མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།” »

སྙན་ངག

སྐྱོ་གདུང་།

Posted on 2014-09-172014-09-18 By ཕུན་ཚོགས་ཚེ་རིང་ 1 Comment on སྐྱོ་གདུང་།

འདུས་བྱུང་ཕུན་ཚོགས་ཚེ་རིང་།

Sorrowསྐྱོ་གདུང་གི་དབུས་སུ་རེ་བ་ཡི་ཕུགས་བསམ་ཞིག་ངེས་པར་ཡོད་སྟབས།
རྒྱང་རིང་རྒྱང་རིང་གི་གནས་དེ་ནི།
ཡུན་རིང་ཡུན་རིང་ནས་ཁ་བྲལ་བའི་ས་དེ་ནི།
ཉི་མ་དང་། ཟླ་བ་དང་། སྐར་མ་ལ་མནའ་ཚིག་བཞག་ས་དེ་ནི།
སྐྱིད་ཆུ་དང་། འབྲི་ཆུ་དང། རྨ་ཆུ་ལ་སྙིང་གཏམ་བཅོལ་ས་དེ་ནི།
གངས་དཀར་དང་། རྫ་རི་དང་། བྱེ་ཐང་ལ་རི་མོ་བྲིས་ས་དེ་ནི།

དེ་ལས་མང་བ་། “སྐྱོ་གདུང་།” »

སྙན་ངག

འོད་ཀྱི་གཏིང་།

Posted on 2014-09-172014-09-17 By ཁ་བརྡ་ No Comments on འོད་ཀྱི་གཏིང་།

གཙུག་གཡུ།

 
ཀྱེ་རྒྱང་རིང་གི་མཛའ་མོ།
དེ་རིང་ཁྱོད་ལམ་ལ་ཆས་དགོས།
ཁ་རོག་གེར་ལམ་ལ་ཆས་དགོས།
སེམས་གཏིང་གི་ཚོར་བའི་དུངས་ཀ་ཉེར་གྱིན་ཆས་དགོས།

རེད་ཡ། ཁྱེད་ལྷོད་ཀྱིས་འཛུམ་པར་བྱེད་ཅིང་
ཁད་ཀྱིས་ཤུབ་བུར་སྨྲ།

དེ་ལས་མང་བ་། “འོད་ཀྱི་གཏིང་།” »

སྙན་ངག

བོད་རིགས་སྤུན་ཟླར་གྲོས་སུ་ཕུལ་བའི་འཕྲིན།

Posted on 2014-09-172014-09-17 By ཁ་བརྡ་ 120 Comments on བོད་རིགས་སྤུན་ཟླར་གྲོས་སུ་ཕུལ་བའི་འཕྲིན།

ཞོའུ་ཕའེ། (ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།)
 

བོད་རིགས་སྤུན་ཟླར་གྲོས་སུ་ཕུལ་བའི་འཕྲིན།  ____ དབུ་མའི་ལམ་གླེང་བ།

ཕྱི་ལོ་༡༩༧༤ ལོར་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་འདོན་སྐབས། ང་རང་ལོ་བརྒྱད་རེད། ལོ་དེར་ངའི་ཕ་མ་གཉིས་དར་རྩེ་མདོ་ནས་ཕྱིར་རྒྱ་ཡུལ་གཡག་རྔར་ལོག་པའི་ཆོག་མཆན་རེག་འདུག དེ་ནི་སྔར་གུང་ཁྲན་ཏང་གི་བཀའ་ལྟར་ལོ་ངོ་༡༩ རིང་བོད་ཁུལ་དར་མདོ་ནས་ལས་ཀ་ལས་པ་དང་ནང་མི་རྣམས་ལོ་མང་རིང་ཁ་འཐོར་རྗེས་ཀྱི་སླར་འཛོམས་རེད། བགྲང་ལས་འདས་པའི་རྒྱ་མི་རྣམས་ཀྱང་ངའི་ཕ་མ་གཉིས་ནང་བཞིན་བཙན་ཤེད་འོག་བོད་ཁུལ་ནས་ལས་ཀ་བྱེད་དགོས་ཐུག་ཡོད་པས།

དེ་ལས་མང་བ་། “བོད་རིགས་སྤུན་ཟླར་གྲོས་སུ་ཕུལ་བའི་འཕྲིན།” »

འགྱུར་རྩོམ།

ཁྱེད་ང་ལ་དགའ་ན།

Posted on 2014-09-162014-09-16 By ཁ་བརྡ་ 2 Comments on ཁྱེད་ང་ལ་དགའ་ན།

དྲེད་པོ་ཧོར།

ཁྱེད་ང་ལ་དགའ་ན།
གར་སོང་གར་བསྡད་ཀྱི་མནའ་ཚིག་དག་ཉེན་རྟོག་པས་རྐུན་མར་སྒོག་སྒོག་ལྟར་བྱས་མ་འདུག་པར།
ཡ་ཁོག་དྲོན་མོའི་ནང་གི་གློ་བ་ཚ་བོ་དེ་གཅིག་གློན་དང་།

ཁྱེད་ང་ལ་དགའ་ན།
དྲྭ་ངོས་ཀྱི་པར་རིས་དང་མཆན་བུ་དག་བྱི་ལས་ཙི་ཙི་སྲུང་སྲུང་ལྟར་བྱས་མ་འདུག་པར།
སེམས་པ་དག་མའི་ནང་གི་ཡིད་ཆེས་གཙང་མ་དེ་གཅིག་གནོངས་དང་།

དེ་ལས་མང་བ་། “ཁྱེད་ང་ལ་དགའ་ན།” »

སྙན་ངག

Posts pagination

Previous 1 … 126 127 128 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ།
  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme