རྫ་ཚེ་རིང་བཀྲ་ཤིས།
ལམ་ཆེན་སྣེ་མོ་ཤར་གྱི་མཐའ་ལ་བསྐྱངས།།
སྒར་བའི་མི་ཚེ་སྐྱ་མོའི་ལམ་ནས་ཟད།།
དགུང་མ་རེ་རེ་བཞིན་ཟླ་བ་སྔས་ལ་བཏགས།།
འདི་དུས་ཁོ་བོས་ཁྱེད་རང་དྲན་བཞིན་མཆིས།།
བྱེ་མའི་ཐང་ལ་རྔ་མོང་གོམ་ཁ་བརྟན།།
མི་མེད་ལུང་བར་རྟ་ཕོ་ཕྱི་ཐག་རིང་།།
བྲོ་ཁ་ཆད་ན་ལམ་རོགས་འཚིག་པ་ཟ།།
འདི་དག་ཡོད་ཚད་ང་ལ་ཆ་ཡོད་ཡིན།།
དེ་ལས་མང་བ་། “ཤར་འདུལ་དམག་དཔོན་འབྲོམ་སེང་གེ་དཔལ་གྱིས་ནང་མི་དང་འཛོམས་དུས་བྱེད་པ།” »

གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན། ཡིན་པ་མ་ཟད། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་སྣང་སྲིད་ཀུན་ཁྱབ་རྟག་བརྟན་མི་འགྱུར་བའི་རྒྱུ་འབྲས་ཀྱི་སྲིད་གཞུང་ཉིད་དབང་ཕྱུག་ཆེན་པོར་བཀའ་བསྩལ་འདུག་ཅེས་སུ་སྒྲོགས་པར་མཛད། འོ་ན་ཁོང་གི་དད་ཡུལ་གྱི་དབང་ཕྱུག་དེ་ཅི་ཡིན་ནམ་ཞེས། རྟོག་ལྡན་འགས་འདྲི་བར་གདོན་མི་ཟ།