འཇམ་གཅེས།
མི་ཡུལ་ས་མཐར་འགྲིམ་དགོས་བསྐོས་པའི་ལས།།
རང་ཡུལ་བདེ་སྡུག་བསམ་ཤེས་རིགས་ཀྱི་འགན།།
རང་གཞན་གང་གི་ཡུལ་དུ་གནས་བཅས་རུང་།།
གཞན་དབང་སྟབས་བསྟུན་ཡིན་པར་ཀུན་ནས་མཚུངས།།
དགྲ་གཉེན་མ་ནོར་དགོས་པ་གནས་ལུགས་ཞིག །
ཀུན་ལ་མཉམ་པར་འཛིན་དགོས་སྟོན་པའི་བཀའ།།
འཇམ་གཅེས།
མི་ཡུལ་ས་མཐར་འགྲིམ་དགོས་བསྐོས་པའི་ལས།།
རང་ཡུལ་བདེ་སྡུག་བསམ་ཤེས་རིགས་ཀྱི་འགན།།
རང་གཞན་གང་གི་ཡུལ་དུ་གནས་བཅས་རུང་།།
གཞན་དབང་སྟབས་བསྟུན་ཡིན་པར་ཀུན་ནས་མཚུངས།།
དགྲ་གཉེན་མ་ནོར་དགོས་པ་གནས་ལུགས་ཞིག །
ཀུན་ལ་མཉམ་པར་འཛིན་དགོས་སྟོན་པའི་བཀའ།།
འབའ་སྲས།
སྨན་ཤར་བུ་མོའི་ལྟེ་བའི་གཡུང་དྲུང་གཡས་སུ་འཁྱིལ་བའི་འདབས་རོལ་ན།།
ཙོང་སྐམ་འདྲ་བའི་བརླ་ཡི་ཕུག་ན་བྱུ་རུ་དམར་བོའི་ཁ་སྒོ་ཅན།།
དཀྱིལ་ན་བྱ་ཡི་ལྕེ་ཡིས་མཛེས་ཤིང་མཐའ་རུ་འདོད་སྤུ་ནགས་ཀྱིས་བརྒྱན།།
རིན་ཆེན་སྟོང་གིས་བསྒྲུན་དུ་མེད་པའི་གཉའ་མ་འབོད་པའི་ཁ་འདི་གནས།།
སོར་མོའི་ཆར་གྱིས་བརླན་པར་བྱས་ན་བྱ་ལི་ལྕེ་ཡི་ཟེའུ་འབྲུ་དགོད།།
ལིང་གའི་རྩེ་མོའི་འོད་ཀྱིས་རེག་ན་ཁ་ཤའི་འདབ་མ་ཡངས་པོར་ཕྱེས།།
ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
བོད་མི་རིགས་ངོས་འཛིན་ཐུབ་པའི་བོད་ཀྱི་ཡིག་གེ་ཀ་མད་སུམ་ཅུ་ལ་ཆེ་མཐོང་དགོས་པའི་ཀ་བཤད་བཅུ་བདུན་པ།
ཀ་མད་སུམ་ཅུའི་སངས་རྒྱས་བསྟན་པ་སྲུང་།།
ཁ་རྩེད་ལག་རྩེད་རྩེད་ཆས་ཀ་ཁ་མིན།།
ག་དུས་ཡིན་ཀྱང་ཀ་ཁར་ཆེ་མཐོང་ཞུས།།
ང་ཚོ་བོད་མིའི་འབྱུང་ཁུང་ཀ་ཁ་ཡིན།།
ཅ་ཅོའི་ཆགས་གཏམ་གླེང་ས་ཀ་ཁ་མིན།།
ཆ་རྐྱེན་བསྐྲུན་ནས་ལྟོ་གོས་འཚོལ་བྱེད་མིན།།
དེ་ལས་མང་བ་། “བོད་མི་རིགས་ངོས་འཛིན་ཐུབ་པའི་ཀ་བཤད་བཅུ་བདུན་པ།” »
ཀླུ་སྨྱོན།
འཇམ་མགོན་ཆོས་ཀྱི་རྒྱལ་པོ། །
གངས་ཅན་མཁས་པའི་གཙུག་རྒྱན། །
ཟོལ་བསྟོད་འདི་ཚོ་མེད་ན། །
ཁྱོད་ནི་ཨ་མདོའི་གྲྭ་རྐྱང་། །
དགེ་འདུན་ཆོས་འཕེལ་ཇི་བཞིན། །
གྲྭ་པ་གྲྭ་རྐྱང་ཞིག་གིས། །
ཕ་ཡུལ་ཨ་མདོ་བསྐྱུར་ནས། །
བདེ་པོ་འཚོ།
རྗེ་བཙུན་བླ་མ་གཙུག་གི་ནོར་བུ་སྟེ།།
མཚུངས་མེད་བློ་བཟང་གྲགས་པ་གཙོ་བྱས་པའི།།
བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཏེ།།
རྟ་ཟླའི་ལྔ་མཆོད་ཆེན་མོ་སྙིང་ནས་བསུ།།
ཆོས་ལྡན་གངས་ཅན་ལྗོངས་ཀྱི་མི་རྣམས་ཀྱིས།།
ཁ་འདོན་དགེ་སྦྱོར་ལས་ལ་ཞུགས་ཉིན་འདི།།
ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་བློ་བཟང་གྲགས་པའི་དཔལ།།
ཁ་བའི་ཡུལ་དུ་སྐུ་འཁྲུངས་བསྟན་པ་སྤེལ།།
དགའ་བ་རྒྱ་ཕྲག་ལྡན་པའི་སྐྱེས་ཆེན་ལ།།
ང་ཚོ་བོད་རིགས་་ཡོངས་ཀྱི་རྗེས་དྲན་ཞུ།།
ཅ་ཅོ་དབེན་པའི་གངས་རིའི་འགྲོ་བའི་མགོན།།
དེ་ལས་མང་བ་། “དགའ་ལྡན་ལྔ་མཆོད་ལ་ཕུལ་བའི་ཀ་བཤད་བཅུ་དྲུག་པ།” »
ཨེ་མ་ཧོ།
ན་མོ་གུ་རུ་པདྨ་བིརྱ་དྷ་ར་ཡེ།།
༡
ཀ་དག་ལྷུན་གྲུབ་ཁ་སྦྱོར་ཀུན་ཏུ་བཟང་པོ།།
ག་བུར་དབང་ལྟར་ང་ཚོའི་མགོན་དུ་ཕེབས་པ།།
ཅ་དག་དགེ་སྦྱོང་ཆ་ལུགས་གསུམ་ལྡན་རིག་འཛིན།།
ཇ་སེར་མདངས་འཛིན་ཉ་གང་ཞལ་རིས་ཅན་པོ།།
དེ་ལས་མང་བ་། “༧གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།།” »
སྤོབས་པ་མཐའ་ཡས།
ཉིན་དེའི་ཕྱི་དྲོར་ངས་དགའ་རོགས་མའི་སྐྲའི་ཁ་དོག་བསྒྱུར་རོགས་བྱས། མོའི་སྐྲའི་ཁ་དོག་སྒྱུར་བྱེད་དེ་ནི་རྒྱ་གར་གྱི་རང་བྱུང་ཐོན་རྫས་དྲི་ངད་ཅན་ཞིག་རེད། སྐྲ་རྩི་དེ་སྐྲ་ལ་བྱུགས་རྗེས་ཆུ་ཚོད་ཁ་ཤས་ལ་འཇོག་དགོས་སྟབས་ཉལ་དུ་འགྲོ་རན་དུས་ཏག་ཏག་སྐྲ་རྩི་བཀྲུ་རན་འདུག ངའི་དགའ་རོགས་མ་མཚན་མོ་ཉལ་སར་མ་ཕྱིན་གོང་ལ་ཁྲུས་བྱེད་པའི་གོམས་གཤིས་ཤིག་ཀྱང་ཡོད་པས་མཚན་མོ་དེར་ཡང་ཁྲུས་ཁང་དུ་འཛུལ་ནས་ཁྲུས་བྱེད་པ་དང་སྐྲ་རྩི་བཀྲུ་མགོ་བརྩམས།
གཅན མཚོ་བུ་དཀར་པོ།
མདོ་སྨད་ས་ཡི་ཐིག་ལེ་ཙོང་ཁ་རུ།།
ཡབ་ཆེན་ད་ར་ཁ་ཆེ་ཀླུ་འབུམ་དགེ།
མ་ཡུམ་ཤིང་བཟའ་ཨ་ཆོས་ཟུང་མཆོག་ལ།།
ལེགས་འཁྲུངས་ཀུན་དགའ་སྙིང་བོ་ཁྱོད་ལ་འདུད།།
ཆོས་རྗེ་དོན་འགྲུབ་རིན་ཆེན་མཁན་པོ་དང་།།
ཀོའུ་བ་གཞོན་ནུ་བྱང་ཆུབ་སློབ་དཔོན་གྱིས།།
དེ་ལས་མང་བ་། “རྗེ་བླ་མའི་རྣམ་ཐར་རགས་བསྡུས་སུ་བཀོད་པ་མཚོ་བུ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས།” »
ཨེ་མ་ཧོ།
ན་མོ་གུ་རུ་མ་ཏི་བྷ་དྲ་ཡེ།
ཀ་མ་ལ་ལྟར་ཕྱི་ནང་ཀུན་གཙང་བའི།།
ཁ་བའི་ལྗོངས་ཀྱི་བློ་བཟང་གྲགས་པ་ཞེས།།
ག་ས་གང་ན་སྙན་གྲགས་ཀུན་ཁྱབ་པའི།།
ང་ཡི་གུ་རུའི་རྣམ་སྤྲུལ་རྒྱལ་གྱུར་ཅིག།
ཅ་ར་མ་ར་ལབ་པའི་དོལ་ཚོགས་ཀྱིས།།
ཆ་མེད་ཡུལ་ནས་རྒྱུས་མེད་ལོག་བཤད་ཀྱིས།།
ཇ་ལན་ཆུ་ཡིས་འཇལ་བའི་ཚུལ་མཐོང་ཚེ།།
ཉ་སུག་གོག་ལྟར་ཕྱུགས་རྣམས་སྙིང་རྗེའི་ཡུལ།།
དེ་ལས་མང་བ་། “དགེ་ལྡན་ལྔ་མཆོད་ལ་ཕུལ་བའི་སྤྲིན་གྱི་སྒྲ་དབྱངས།” »
ཕོ་རོག་དཀར་པོས།
རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་གི་གཞོན་ནུ་མ་ཉེར་གཅིག་གི་བསྟོད་པ་འདོད་པའི་ཟུར་མིག་མ་བཞུགས་སོ།།
༡༽ ཨོཾ་གཞོན་ནུ་མ་བུ་མོ་མཛངས་མ་ལ་ཕྱག་འཚལ་ལོ། །
ཕྱག་འཚལ་བུ་མོ་མཛེས་མ་དཔལ་མོ། །
མིག་ནི་ཆགས་པའི་ཟུར་མིག་གཡོ་མ། །
འཇིག་རྟེན་གསུམ་གྱི་མཛེས་མའི་ཞལ་ལས། །
ཁྱོད་ཉིད་གཅིག་པུ་རྣམ་པར་མཛེས་མ། །
བྱ་མདོ་སྐལ་རྒྱམ།
ཚང་ཚིང་ལྗོན་པ་འཁྲིག་པའི་ནགས་ཀློང་ལ།།
གྲིབ་ནག་མུན་པ་ཟ་ཟི་ངང་གིས་འཁོར།།
ཟུར་གྱིས་བཞུར་བའི་ཉི་འོད་རྒས་པོ་འདིས།།
ཉིན་དཀར་མུན་པའི་ཁྲོད་ནས་ཅི་ཞིག་འཚོལ།།
བྱ་བརྒྱ་འཕུར་ཏེ་ཞོར་ལ་ཐོར་བའི་སྒྲོ།།
ནུབ་ཁའི་རླུང་ལ་གཡེང་བའི་བར་མཚམས་ནས།།
ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཨ་ཁུ་འབྲོག་པས་ལབ་པ།
ཀ་གཅིག་གུར་ནང་སྐྱིད་པ་ལ།།
ཁ་ཕྱོགས་ག་ལ་གྱུར་གྱུར་ཡོད།།
ག་རུ་འགྲོ་ནའང་ཁྱེར་ཆོག་ཡོད།།
ང་ལ་མ་གཏོགས་སུ་ལའང་མེད།།
དེ་ལས་མང་བ་། “ཞིང་འབྲོག་གི་འཚོོ་བ་དང་འབྲེལ་བའི་ཚིག་རྒྱག་ཀ་བཤད་༡༤ པ།” »
ཕོ་རོག་དཀར་པོ།
རང་བྱུང་བརྩེ་བའི་ལྷ་ལ་ཕྱག་འཚལ་ལོ།
༡༽ མི་ཚེའི་འཚོ་གནས་འདི་ཡི་སྙིང་པོའི་དོན།།
མྱོང་ཅན་རྒན་རབས་ཀུན་གྱིས་བསྔགས་པའི་ལམ།།
ན་གཞོན་ཕོ་མོ་རྣམས་ཀྱི་འཇུག་ངོགས་དེ།།
ཅི་ཙམ་རྟོགས་པ་བདག་གིས་བཤད་པར་བྱ།།
ཨེ་མ་ཧོ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།
ཨ་ཏིའི་དགོངས་པ་རྟོགས་པའི་རྣལ་འབྱོར་གྱི་སྣང་ངོར།།
ཧ་ཅང་བཟང་ངན་དབྱེ་བའི་རྣམ་རྟོག་ཅིག་མི་འདུག །
ས་ཐོབ་སེམས་དཔའི་དཔའ་སྐད་སྒྲག་པ་ཞིག་མིན་ཀྱང་།།
ཤ་ཞེན་སྙིང་གི་གྲོགས་ལ་རྟོགས་འབུལ་ཞིག་ཞུའོ།།
ལ་རྒྱའི་ཚུལ་འཆོས་བཟུང་བ་དངོས་ཞེན་གྱི་འཛིན་ཆགས།།
དེ་ལས་མང་བ་། “ཡེ་ཤུའི་དུས་ཆེན་གྱི་བརྡ་དོན་ཨཱ་ལི་ཀཱ་ལིའི་སྒྲ་དབྱངས།” »
འབའ་སྲས།
རོང་བ་བོང་བུར་ཞོན་པའི་ཁ་གྲངས་
བདག་གིས་རོང་མོར་སྤྱད་པའི་གྲངས་
འབྲོག་པ་གཡག་ལ་ཞོན་པའི་སྐད་ཆ་
ཁོ་བོས་འབྲོག་མོར་གཡབ་པའི་གཏམ་
ཁམས་པའི་རལ་གྲི་རྣོ་བའི་སོ་ཁ་
བཞུར་བའི་ཁྲག་ལས་བདག་གི་ཁུ་བ་
ཨེ་མ་ཧོ།
དམ་ཚིག་ལྔ་ལྡན་རྒྱལ་བའི་ཡེ་ཤེས་མཁྱེན་རབ་དབང་ཕྱུག་བླ་མ་རྗེ།།
ཐུགས་བརྩེ་ཉེ་བའི་དྲི་མེད་ལྷག་བསམ་སྣ་ལྔའི་འོད་གསལ་སྙིང་པོ་ཉིད།།
ཀུན་བཟང་བསྟན་པའི་རྒྱན་དུ་འཆར་བ་ངོ་མཚར་འདི་ཀོ་ཨེ་མ་ཧོ།།
བཀྲ་ཤིས་བདེ་ལེགས་འཚམས་འདྲི་དང་བཅས་མོས་གུས་ཡིད་ཀྱིས་མཇལ་ཕྱག་འཚལ།།
ཞལ་མཇལ་གསུང་ཐོས་མངོན་སུམ་སྣང་བ་སྐལ་བ་ཅུང་ཟད་ན་ཕྲ་ཡང་།།
རྨི་ལམ་དབང་ཕྱུག་སྒྱུ་འཕྲུལ་ལོངས་སྤྱོད་ཀ་དག་སྟོང་པའི་རིག་རྩལ་ལས།།
དེ་ལས་མང་བ་། “དྲི་མེད་ལྷག་བསམ་མཇལ་བའི་བརྡ་བརྒྱུད་ཕྱག་འཚལ།།” »
དྲི་མེད་ལྷག་བསམ།
ཀ་དག་རྫོགས་ཆེན་མཁན་པོ་ཤྲཱི་ལགས་ལ།།
ཁ་བ་ལྟར་དཀར་ལྷག་བསམ་གླུ་ཆུང་གྱེར་ན།།
ག་ཞའི་གཏམ་དུ་མ་འཛིན་རིག་པའི་དཔའ་བོ།།
ང་ཡི་ཀཱ་ལི་འདི་ལ་ལྗིད་ཚད་ཅིག་ཡོད།།
ཅ་ཅོའི་རྩོད་པ་སྐྱེན་པའི་དྲ་ཐོག་འདི་ན།།
ཆ་ལུགས་འདོད་དགུར་བསྒྱུར་བའི་ཞིག་པོ་མཆིས་མོད།།
དེ་ལས་མང་བ་། “ཡེ་ཤིའི་དུས་ཆེན་གྱི་བརྡ་ལན་ཀཱ་ལིའི་སྒྲ་དབྱངས།” »
ཕོ་རོག་དཀར་པོས།
——-༼བུད་མེད་ལས་འཕྲོས་པའི་བསྟན་བཅོས་སྔོན་པོ།༽
༡༽ མི་རྣམས་ཀུན་གྱི་འབྱུང་གཞི་བུད་མེད་མཆོག།
ཚུལ་བཞིན་བསམས་ན་བདེ་བའི་རྩ་བ་རུ།།
ཡིན་པར་ཤེས་ནས་འབད་པ་དུ་མ་ཡིས།།
གཏན་ཏུ་འགྲོགས་འདྲིས་ཐུབ་པར་བྱིན་གྱིས་རློབས།།
༢༽ ལན་ཅིག་ཙམ་ལ་འགྲོགས་པའི་བུད་མེད་ནི།།
ཤིན་ཏུ་རྙེད་སླ་དོན་ཆུང་ཤེས་གྱུར་ནས།།
མི་ཉག་སྐལ་བཟང་།
རྟ་མདོ་བ་སྐྱེས་ས་རང་ཡུལ་རེད།།
འགྲོ་གོམ་པ་བརྒྱབ་ས་མི་ཡུལ་རེད།།
མཛེས་མེ་ཏོག་ཁྲོད་ཀྱི་ཐང་ཆེན་དེར།།
ཟོག་རྫི་བོ་འགྲོ་སའི་ལམ་ཁ་མེད།།
རྗེ་བླ་མ་འཁྲུངས་ས་རང་ཡུལ་རེད།།
སྐུ་མཛད་འཕྲིན་རྒྱས་ས་མི་ཡུལ་རེད།།