བུ་མོ་ལོ་གསུམ་ཅན་ཞིག་དང་འཕྲད།
–རྔ་བ་ཀུན་བཟང་། ངའི་མིང་ལ་བསྟན་འཛིན་པད་མ་ཟེར་ཞིང་། ད་ལྟ་ལོ་གསུམ་ཡིན། ངའི་ཕ་མ་གཉིས་ཀ་ཡུལ་འཁྱམ་པ་ཡིན་ལ། ང་ཡང་ཕ་ཡུལ་མེད་པའི་བྱིས་པ་ཞིག་ཡིན། ཁ་སང་དགུང་མོ་ནས་བཟུང་ཕ་མ་གཉིས་ཀའི་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་སོགས་གྲ་སྒྲིག་བྱས་ནས་ང་ལ་ཞོགས་པ་སྔ་མོ་ནས་ཡར་ལངས་དགོས་པ་བཤད་སོང་།། འོན་ཀྱང་རྒྱུ་མཚན་ཅི་ཡིན་མིན་དང་གང་ལ་འགྲོ་དགོས་བ་བཤད་མ་སོང་། གང་ལྟར་དེ་རིང་ང་མི་མང་བརྒྱ་ཕྲག་འགའ་འཛོམས་ས་ཞིག་ལ་སླེབས་འདུག། མི་དེ་དག་གི་ནང་དུ་སློབ་མ་དང་། གྲྭ་བ། ན་གཞོན་ཕོ་མོ། རྒན་རབས་པ། ད་དུང་བོད་པ་མ་ཡིན་པའི་མགོ་སེར་དང་རྒྱ་གར་བ་ཡང་རེ་འགའ་ཞིག་མཐོང་སོང་།། ལྷག་པར་ཏུ་བོད་རིགས་རེ་རེའི་ལག་ལ་བོད་རྒྱལ་དར་རེ་བཟུང་འདུག་ལ། “གདོང་ལ་བོད་རང་དབང་བཙན།”…