ཨ་ཁུ་དབྱངས་དམར་ནས།
ཡང་སྲིད་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོ་རྒྱུན་དུ་དྲན་པའི་སེམས་ཚོར་དགའ། ང་མི་ཡུལ་ལ་འགྲོ་དགོས། །ཚེ་སྔོན་གྱི་ལས་རེད་ཅེས་པའི་གཞས་དེ་ངས་མི་ཚེ་འདིར་གཞས་ཉན་པའི་ཆེ་ཐོག་མ་དེ་ཡིན། ངའི་ཕ་མ་གཉིས་ལ་གང་ནས་བྱུང་མ་ཤེས་ཀྱང་རླུང་འཕྲིན་ནག་པོ་ཆུང་ཆུང་ཞིག་ཡོད་པས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་ཀྱི་གསར་འགྱུར་དེ་ཉན་རྒྱུ་རྒྱུན་ལྟོར་གྱུར། དེ་དུས་རིག་གསར་གྱི་མཇུག་ཙམ་ལ་སོང་སོ་སོའི་ཕ་སྤུན་ལ་ཡང་དོག་པ་བྱེད་པའི་དུས་ཡིན་ཡང་ངའི་པ་མ་གཉིས་ཀྱིས་སྣང་མེད་དུ་གསར་འགྱུར་དེ་ཉན་རྐྱང་གནང་གི་ཡོད། དེ་ལྟར་བྱས་ནས་ངས་ང་མི་ཡུལ་ལ་འགྲོ་དགོས་ཞེས་པའི་གཞས་དེ་ཤེས་པ་ཡིན།


