Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིས་སྟོང་བཅུ་གཉིས་ཀྱི་སྐྱེལ་མ། རྫོགས་ཆེན་དོན་གྲུབ་རྡོ་རྗེ།

Posted on 2013-01-01 By ཁ་བརྡ་ No Comments on ཉིས་སྟོང་བཅུ་གཉིས་ཀྱི་སྐྱེལ་མ། རྫོགས་ཆེན་དོན་གྲུབ་རྡོ་རྗེ།

འཇིག་པའི་འཇིག་རྟེན་མ་འཇིག་ཀྱང་། །
ཉིས་སྟོང་བཅུ་གཉིས་འདས་པའི་མཐའ། །
འགོགས་མེད་དུས་ཀྱི་འཁོར་ལོ་ཡིས ། །
མི་ཚེའི་ནམ་ཟླ་བར་མེད་བཅོམ ། །

དེ་ལས་མང་བ་། “ཉིས་སྟོང་བཅུ་གཉིས་ཀྱི་སྐྱེལ་མ། རྫོགས་ཆེན་དོན་གྲུབ་རྡོ་རྗེ།” »

སྙན་ངག

༈ མདོ་མཛངས་བླུན་ལས། གསེར་དབྱིག་གི་ལེའུ།

Posted on 2013-01-01 By ཁ་བརྡ་ 6 Comments on ༈ མདོ་མཛངས་བླུན་ལས། གསེར་དབྱིག་གི་ལེའུ།

འདི་སྐད་བདག་གིས་ཐོས་པ་དུག་གཅིག་ན། བཅོམ་ལྡན་འདས་གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་ཁྱིམ་བདག་ཅིག་གི་ཆུང་མ་ལ་བུ་ཞིག་བཙས་ཏེ། མིང་ཡང་གསེར་གྱི་དབྱིག་ཅེ་བཏགས་ནས་བྱེད་གཟུགས་ལེགས་པ། བཟང་བ། ཤིན་ཏུ་མཛེས་པ། འཇིག་རྟེན་ན་ཟླ་མེད་པ། ཁྱེའུ་དེ་སྡོན་གྱི་ལས་ཀྱིས་ལག་པ་གཉིས་ཁུ་ཚུར་བཅངས་ནས་བྱུང་ངོ་། །ཁྱེའུ་དེའི་ཕ་མ་ཡ་མཚན་དུ་གྱུར་ཏེ་བཀྲ་མི་ཤིས་སོ་སྙམ་ནས་ཁྱེའུ་དེའི་ཁུ་ཚུར་གཉིས་ཕྱེ་སྟེ་བལྟས་ན། ཁྱེའུའི་ལག་མཐིལ་ན་གསེར་གྱི་དོང་ཚེ་རེ་རེ་ཡོད་དོ།

དེ་ལས་མང་བ་། “༈ མདོ་མཛངས་བླུན་ལས། གསེར་དབྱིག་གི་ལེའུ།” »

བརྩམས་སྒྲུང་།, རྩོམ་རིག

ཐེངས་གཉིས་པའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐའེ་ཝན་དུ་འཚོགས་པ།

Posted on 2013-01-012013-01-01 By ཁ་བརྡ་ 30 Comments on ཐེངས་གཉིས་པའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐའེ་ཝན་དུ་འཚོགས་པ།

གསར་གནས་བསྡུ་བསྒྲིགས་པ། རྫ་ཚེ་རིང་བཀྲ་ཤིས།

དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྩ་འཛིན་ཡིག་ཆའི་ཁོངས་སུ། ལོ་མཇུག་ཏུ། ཐའེ་ཝན་གཙོས་སྐྱེ་འགྲོ་ཡོངས་ལ་འབྱུང་བཞིའི་གནོད་འཚེ་དང་ནད་ཡམ་མུ་གེ་སོགས་ཞི་བའི་ཆེད་དུ་སྨོན་ལམ་རིགས་འཚོགས་རྒྱུ། ཞེས་འཁོད་པའི་འབྲུ་དོན་ལྟར། སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐེངས་གཉིས་པ་དེ་སྔར་རྒྱུན་ལྟར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས།

དེ་ལས་མང་བ་། “ཐེངས་གཉིས་པའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐའེ་ཝན་དུ་འཚོགས་པ།” »

གསར་འགྱུར།

རྒྱ་གར་བུ་མོ་དང་། བཙན་གཡེམ་པ།

Posted on 2012-12-312012-12-31 By ཁ་བརྡ་ 4 Comments on རྒྱ་གར་བུ་མོ་དང་། བཙན་གཡེམ་པ།

ཤིང་ལོ།

དེ་རིང་གསར་འགྱུར་ཟེར་ན་གོ་འདོད་མེད་པའི།།
ཐན་སྐད་རྣ་བར་མཆེད་དུས་སེམས་ཁམས་གཉོམ་པོ།།
མིག་གི་མཁའ་མཐའ་བསྐོར་ནས་ཐང་ལ་ཟགས་དུས།།
ཚོར་མེད་ས་གཞི་ཡིན་རུང་སྦྲིད་ཤ་ཐེབས་ཡོད།།

དེ་ལས་མང་བ་། “རྒྱ་གར་བུ་མོ་དང་། བཙན་གཡེམ་པ།” »

རྩོམ་རིག

ང་ཚོའི་རང་དབང་དང་མིའི་ཐོབ་ཐང་འཚོལ་བ།

Posted on 2012-12-312012-12-31 By ཁ་བརྡ་ 1 Comment on ང་ཚོའི་རང་དབང་དང་མིའི་ཐོབ་ཐང་འཚོལ་བ།

རས་པ།

བོད་མི་རྣམས་ཀྱིས་ཆབ་སྲིད་ཀྱི་བདག་དབང་བློས་གཏོང་མི་ཐུབ་པའི་རྒྱུ་རྐྱེན་གཅིག་ནི་ལོ་རྒྱུས་ཀྱི་ཤུགས་རྐྱེན་ལ་བསྟེན་ཡོད། ལོ་རྒྱུས་བཀླགས་པས་བཙན་པོའི་སྙིང་སྟོབས་དྲན་ཞིང་། གནས་བབ་མཐོང་བས་འགུལ་བསྐྱོད་ཀྱི་འདོད་པ་བྱུང་གི་ཡོད། “བོད་རང་བཙན་ཡིན།” སྐད་འབོད་འདི་ལྟ་བུ་རྒྱག་དུས་མ་མཐའ་ཡང་རང་བཀུར་གྱི་བསམ་ཚུལ་ཞིག་གིས་དེད་ནས་ཡོང་གི་ཡོད། ཕུད་རྒྱག་ཐེབས་སྲིད་ལ། ལག་པའང་འགུལ་སྲིད། དེ་ལྟར་མིན་ན་མེ་ལྕེ་དམར་པོའི་ཁྲོད་ཚེ་སྲོག་བསྟིམས་བཞིན་པ་དག་ང་ཚོས་སྔར་བཞིན་བློ་ཡུལ་དུ་མ་ཤོང་པར་འུ་ཐུག་ཐབས་ཟད་ཅེས་བཤད་ནས་འདུག་དགོས་རྒྱུ་རེད།

དེ་ལས་མང་བ་། “ང་ཚོའི་རང་དབང་དང་མིའི་ཐོབ་ཐང་འཚོལ་བ།” »

སྣ་ཚོགས།

རྨོངས་རྟུལ་བ་ཚོ་སྙིང་རེ་རྗེ།

Posted on 2012-12-312012-12-31 By ཁ་བརྡ་ 12 Comments on རྨོངས་རྟུལ་བ་ཚོ་སྙིང་རེ་རྗེ།

སེར་ཤུལ་རིན་ཆེན་དོན་གྲུབ།
—རྩོད་པ་དང་འཇང་དགུན་ཆོས་སོགས་དོན་མེད་དུ་སྨྲ་བའི་སེར་གཟུགས་ཀླད་གསར་བའི་མིང་ཅན་སྐོར་ཞིག་ལ་ཕུལ།

འགྲན་བྲལ་རྣམ་དཔྱོད་སྟོབས་ཀྱིས་ཕྱུག་པའི་རིགས་པའི་དབང་ཕྱུག་ཕྱོགས་གླང་དང་།།
རྩོད་སྒྲུབ་རིགས་པས་ཐར་ལམ་གསལ་མཛད་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིས།།
མ་རྟོགས་ལོག་རྟོག་ཐེ་ཚོམ་བསལ་བ་དོན་དམ་དངོས་ཀྱི་ལོ་རྒྱུས་ཡིན།།
རིགས་པའི་གནས་ལུགས་དཔྱད་བསྡུར་བྱས་པའང་བདེན་ལུགས་སྟོང་གི་དཔང་པོ་ཡོད།།

དེ་ལས་མང་བ་། “རྨོངས་རྟུལ་བ་ཚོ་སྙིང་རེ་རྗེ།” »

རྩོམ་རིག

བུ་མོ་འགའ་ལ་སྨྲས་པ། རེབ་ཐོག་མདའ།

Posted on 2012-12-312012-12-31 By ཁ་བརྡ་ 6 Comments on བུ་མོ་འགའ་ལ་སྨྲས་པ། རེབ་ཐོག་མདའ།

མཛེས་བའི་ལང་ཚོ་གདོང་ན་ཡག་ན་ཡང་།།

གངས་རིའི་བུ་མོའི་གཤིས་ཀ་དེ་ལྟར་མིན།།

སྐྱེས་གཟུགས་དར་ལ་སྒེག་ཉམས་དོད་ན་ཡང་།།

གདུང་དམར་བོད་པའི་དྲི་ཙམ་མེད་འདི་སྐྱོ།།

དེ་ལས་མང་བ་། “བུ་མོ་འགའ་ལ་སྨྲས་པ། རེབ་ཐོག་མདའ།” »

སྙན་ངག

སློབ་ཆེན་སློབ་མ་འགའ་ལ་སྨྲས་པ། རེབ་ཐོག་མདའ།

Posted on 2012-12-312012-12-31 By ཁ་བརྡ་ 2 Comments on སློབ་ཆེན་སློབ་མ་འགའ་ལ་སྨྲས་པ། རེབ་ཐོག་མདའ།

སྐྲ་ལོ་ཐུང་ཐུང་ཁ་དོག་བསྒྱུར་བའི།།

ཨ་མཆོག་གཉིས་ལ་ཨ་ལུང་བཏགས་པའི།།

སློབ་ཆེན་སློབ་མའི་མིང་གི་སྦུག་ན།།

ཁ་བ་བོད་པའི་སོན་རྩ་རུལ་འདུག།

དེ་ལས་མང་བ་། “སློབ་ཆེན་སློབ་མ་འགའ་ལ་སྨྲས་པ། རེབ་ཐོག་མདའ།” »

སྙན་ངག

རྒྱ་ནག་གི་རྒྱུག་ཁྱི། རྔ་བ་ཀུན་བཟང་སྒྲོལ་མ།

Posted on 2012-12-31 By ཁ་བརྡ་ 6 Comments on རྒྱ་ནག་གི་རྒྱུག་ཁྱི། རྔ་བ་ཀུན་བཟང་སྒྲོལ་མ།

_____ཏཱ་ལའི་རུ་ཚོགས་ཞེས་པར་རྒོལ་པའི་བོད་མི་འགར་བྲིས།

བོད་ཁམས་ཡོངས་ནས་ཁྲག་དམར་འཐུང།།
ཆིག་སྒྲིལ་བསམ་པས་ཨ་ལོང་གཏོར།།
ཁ་སེམས་དྭངས་མའི་རང་སྐད་བཙོང་།།
རྒྱུག་ཁྱི་ཁྱོད་ཚོར་ཁ་རོགས་སྡོད།།

 

དེ་ལས་མང་བ་། “རྒྱ་ནག་གི་རྒྱུག་ཁྱི། རྔ་བ་ཀུན་བཟང་སྒྲོལ་མ།” »

སྙན་ངག

རྗེ་བཙུན་བླ་མ་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨ་བཞད་པ་ཞེས་བྱ་བ་བཞུགས་སོ།།

Posted on 2012-12-31 By ཁ་བརྡ་ 3 Comments on རྗེ་བཙུན་བླ་མ་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨ་བཞད་པ་ཞེས་བྱ་བ་བཞུགས་སོ།།

སྤྲུལ་འཁོར་སྐལ་བཟང་དོན་ལྡན།

ན་མོ་གུ་རུ་གུ་ཎ་ནྰ་ཐྰ་ཡ། །མ་ལུས་ཕྱོགས་བསྡུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་སྡུད་པ། །གངས་ཅན་འགྲོ་བའི་མགོན་པོ་གཡུ་ཐོག་པ། །མཚངས་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས། །གང་སྐུའི་གསང་བ་བྲཏན་གཡོ་ཀུན་ལ་ཁྱབ། །གཞོམ་མེད་རྡོ་རྗེའི་གསུང་གི་ཆོས་ཀུན་མཛོད། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཤེས་བྱ་གཟིགས། །བདེ་ཆེན་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །མཚན་དཔེའི་དཔལ་འབར་ལྟ་ན་སྡུག་པའི་སྐུ། །བདེ་ཆེན་གཟི་བྱིན་སྟོང་གི་ལྷ་མེ་བ། །དྲན་པའི་མོད་ལ་དངོས་གྲུབ་རྣམ་གཉིས་སྟེར། །ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས། །ཕྲིན་ལས་རྒྱལ་བ་ཀུན་དང་མཉམ་གྱུར་ཀྱང་། །ཉམ་ཐག་ནད་པའི་ཚོགས་ལ་རྗེས་བརྩེ་བའི། །གསུང་གི་འཕྲིན་ལས་གངས་ཅན་གསོས་སུ་སྨིན། །སྨན་པའི་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས། །

དེ་ལས་མང་བ་། “རྗེ་བཙུན་བླ་མ་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨ་བཞད་པ་ཞེས་བྱ་བ་བཞུགས་སོ།།” »

རྩོམ་རིག

གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།

Posted on 2012-12-31 By ཁ་བརྡ་ 16 Comments on གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།

ཟླ་འདིའི་ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། ཅམ་རཱ་ཇཱུ་ན་གྷར་རྫོང་། ཀོ་ལེ་གྷལ། ཨོ་ཊའི་ཡ་པ་ལ་ས་ཁུལ་དུ་ཡོད་པའི་བོད་མའི་གཞིས་ཆགས་དོན་ལྡན་གླིང་། རྫོགས་ཆེན་དགོན་དུ་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ་དངོས་སུ་དབུ་འཛུགས་བྱས་ཡོད་པ་རེད།

དེ་ཡང་ཉིན་མོ་དེའི་ཞོགས་པའི་ཆུ་ཚོད་༨ : ༣༠ ཐོག་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ཡོངས་ཀྱི་བདག་པོ་རྫོགས་ཆེན་ཡིད་བཞིན་ནོར་བུ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་མཆོག་དབུར་བཞུགས་ཐོག རྫོགས་ཆེན་དགེ་མང་རིན་པོ་ཆེ་དང་། ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་སོགས་འཕགས་བོད་གཉིས་ཀྱི་དགོན་སྡེ་ཁག་ ༤༠ ལྷག་གི་མཁན་སྤྲུལ་སྐུ་ཚབ་ཁག་དང་།

དེ་ལས་མང་བ་། “གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།” »

གསར་འགྱུར།

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པ།

Posted on 2012-12-312012-12-31 By ཁ་བརྡ་ 20 Comments on བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པ།

བོད་གཞུང་མང་ལ་བཀའ་དྲིན་ཆེ་བ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ནི། ཡབ་བྲག་གཡབ་མཛེས་ཆུ་ཚང་ཀུན་བཟང་ཚེ་བརྟན་དང་། ཡུམ་ཆབ་མདོ་ཡབ་ཚང་གི་སྲས་མོ་ཨ་ཡག་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༥ ལོར་ཆབ་མདོ་རི་ཐུང་དུ་སྐུ་འཁྲུངས་ཤིང་། གཞིས་བྱེས་སྤྱི་ཚོགས་གཉིས་ནང་སློབ་གཉེར་དང་ཕྱག་ལས་ཆེ་ཕྲ་གནང་མྱོང་མཁན་ཞིག་དང་། བོད་བསྟན་སྲིད་ཀྱི་གནས་བབ་ཤིན་ཏུ་ནས་གཉན་འཕྲང་ཆེ་བའི་སྐབས་སུ། ཕན་དགེའི་དྲངས་པའི་ཕྱག་ལས་ཆེ་ཕྲ་རིམ་ཅན་གནང་བའི་མཛད་རྗེས་ཅན་ཞིག་ཡིན།

དེ་ལས་མང་བ་། “བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པ།” »

གསར་འགྱུར།

ས་རིས་བྲིས་པ་ཡིན།

Posted on 2012-12-302012-12-30 By ཁ་བརྡ་ 14 Comments on ས་རིས་བྲིས་པ་ཡིན།

གཅན་བཟོད་རྒྱམ།

མེ་ཕུང་ཚག་ཚག་གིས་འབར་སྐབས
ངས་བྱེ་ཐང་ལ་ས་རིས་བྲིས་པ་ཡིན
ཆེས་གནའ་བོའི་ས་རིས་བྲིས་པ་ཡིན

དོ་དགོང་ང་བྱེ་ཐང་ཆེན་པོ་ཞིག་ན་ཡོད
ས་རིས་མཛུབ་མོས་འབྲི་སའི་བྱེ་ཐང་ན་ཡོད

དེ་ལས་མང་བ་། “ས་རིས་བྲིས་པ་ཡིན།” »

སྙན་ངག

ཉི་མའི་གྲོང་ཁྱེར་དེ་རུ་སྐྱེ་བར་ཤོག

Posted on 2012-12-302012-12-30 By ཁ་བརྡ་ No Comments on ཉི་མའི་གྲོང་ཁྱེར་དེ་རུ་སྐྱེ་བར་ཤོག

སྤྲུལ་སྐུ་དབང་ཆེན།

ལ་ལ་གཟུགས་གྲུབ་ལ་ལ་སྐྱེས་ཙམ་དང་།།
ལ་ལ་གཞོན་རྒུད་འཆི་བ་སྣ་ཚོགས་ཀྱང་།།
ལ་ལའི་མི་ཚེ་ལ་ལས་རྩེད་སྤྱད་ནས།།
མི་བཟད་གཙེས་ནས་སྲོག་དམར་བཅད་འདི་སྐྱོ།།

དེ་ལས་མང་བ་། “ཉི་མའི་གྲོང་ཁྱེར་དེ་རུ་སྐྱེ་བར་ཤོག” »

རྩོམ་རིག

བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་དྲུག་པ། ཨོ་རྒྱན་ཉི་མ།

Posted on 2012-12-302012-12-30 By ཁ་བརྡ་ 43 Comments on བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་དྲུག་པ། ཨོ་རྒྱན་ཉི་མ།

དེང་གི་དུས་ཚོད་འདིར་མཚོན་ན། ཕྱིར་སྡོད་བོད་མི་བསམ་བློ་བ་དང་། འགོ་གཙོ་ཚང་མས་བཙན་བྱོལ་བོད་མིའི་སེམས་ཁམས་དང་། དམིགས་ཡུལ། རྒྱ་གར་གཞུང་གི་གནས་སྟངས་སོགས་ལ་བསམ་གཞིག་མ་བྱས་རང་བྱེད་རེད། རྒྱ་གཞུང་གིས་བོད་ཀྱི་སྲོལ་རྒྱུན་དང་། དེང་རབས་ཀྱི་འཕེལ་རྒྱས་སྐོར་གྱི་ཚགས་པར་དང་། གློག་བརྙན། ལོ་རྒྱུས་འདྲ་མིན་ཤར་ནུབ་ཀུན་ཏུ་ཁྱབ་བསྒྲགས་བྱེད་བཞིན་པ་དང་། ད་དུང་བོད་ནས་ཆེད་ལས་པ། རིག་གཞུང་། སྐད་ཡིག ནང་བསྟན། ཚན་རིག་པ་སོགས་གདན་འདྲེན་གྱིས་རྒྱལ་སྤྱིའི་འཁོར་ཡུག་ཡོངས་སུ་ཁྱབ་པའི་ལས་འགུལ་དང་། བོད་བརྒྱུད་དང་། རྒྱ་ནག་གི་ནང་ཆོས་དར་སྤེལ་བྱ་བའི་ཐབས་ལམ་འདིང་ངེས་རེད།

དེ་ལས་མང་བ་། “བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་དྲུག་པ། ཨོ་རྒྱན་ཉི་མ།” »

དཔྱད་རྩོམ།

རང་ཉིད་ངོ་སྤྲོད་ཅིག་བྱས་ན། ཨ་རིག་དགེ་མཐོང་།

Posted on 2012-12-302012-12-30 By ཁ་བརྡ་ 29 Comments on རང་ཉིད་ངོ་སྤྲོད་ཅིག་བྱས་ན། ཨ་རིག་དགེ་མཐོང་།

ཉེ་སྔོན་ཁོ་བོ་ཕ་ཡུལ་དུ་བསྐྱོད་སྐབས་སྔོན་གྱི་རང་གི་འདྲ་པར་རྙིང་བ་ཞིག་ཨ་ཞང་དམ་པས་བདག་ཉར་གནང་སྟེ་རྗེས་སུ་ཨ་མར་སྤྲད་འདུག ཨ་མས་ནི་སྐུ་ལོ་ཆུང་ཆུང་ཞིག་གི་སྐུ་པར་བཞིན་མཆོད་མདུན་གྱི་སྐུ་འདྲ་དང་སྐུ་པར་ཚོའི་གཤམ་ན་བཞག་འདུག་པ་མཐོང་བས་བདག་ཏོག་ཙམ་མ་བདེ་བ་བྱུང་། ཞིབ་ཏུ་བསམ་ན་དེ་ཡང་མི་འོས་ཤིང་མི་འཚམ་པ་ཞིག་མ་ཡིན་པར་ཚོར།

དེ་ལས་མང་བ་། “རང་ཉིད་ངོ་སྤྲོད་ཅིག་བྱས་ན། ཨ་རིག་དགེ་མཐོང་།” »

སྣ་ཚོགས།

མཐུན་པ་སྤུན་བཞི།

Posted on 2012-12-292012-12-29 By ཁ་བརྡ་ 17 Comments on མཐུན་པ་སྤུན་བཞི།

སྒང་བུ་འཁྱམས་པོ།

མཐུན་པ་སྤུན་བཞི་ནི། བྱ་སྲེག་པ་དང་། རི་བོང་། སྤྲེལ། གླང་པོ་ཆེ་བཅས་བཞི་ཡིན། འདི་བཞིའི་མཚོན་དོན་ནི། ཆེ་བཀུར་ཆུང་བྱམས་དང་ཡ་རབས་གུས་བཀུར་གྱི་རྣམ་པའི་ལམ་ནས་ཞི་བདེའི་འཚོ་བ་མཚོན་པ་ཡིན། དེ་ཡང་སྔོན་ཡུལ་ཝཱ་རཱ་ཎ་སིའི་རྒྱལ་པོ་ཚངས་སྦྱིན་གྱི་དུས་སུ། བཅོམ་ལྡན་འདས་ཀྱིས་བྱ་སྲེག་པ་ཞིག་གི་སྐྱེ་བ་བཞེས་ཏེ་ནགས་ཚལ་ཆེན་པོ་ཀ་ཤི་ཞེས་པའི་མཐར་གནས་སོ།། དེར་སྤྲེའུ་ཞིག་དང་། རི་བོང་། གླང་པོ་ཆེ་ཞིག་བཅས་གནས་པ་ཐམས་ཅད་འཚེ་བ་མེད་པར་གཅིག་ལ་གཅིག་གིས་བྱམས་ཤིང་མཛའ་བརྩེ་ཟབ་པ།

དེ་ལས་མང་བ་། “མཐུན་པ་སྤུན་བཞི།” »

སྣ་ཚོགས།

མི་ཚེའི་སྐྱ་ཡ།

Posted on 2012-12-292012-12-29 By ཁ་བརྡ་ 1 Comment on མི་ཚེའི་སྐྱ་ཡ།

སོག་མདའ།

བརྩེ་དུང་དར་གྱི་མདུད་པ་མཉམ་གཅིག་ལ་སྒྲིལ་བའི།།
ན་མཉམ་ཁྱིམ་གཅིག་བཞུགས་པའི་ཚེ་གང་གི་སྐྱ་ཡ།།
སེམས་ཀྱི་ཟབ་གསལ་ངང་ནས་བརྩི་འཇོག་ཅིག་བྱས་ནས།།
ཐོད་རུས་མ་འཐོར་བར་དུ་བདེ་སྐྱིད་ངང་འཚོ་རོགས།།

དེ་ལས་མང་བ་། “མི་ཚེའི་སྐྱ་ཡ།” »

རྩོམ་རིག

སློང་མོ་བ་མ་བུ་གཉིས།

Posted on 2012-12-292012-12-29 By ཁ་བརྡ་ 9 Comments on སློང་མོ་བ་མ་བུ་གཉིས།

ནམ་མཁའ།

ཁ་སང་ཕྱི་དྲོ་ཆུ་ཚོད་༥ཡས་མས་ཙམ་ཞིག་ལ་ང་རང་ལས་ཀ་གྲོལ་ནས་ནང་ལ་འགྲོ་སྐབས། ལམ་ཁའི་གཡས་གཡོན་ཚང་མར་གློག་འོད་འདྲ་མིན་གྱིས་འོད་མདངས་ཁྲ་ཆིལ་ལེ་འདུག་པས་ཡིད་དབང་འཕྲོག་པ་ཞིག་རེད། ལུང་པ་འདིའི་མི་ཆ་ཚང་གི་གདོང་ན་འཛུམ་མདངས་ཀྱིས་ཁེངས་ཞོར། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཚོང་ཁང་དང་གཞུང་ལམ་སྟེང་འགྲོ་བཞིན་འདུག ལུང་པ་འདིའི་མི་ལ་མཚོན་ན་དེ་རིང་གི་མཚན་མོ་འདི་གལ་ཆེན་ཞིག་ཡིན།

དེ་ལས་མང་བ་། “སློང་མོ་བ་མ་བུ་གཉིས།” »

སྣ་ཚོགས།

འུར་སྒྲོག་པ་ཚོ་སྙིང་རེ་རྗེ། ལོག་སྨྲ་ཚར་གཅོད།

Posted on 2012-12-292012-12-29 By ཁ་བརྡ་ 41 Comments on འུར་སྒྲོག་པ་ཚོ་སྙིང་རེ་རྗེ། ལོག་སྨྲ་ཚར་གཅོད།
ལོ་ངོ་སྟོང་གི་ཡར་སྔོན་དེ་ན་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་སུ།།
རྣམ་དཔྱོད་མཁའ་ལ་གློག་ལྟར་འཁྱུག་པའི་ཕྱོགས་གླང་ཆོས་ཀྱི་གྲགས་པ་ཡིས།།
ཚད་མའི་གནད་ལ་རྟོག་གེ་བ་ཡི་མ་རྟོགས་་ལོག་རྟོག་ཐེ་ཚོམ་སོགས།།
རིགས་ལམ་སྟོང་གིས་ཚིག་དོན་བརྒྱད་ཀྱིས་ཚར་བཅད་ནང་བསྟན་སྤེལ་ཡོད་ཟེར།།
རྩོད་པའི་ལམ་ནས་རྒྱལ་ཕམ་དེ་ཡིས་དངོས་པོའི་གནས་ལུགས་རྙེད་སྲིད་དམ།།
ཀྱེ་མའོ་ང་ཚོའི་འུར་སྒྲོག་དེ་ལ་དངོས་ཁམས་རིག་པས་སྙིང་རེ་རྗེ།།

དེ་ལས་མང་བ་། “འུར་སྒྲོག་པ་ཚོ་སྙིང་རེ་རྗེ། ལོག་སྨྲ་ཚར་གཅོད།” »

རྩོམ་རིག

Posts pagination

Previous 1 … 225 226 227 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme