Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད།

Posted on 2013-01-122013-01-12 By ཁ་བརྡ་ 3 Comments on རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་ཞུ་གཏུགས་ལས་འགུལ་བ་རྣམས་ཨོ་དར་པར་རྡེ་ཞི་མངའ་སྡེ་ཡི་རྒྱལ་ས་ལག་ནོར་འབྱོར་ཏེ་མངའ་སྡེ་བློན་ཆེན་གཞོན་པ་མཆོག་གི་གཙོ་བོས་དཔོན་རིགས་ཁག་ལ་མཇལ་འཕྲལ་གྱིས་བོད་ནང་གི་ཛ་དྲག་གི་གནས་བབ་ཞུ་གཏུགས་བྱས་ཡོད་པ་དང་། ཕྱི་ཚེས་༡༣ ཉིན་ས་མ་ཇར་བ་རྡེ་མངའ་སྡེ་གཞུང་འཛིན་ཚོགས་པའི་འབྲེལ་ཡོད་ཤེས་ཡོན་པ་དང་།

དེ་ལས་མང་བ་། “རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད།” »

གསར་འགྱུར།

༸གོང་ས་མཆོག་ཝཱར་ཎའི་བོད་དགོན་དུ་ཕེབས་སྐོར།

Posted on 2013-01-122013-01-12 By ཁ་བརྡ་ 19 Comments on ༸གོང་ས་མཆོག་ཝཱར་ཎའི་བོད་དགོན་དུ་ཕེབས་སྐོར།

གནས་ཚུལ་མཁོ་གཏོང་བ། ཨ་རིག་དགེ་མཐོང་།

ཁ་སང་༢༠༡༣་ལོའི་ཕྱི་ཟླ་༡་པོའི་ཚེས་༡༡་ཉིན་༸གོང་ས་མཆོག་ཝཱར་ཎའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཝཱར་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱི་འདུ་ཁང་དབུ་འབྱེད་གནང་བ་དང་། དེ་ཡང་དགོན་པ་འདི་ཉིད་ཡོངས་གྲགས་ལ་༼རྒན་མགོ་སེར་༽རམ་མཚན་གཞན་དུ་དགེ་སློང་ཐུབ་བསྟན་འབྱུང་གནས་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱིས་༡༩་༥༥་ལོར་ཕྱག་བཏབས་ཤིང་།

དེ་ལས་མང་བ་། “༸གོང་ས་མཆོག་ཝཱར་ཎའི་བོད་དགོན་དུ་ཕེབས་སྐོར།” »

གསར་འགྱུར།

ཕྱིར་དྲན་ཁྲོད་ཀྱི་ཕ་ཡུལ།

Posted on 2013-01-12 By ཁ་བརྡ་ No Comments on ཕྱིར་དྲན་ཁྲོད་ཀྱི་ཕ་ཡུལ།

རེབ་ཐོག་མདའ།

 

ཇོ་མོ་བླ་རིའི་མགོ་འཕང་དགྱེ་ནས་ཡོད་དམ།།

རྨ་འབྲི་རྫ་གསུམ་ཤུགས་ཀྱིས་བཞུར་གི་ཡོད་དམ།།

མདོ་དབུས་ཁམས་ཕུ་ནུ་བདེ་མོ་ཡིན་ནམ།།

མ་བརྗེད་གྲོགས་ཀྱིས་ལན་གཅིག་བསྐྱེལ་རྒྱུ་བྱུང་ན།།

དེ་ལས་མང་བ་། “ཕྱིར་དྲན་ཁྲོད་ཀྱི་ཕ་ཡུལ།” »

སྙན་ངག

ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐོར་ཁ་གསབ་བྱས་ཡོད།

Posted on 2013-01-122013-01-13 By ཁ་བརྡ་ 33 Comments on ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐོར་ཁ་གསབ་བྱས་ཡོད།

ད་ལྟ་རང་པེ་ཅིན་དུ་གནས་བཞུགས་ཚེ་རིང་འོད་ཟེར་ལགས་ཀྱིས་གདོང་དེབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡༢ ཉིན་མདོ་སྨད་ཀན་སུའུ་བསང་ཆུ་རྫོང་ཨ་མཆོག་ནས་ཡིན་པ་ཚེ་བྷེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་འདུག ཁོ་རང་ལོ་༢༢ ཡིན་འདུག  འབར་བཞིན་པ་འདི་ནི་ཁོང་གིས་མེར་བསྲེགས་གཏོང་བཞིན་པའི་སྐབས་ཀྱི་པར་རིས་དང་།  འོག་གི་རྟ་འཁྲིད་ནས་ཡོད་པ་འདི་ནི་ཁོང་གིས་མེར་མ་བསྲེགས་པའི་སྐབས་ཀྱི་པར་ཞིག་རེད།

དེ་ལས་མང་བ་། “ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐོར་ཁ་གསབ་བྱས་ཡོད།” »

གསར་འགྱུར།

རྐང་པ་སྤོ་སྟངས་ཤིག མི་ཉག་དུང་བརྡ།

Posted on 2013-01-12 By ཁ་བརྡ་ No Comments on རྐང་པ་སྤོ་སྟངས་ཤིག མི་ཉག་དུང་བརྡ།

ལྷོ་བརྒྱུད་ཀྱི་བཞུད་ལམ་ན

ངའི་རྐང་པའི་སྟངས་སྟབས་ཀྱི་སྐད་སྒྲ་ཆུང་ཆུང་དེ
ངའི་སེམས་ངོགས་ཀྱི་ཚོར་འདུ་ཕྲ་མོ་དེ
ཧིན་རྡུ་རྒྱ་མཚོའི་ཞོགས་གཡོན་དུ
ག་ལེར་འགུལ་ཞིང་་་་་་་་་དལ་གྱིས་སྙེག
 

དེ་ལས་མང་བ་། “རྐང་པ་སྤོ་སྟངས་ཤིག མི་ཉག་དུང་བརྡ།” »

རྩོམ་རིག

བུ་མོར་བསྟོད་པ། སྐྱོ་བྲག་དགའ་དབང་།

Posted on 2013-01-12 By ཁ་བརྡ་ 15 Comments on བུ་མོར་བསྟོད་པ། སྐྱོ་བྲག་དགའ་དབང་།
མཛེས་པའི་འཛུམ་མདངས་ཐིག་ལེ་མཆོག་མའི་སྤུན།
།སྙན་པའི་འགྱུར་ཁུག་དྲི་ཟའི་བུ་མོའི་གླུ།
།དཔྱོད་པའི་ཤེས་རབ་ཚངས་པའི་སྲས་མོའི་ཟླ།
།ཡངས་པའི་ཁྱོན་འདི་མཛངས་མའི་ཞིང་ཁམས་ཉིད།

དེ་ལས་མང་བ་། “བུ་མོར་བསྟོད་པ། སྐྱོ་བྲག་དགའ་དབང་།” »

རྩོམ་རིག

མངའ་སྡེ་ལག་ནོར་ནང་ཞུ་གཏུགས་ལས་འགུལ་སྤེལ་འདུག

Posted on 2013-01-12 By ཁ་བརྡ་ 1 Comment on མངའ་སྡེ་ལག་ནོར་ནང་ཞུ་གཏུགས་ལས་འགུལ་སྤེལ་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བས་སྡེ་ར་རྡུན་མངའ་སྡེ་རུ་ཞུ་གཏུགས་ལས་འགུལ་གྲུབ་རྗེས་ལག་ནོ་མངའ་སྡེ་རྒྱལ་སར་འབྱོར་ཏེ་གཞུང་འཛིན་དཔོན་རིགས་ཁག་དང་། མངའ་སྡེ་གྲོས་ཚོགས་འཐུས་མི་ཁག དེ་བཞིན་གནད་ཡོད་དཔོན་རིགས་ཁག་ལ་མཇལ་འཕྲལ་བྱེད་བཞིན་པ་དང་། ས་གནས་སུལ་འཚོང་བོད་པ་མི་མང་གིས་ངོ་རྒོལ་ཁྲོམ་བསྐོར་དང་གསལ་འགོད་གསལ་བསྒྲགས་སོགས་གནང་ཡོད་འདུག

དེ་ལས་མང་བ་། “མངའ་སྡེ་ལག་ནོར་ནང་ཞུ་གཏུགས་ལས་འགུལ་སྤེལ་འདུག” »

གསར་འགྱུར།

མིག་ཆུ། བློ་བཟང་ཡེ་ཤེས།

Posted on 2013-01-11 By ཁ་བརྡ་ 2 Comments on མིག་ཆུ། བློ་བཟང་ཡེ་ཤེས།

ཕྱི་ལོ་ ༢༠༡༣   ཟླ་ ༡ ཚེས་ ༩ ཉིན་གྱི་མགྱོགས་བྲིས།

 

ཕྱི་ལོ་ ༢༠༡༣   ཟླ་ ༡ ཚེས་ ༩ ཉིན་གྱི་ཕྱི་དྲོར།    སྙིང་རླུང་ཆེན་པོ་ཞིག་གིས་བཏེགས་ཏེ།   དྲན་གདུང་གི་ཚོར་བ་གཅིག་རྗེས་གཉིས་མཐུད་དུ་རི་གཟར་གྱི་རྦབ་རྡོ་ལྟར་འགྲིལ་བྱུང་བས།   ཁང་སྒོ་གཏན་རྒྱུ་ཡང་གཏིང་བརྗེད་དུ་གྱུར་ཏེ།   ལམ་སང་རླངས་འཁོར་བསྐོར་ནས་ཐད་ཀར་མཛེས་སྡུག་ལྡན་པའི་སྤྱི་གླིང་ཆུང་ཆུང་དེར་བཞུད།   མཚོ་འགྲམ་གྱི་རྐུབ་སྟེགས་རིང་པོ་དེའི་ཐོག་བསྡད་ནས་བསམ་གཞིགས་ཀྱི་གྲོང་ཁྱེར་ཉུལ་མགོ་བརྩམས།  

དེ་ལས་མང་བ་། “མིག་ཆུ། བློ་བཟང་ཡེ་ཤེས།” »

རྩོམ་རིག

སེམས་ཉམས་སུ་ལེན་པ།

Posted on 2013-01-112013-01-11 By ཁ་བརྡ་ 6 Comments on སེམས་ཉམས་སུ་ལེན་པ།

རས་པ།

ཅི་ཡང་མི་དྲན་པའི་དུས་སུ
ད་གཟོད འཇིག་རྟེན་གྱི་གསང་བ་ཞིག
རང་དང་ཉེ་བར་བཅར་གྱིན་པ་རྟོགས
ཁྱོད་ཀྱིས་ཤེས་སམ
འདིའི་རྗེས་ནས
ང་ཚོ་སུ་ཡང་ཧ་ཅང་བྲེལ་འཚུབ་ཆེ་ལ
སེམས་ངལ་གྱི་ནང་དུ་ལྷུང་ངེས

དེ་ལས་མང་བ་། “སེམས་ཉམས་སུ་ལེན་པ།” »

སྙན་ངག

ཟེར་རམ་ཅི།།

Posted on 2013-01-112013-01-11 By ཁ་བརྡ་ 12 Comments on ཟེར་རམ་ཅི།།

སྣང་ཤེས་དགེ།

སངས་རྒྱས་མི་གཉན་སྐྱེས་དམན་གཉན་པ་ཡི།།

ཆོས་ཚུལ་མི་སློབ་འཕྱན་ཚུལ་སློབ་པ་ཚོ།།

བྱང་སེམས་མི་སྦྱོང་གཡུལ་ཐབས་སློབ་པ་ལ།།

བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེར་རམ་ཅི།།

དེ་ལས་མང་བ་། “ཟེར་རམ་ཅི།།” »

སྙན་ངག

ཆང་གི་གཏམ་རྒྱུད།

Posted on 2013-01-112013-01-11 By ཁ་བརྡ་ 4 Comments on ཆང་གི་གཏམ་རྒྱུད།

རེབ་ཐོག་མདའ།

ཨ་རག་ཞིམ་པོ་དེ་ཁ་ལ་མཆོད་བཞིན།།

ཨ་མའི་ཕོ་རྒོད་ཚོ་སྣང་བ་སྐྱིད་ཀྱང་།།

ཨ་ལ་ནམ་དཀྱིལ་གྱི་སྐད་ཅོར་ཚ་བོས།།

ཨ་མདོ་བུ་ཆུང་ངའི་རྨི་ལམ་དཀྲོག་སོང་།།

དེ་ལས་མང་བ་། “ཆང་གི་གཏམ་རྒྱུད།” »

སྙན་ངག

སེམས་ཀྱི་ཞི་བདེ། བསྟན་འཛིན་ཉིན་བྱེད།

Posted on 2013-01-10 By ཁ་བརྡ་ No Comments on སེམས་ཀྱི་ཞི་བདེ། བསྟན་འཛིན་ཉིན་བྱེད།

གངས་རིའི་བསིལ་རླུང་དང་། ཉི་འོད་ཀྱི་དྲོ་གསེབ་འོག
ལིཡོ་ཏོལ་སོ་ཏི་ཡའི་ཕྱགས་དཔེ་ཞིག་ཀློག་གིན་པའི་ཚེ།
བདག་གི་རྣ་བའིའབུ་གར་སྔར་དང་མི་འདྲ་བར།
ལྗོན་ཤིང་གི་འདབ་མ་སྟུག་པོའི་ཁྲོད་ནས།

དེ་ལས་མང་བ་། “སེམས་ཀྱི་ཞི་བདེ། བསྟན་འཛིན་ཉིན་བྱེད།” »

སྙན་ངག

དཔའ་བོ་ཕྱིར་ལ་སླེབས་འདུག སོག་མདའ།

Posted on 2013-01-102013-01-10 By ཁ་བརྡ་ 1 Comment on དཔའ་བོ་ཕྱིར་ལ་སླེབས་འདུག སོག་མདའ།

ཁ་བྱང་གནང་མཁན་རྒན་ཆབ་བྲག་ལྷ་མོ་སྐྱབས།

རྩེ་་གཞུང་རིང་མོའི་རླབས་རྒྱུན་ཁྲོད་ནས་ཁྱེད་ཀྱི་བྱིས་དུས་རྨི་ལམ་བཞད།།
རྒྱུད་མངས་པི་ཝང་རྒྱུད་དྲུག་ཁྲོད་ནས་ཁྱེད་ཀྱི་ལང་ཚོ་རིམ་གྱིས་དར།།
དབྱངས་རྟ་སྟོང་གི་འགྱུར་ཁུགས་རེ་རེས་མི་ཚོགས་སེམས་པ་སྐྱིད་ལ་བསྐུར།།
ཕ་ས་སྣུམ་པོའི་སྤང་གཞོངས་འདི་ན་ཁྱེད་ནི་དབྱར་སྐྱེས་རྔ་སྒྲ་བཞིན།།

དེ་ལས་མང་བ་། “དཔའ་བོ་ཕྱིར་ལ་སླེབས་འདུག སོག་མདའ།” »

སྙན་ངག

ཞབས་བརྟན་གསོལ་འདེབས་རིན་ཆེན་སྒྲོན་མེ།

Posted on 2013-01-10 By ཁ་བརྡ་ 12 Comments on ཞབས་བརྟན་གསོལ་འདེབས་རིན་ཆེན་སྒྲོན་མེ།
༄༅། །ས་སྐྱ་༧གོང་མ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་
དཔལ་བཟང་པོ་མཆོག་ལ་ཞབས་བརྟན་གསོལ་འདེབས་
རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨེ་མ་ཧོ།
ཀ་དག་རྒྱལ་བའི་དགོངས་པ་དེ་ཉིད་གཟིགས། །
ཁ་སྦྱོར་ཡན་ལག་བདུན་ལ་དབང་འབྱོར་བའི། །
ག་བུར་སྨན་མཆོག་ཇི་བཞིན་དགེ་བའི་བཤེས། །
ང་རྒྱལ་རྣམ་དག་ས་སྐྱ་༧གོང་མ་རྒྱལ། །

དེ་ལས་མང་བ་། “ཞབས་བརྟན་གསོལ་འདེབས་རིན་ཆེན་སྒྲོན་མེ།” »

རྩོམ་རིག

མི་དགའ་གི

Posted on 2013-01-102013-01-10 By ཁ་བརྡ་ 7 Comments on མི་དགའ་གི

གནམ་བུ་ཡོན་ཏན།

ང་ལ་རྒྱུ་འབྱོར་མེད་པས་ཡིན་ན་ཐང་།།
རྒྱུ་ངོམས་ཆེ་ན་ཁྱོན་ནས་མི་དགའ་གི།
ང་རང་ཉམས་ཆུང་ཡིན་པས་ཡིན་ན་ཐང་།།
རྫིག་མདོག་བྱས་ན་ཁྱོན་ནས་མི་དགའ་གི།

དེ་ལས་མང་བ་། “མི་དགའ་གི” »

སྙན་ངག

གང་བྱུང་ལ་དགའ་བ་སྒོམ་པའི་མན་ངག་གི་སྙིང་པོ། རྒྱལ་སྲས་ཐོགས་མེད་བཟང་པོ།

Posted on 2013-01-10 By ཁ་བརྡ་ 1 Comment on གང་བྱུང་ལ་དགའ་བ་སྒོམ་པའི་མན་ངག་གི་སྙིང་པོ། རྒྱལ་སྲས་ཐོགས་མེད་བཟང་པོ།

༄༅། །བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི། །

ན་ན་ན་སྟེ་ན་བས་དགའ། །
སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །
ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། །
སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན། །

དེ་ལས་མང་བ་། “གང་བྱུང་ལ་དགའ་བ་སྒོམ་པའི་མན་ངག་གི་སྙིང་པོ། རྒྱལ་སྲས་ཐོགས་མེད་བཟང་པོ།” »

རྩོམ་རིག

རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།

Posted on 2013-01-102013-01-10 By ཁ་བརྡ་ 2 Comments on རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།

བུ་མོ་སྙིང་རྗེ་མོ་ཞིག་རྐུབ་སྟེགས་ཞིག་གི་སྒང་བསྡད་ཐོག་ནག་ཅིང་གསལ་བའི་མིག་གཉིས་ཀྱི་མཚོ་ཆུང་དེར་ལྟ་ནས་འདུག །ང་ཡང་ཕར་ཙམ་ཀྱི་རྐུབ་སྟེགས་ཞིག་གི་ཐོག་དེབ་ཀློག་ནས་བསྡད་ཡོད། དྲང་པོ་བཤད་ན་ང་དེབ་ཀློག་གི་མེད། ངའི་སེམས་པ་ཁོ་མོ་ཕྱོགས་སུ་ཤོར་འཚར་བ་འདྲ། ཁོ་མོའི་དཀར་མདངས་ཆགས་པའི་ཞལ་རལ་དང་སྣ་གཞུང་བཟང་པོ་ཞིག་འདུག །དེ་ཏོག་ཙམ་ཡར་བཀྱགས་ནས་འོ་དྲིའི་དྲི་ངད་ལྡང་བའི་མཁའ་རླུང་ཞིག་བརྔུབས།

དེ་ལས་མང་བ་། “རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།” »

བརྩམས་སྒྲུང་།

༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།

Posted on 2013-01-102013-01-10 By ཁ་བརྡ་ 22 Comments on ༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།

ཀ་དག་ཀུན་བཟང་དགོངས་པ་ཟང་ཐལ་གདོད་མའི་མགོན་པོ་མི་ཡི་གཟུགས།།
ཁ་དོག་ཡེ་བྲལ་མཚན་མའི་མ་དམིགས་ལྷུན་གྲུབ་བདེ་བ་ཆེན་པོའི་མདངས།།
ག་ན་སྦྱོར་བའི་ཚོགས་རྗེའི་ཚོགས་བདག་འཇིགས་བྲལ་སེང་གེའི་ཟུར་ཕུད་ཅན།།
ང་ཅག་སྟོན་པ་མཚུངས་མེད་དཔལ་ལྡན་བདག་ཆེན་ལྷུན་པོ་རྒྱལ་གྱུར་ཅིག །

ཅ་ཅོའི་ངག་ཚིགས་དབྱིངས་སུ་དག་པ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད།།
ཇ་ཆང་ལོངས་སྤྱོད་འདོད་ཡོན་ལམ་ཁྱེར་ཐ་མལ་སྣང་བ་རིང་ནས་འགོག །

དེ་ལས་མང་བ་། “༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།” »

རྩོམ་རིག

རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།

Posted on 2013-01-102013-01-10 By ཁ་བརྡ་ 14 Comments on རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།

ནམ་མཁའ།

རྒྱུན་དུ་གཟའ་སྤེན་པའི་ཞོགས་ཟས་རོལ་རྗེས། རང་གིས་ཀློག་འདོད་ཡོད་པའི་དེབ་ཞིག་ཁྱེར་ཏེ་ཇ་ཁང་ཞིག་གི་ནང་དུ་ཁཱ་ཕཱེ་འཐུང་གི་འགྲོ་གི་ཡོད། འདི་ནི་ངའི་གོམས་གཤིས་ལྟ་བུ་ཞིག་གྱུར་འདུག་པ་མ་ཟད། ང་རང་ལ་མཚོན་ན་གཟའ་མཇུག་གི་ངལ་གསོ་ལྟ་བུ་ཞིག་ཀྱང་རེད། དེ་རིང་ཡང་ངས་དེབ་ཞིག་ཁྱེར་ནས་ཇ་ཁང་ཞིག་ཏུ་འགྲོ་འདོད་ཤིན་ཏུ་བྱུང་མོད། ཡིན་ཡང་གནམ་གཤིས་འདི་ནི་ཁ་སང་དེ་རིང་གི་བོད་མི་རྣམས་ཀྱི་སེམས་ཁོང་དུ་བཞུར་བཞིན་པའི་མིག་ཆུ་བཞིན་ཆར་ཤུགས་ཆེན་པོ་ཞིག་འབབ་ཀྱི་འདུག

དེ་ལས་མང་བ་། “རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།” »

སྣ་ཚོགས།

གྱེས་བྲལ་ཐེངས་གཉིས་པ།

Posted on 2013-01-102013-01-10 By ཁ་བརྡ་ 3 Comments on གྱེས་བྲལ་ཐེངས་གཉིས་པ།

འཁྱམས་པོ།

མི་ལོ་བཅུ་གསུམ་གྱི་རྗེས་ནས།
ངས་རང་ཉིད་ཆེས་དགའ་བའི་སྔོ་ལྗང་གི་རྩ་ཐང་དང་།
ཕྲ་ཚོམ་མེ་ཏོག་གི་གསེབ་ན་བག་ཡངས་སུ་རྒྱུ་བའི་རྟ་ནོར་ལུག་གསུམ།
མངར་ཞིང་ཞིམ་པ་ཨ་མའི་བྱམས་བརྩེས་བཏགས་པའི་སྤྲང་དཀར་རྩམ་པ།
དཀར་ཞིང་གཙང་བ་ཁུ་ནུས་སེམས་ཀྱིས་དྲངས་པའི་འོ་ཇ་མངར་མོ།
ཡོད་ཚད་རྒྱབ་དུ་བཞག་ནས་རྨི་ལམ་ལྟ་བུའི་ལོ་ཟླ་དུ་མའི་དྲན་ཤིང་ལ།
མིག་ཆུ་རུམ་གང་གི་རྫོངས་པ་ཁུར་དེ།

དེ་ལས་མང་བ་། “གྱེས་བྲལ་ཐེངས་གཉིས་པ།” »

སྙན་ངག

Posts pagination

Previous 1 … 222 223 224 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme