Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་འདུན་ཆོས་འཕེལ་ལ་སྙིང་སྟོབས་མེད།

Posted on 2013-06-032013-06-03 By ཁ་བརྡ་ 29 Comments on དགེ་འདུན་ཆོས་འཕེལ་ལ་སྙིང་སྟོབས་མེད།

བོད་ལ་ཞེན།

དེང་སང་རྩོམ་ཡག་པོ་ཞིག་འབྲི་ཤེས་མིན་ལ་མ་ལྟོས་པ། སྙན་ངག་སྙན་མོ་ཞིག་རྩོམ་ཤེས་མིན་ལ་མ་ལྟོས་པར་སྨྱུག་གུ་གཡུག་མི་ཕལ་ཆེ་བ་ཞིག་གིས་དགེ་འདུན་ཆོས་འཕེལ་ནི་ཅི་འདྲའི་མཁས་པ་ཞིག་དང་། དེ་འདྲའི་རྣམ་དཔྱོད་ཅན། ཧང་སངས་དགོས་པའི་ལྷག་བསམ་ཅན། ཧོན་ཐོར་དགོས་པའི་གསར་བརྗེ་ཅན། ཀུན་དང་མི་འདྲ་བའི་བློ་སྟོབས་ཅན་ཞིག་ཡིན་པ་བརྗོད་ཀྱི་ཡོད། འོན་ཀྱང་ལེགས་པར་བརྟགས་ཚེ་དེ་ནང་བདེན་རྫུན་སྣ་ཚོགས་པ་ཞིག་ཡོད།

དེ་ལས་མང་བ་། “དགེ་འདུན་ཆོས་འཕེལ་ལ་སྙིང་སྟོབས་མེད།” »

སྣ་ཚོགས།

ཁོར་ཡུག་སྲུང་སྐྱོབ།

Posted on 2013-06-032013-06-03 By ཁ་བརྡ་ No Comments on ཁོར་ཡུག་སྲུང་སྐྱོབ།

མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ། གཞས་པ། རྟ་མགྲིན།

གླུ་གཞས།

ན་གཞོན་རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་ལགས་ལ་དབྱི་ཐ་ལའི་གཟེངས་རྟགས་ཕུལ་འདུག

Posted on 2013-06-032013-06-03 By ཁ་བརྡ་ 3 Comments on ན་གཞོན་རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་ལགས་ལ་དབྱི་ཐ་ལའི་གཟེངས་རྟགས་ཕུལ་འདུག

མཁོ་གཏོང་བ། འཇིགས་མེད་ཚེ་རིང་།

ན་གཞོན་རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་གཅིག་ཉིན་དབྱི་ཐ་ལི་ཨོ་སི་དཱ་ན་སྲིད་གཞུང་གིས་གཙོ་སྒྲུབ་གནང་བཞིན་པའི་སྐབས་ལྔ་བའི་ཡུམ་སྐད་རྩོམ་རིག་དུས་ཆེད་དུ་མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་གནང་འདུག་ལ། འདུ་འཛོམས་དེར་རྒྱལ་ཁབ་འདྲ་མིན་གྱི་རྩོམ་པ་པོ་དང་། རྩོམ་སྒྲིག་པ། གློག་བརྙན་པ།

དེ་ལས་མང་བ་། “ན་གཞོན་རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་ལགས་ལ་དབྱི་ཐ་ལའི་གཟེངས་རྟགས་ཕུལ་འདུག” »

གསར་འགྱུར།

༼བཙན་པོའི་སྙིང་སྟོབས་༽ལས། ཆོས་བརྒྱུད་བླ་ཆེན་དང་པེ་ཅིན་སྲིད་གཞུང༌།

Posted on 2013-06-022013-06-02 By ཁ་བརྡ་ 5 Comments on ༼བཙན་པོའི་སྙིང་སྟོབས་༽ལས། ཆོས་བརྒྱུད་བླ་ཆེན་དང་པེ་ཅིན་སྲིད་གཞུང༌།

རྩོམ་པ་པོ། མགར་རྩེ་འཇིགས་མེད།

༄༅།། ཆོས་བརྒྱུད་བླ་ཆེན་དང་པེ་ཅིན་སྲིད་གཞུང༌།
བོན་པོ། ས་སྐྱ། བཀའ་བརྒྱུད། རྙིང་མ་སོགས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་མང་ཆེ་བ་ད་ལྟ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བཞུགས་ཡོད། དེ་ལ་པེ་ཅིན་སྲིད་གཞུང་ནས་ཁོང་རྣམ་པ་གདན་འདྲེན་ཞུ་བ་དང༌། ཡང་ན་ཁོང་རྣམ་པས་རང་གི་གདན་ས་རང་རང་གི་དད་ལྡན་མི་དམངས་བློས་བཏང་ནས་ས་མཐའི་གྲོང་དུ་སྐུ་ངལ་གང་མང་ཁྱད་དུ་བསད་དེ་བཞུགས་དགོས་པར་བསམ་བློ་དང་གྲོས་མོལ་གང་ཡང་མི་བྱེད་པ་མ་ཟད།

དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། ཆོས་བརྒྱུད་བླ་ཆེན་དང་པེ་ཅིན་སྲིད་གཞུང༌།” »

རྩོམ་རིག

བོད་དོན་ཆབ་སྲིད་སྐོར་ལ་རྩོམ་ཡིག་གི་ལམ་ནས་འབྲེལ་མཚམས་བཅད་པ་ཡིན།

Posted on 2013-06-012013-06-01 By ཁ་བརྡ་ 42 Comments on བོད་དོན་ཆབ་སྲིད་སྐོར་ལ་རྩོམ་ཡིག་གི་ལམ་ནས་འབྲེལ་མཚམས་བཅད་པ་ཡིན།

སྤྲུལ་སྐུ་དབང་ཆེན།

བདག་ལ་མཚོན་ན་བོད་གངས་ཅན་གྱི་ལྗོངས་སུ་སྐྱེས་ཤིང་བོད་གངས་ཅན་པ་ལ་ཧ་ཅང་དུང་སེམས་ཆེ་བ་དང་། བོད་གངས་ཅན་གྱི་ཡུལ་ནས་འཚར་ལོངས་བྱུང་བའི་བོད་མི་རྣལ་མ་ཞིག་ཡིན་པས་ཆ་ནས་དང་། ལྷག་པར་དུ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས། ཆོད་སེམས་བརྟན་པོའི་ངང་སྐུ་ལུས་མེར་སྲེག་གྱིས་ལས་འགུལ་སྤེལ་བ་ནས་བཟུང་། སོ་སོའི་ལུས་ཀྱི་ཐོག་ཏུ་དངོས་སུ་མྱོང་མེད་ནའང་སེམས་ཀྱི་གཏིང་ནས་སྐད་ཅིག་ཙམ་ལའང་བཟོད་སྒོམ་མི་ཐུབ་པའི་གནས་སྟངས་དེའི་འོག་ནས།

དེ་ལས་མང་བ་། “བོད་དོན་ཆབ་སྲིད་སྐོར་ལ་རྩོམ་ཡིག་གི་ལམ་ནས་འབྲེལ་མཚམས་བཅད་པ་ཡིན།” »

སྣ་ཚོགས།

སེམས་ཚོར་༼Emotion༽གྱི་སྐོར་ལ་སེམས་ཚོར་བཤད་པ།

Posted on 2013-06-012013-06-01 By ཁ་བརྡ་ 55 Comments on སེམས་ཚོར་༼Emotion༽གྱི་སྐོར་ལ་སེམས་ཚོར་བཤད་པ།

འཇིགས་མེད་བློ་གྲོས།

“ནང་པའི་ཆོས་འདི་སེམས་ཁམས་རིག་པའི་ངོ་བོའི་ཐོག་ནས་ནུབ་ཕྱོགས་སུ་དར་བར་འགྱུར།”
ཆོས་རྒྱམ་དྲུང་པ།

ཀུན་རྟོག་རྒྱ་མཚོ་འཁྱོམ་པའི་རླབས་ཕྲེང་ལས།།
འཐོར་བའི་དྭངས་གཙང་སེམས་ཀྱི་ཟེགས་མ་གང་།།
མ་ནོར་གསལ་བར་མཚོན་པའི་སྐད་ཀྱི་བརྡ།།
ཚད་ལྡན་མཁས་པའི་ཁུངས་བཅས་བཤད་པར་བྱ།།
Emotion ཞེས་པའི་ཐ་སྙད་འདི། ལ་ཌེན་གྱི་Emovere ཞེས་པའི་ཐ་སྙད་ནས་བྱུང་བར་བཤད།

དེ་ལས་མང་བ་། “སེམས་ཚོར་༼Emotion༽གྱི་སྐོར་ལ་སེམས་ཚོར་བཤད་པ།” »

དཔྱད་རྩོམ།

མལ་སའི་ནང་གི་སེམས་པ།

Posted on 2013-06-012013-06-01 By ཁ་བརྡ་ No Comments on མལ་སའི་ནང་གི་སེམས་པ།

བསོད་ནམས་ནོར་བུ།

གུང་སེང་ཡིན་སྙམ་ལྷོད་ལ་ཕབ་ནས།།
གོག་པོའི་ལུས་འདི་མལ་དུ་འཕངས་ཏེ།།
ཚ་པོའི་ཇ་ཞིག་ཁ་ལ་བཏུང་ཡང་།།
སེམས་པའི་གཏིང་ལ་དྲོད་ཅིག་མི་འདུག།

དེ་ལས་མང་བ་། “མལ་སའི་ནང་གི་སེམས་པ།” »

སྙན་ངག

གཞོན་ནུ་དོན་འགྲུབ།

Posted on 2013-05-312013-05-31 By ཁ་བརྡ་ 5 Comments on གཞོན་ནུ་དོན་འགྲུབ།

ཟླ་བ་གཞོན་ནུས་དབྱིན་ཡིག་ལས་བོད་སྒྱུར་བྱས།

རྩོམ་པ་པོ། ཧེར་མན་ཧེ་སེ།(༡༨༧༧ — ༡༩༦༢)

བྲམ་ཟེའི་བུ།
ཁང་བའི་གྲིབ་མའི་འོག་དང་། ཉི་འོད་ཀློང་གི་གཙང་འགྲམ་གྱི་གྲུ་ཆུང་དག་གི་འགྲམ། ད་དུང་ལྕང་མ་དང་སེ་སྡོང་གི་གྲིབ་བསིལ་འོག་ཏུ། གཞོན་ནུ་དོན་འགྲུབ་སྟེ། བྲམ་ཟེའི་བུ་རྫིག་པོ་འདི་ཁོང་གི་གྲོགས་པོ་གོབིནྡཱ་དང་ལྷན་དུ་ནར་སོན་ཞིང་། ཉི་མས་ཁོང་གིས་ཆུ་མོར་གཙང་ཁྲུས་བྱེད་དུས་དང་། མེ་ཏོག་སྤུངས་པའི་མདུན་སར་མཆོད་འབུལ་བྱེད་དུས་ཅུང་སྐམ་པའི་ཕྲག་ཟུང་ཡང་ནག་པོར་བསྒྱུར་འདུག

དེ་ལས་མང་བ་། “གཞོན་ནུ་དོན་འགྲུབ།” »

འགྱུར་རྩོམ།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གལ་ཆེའི་གསལ་བརྡ་ཚིག་གསུམ།

Posted on 2013-05-312013-06-01 By ཁ་བརྡ་ 13 Comments on པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གལ་ཆེའི་གསལ་བརྡ་ཚིག་གསུམ།

མཁོ་སྤྲོད་པ། ཆོས་འབྱོར།

༡༽ ང་ཚོའ་དྲ་བ་གསར་བ www.tibetan.org ལེགས་གྲུབ་བྱུང་བས། འཛམ་གླིང་གི་གྲུ་ཟུར་སོ་སོར་འཁྱམས་པའི་མཛའ་མཐུན་བོད་ཡིག་ཀློག་པ་པོ་ཚང་མས་སྐབས་རེར་ངལ་གསོའི་བར་གསེང་ཞིག་གི་ཚུལ་དུ་དྲ་བ་འདིར་སྐོར་རེ་རྒྱག་རོགས་ཞུ།
༢༽ ད་ལོའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་འཚོགས་ལ་ཉེ་བས་ཚོགས་དངུལ་རྩིས་འབུལ་ཞུ་དགོས་ན། ཚོགས་མི་རྣམ་པས་༢༠༡༢ ནས་༢༠༡༤ བར་གྱི་ལོ་གསུམ་གྱི་ཚོགས་དངུལ་ལྷན་གཏོང་གནང་རོགས་ཞུ། ༼ཡུ་རོབ་སོགས་སུ་ལོ་རེར་ཡུ་སྒོར་བཅུ་རེ༽

དེ་ལས་མང་བ་། “པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གལ་ཆེའི་གསལ་བརྡ་ཚིག་གསུམ།” »

གསལ་བསྒྲགས།

རླུང་།

Posted on 2013-05-312013-05-31 By ཁ་བརྡ་ 2 Comments on རླུང་།

འཁྱམས་པོ།

རྡུལ་འཚུབ་དང་ན་བུན་ཁྲོད་ན།
ཁྱོད་ནི་ནག་ཉེས་གནམ་སར་མི་ཤོང་པའི་ཉེས་ཅན་ཞིག
ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་དེ་ཁྱོད་གོ་ལ་འདིའི་སྒང་ནས་གཙང་བཟོ་བྱས་ན་འདོད།
འོན་ཀྱང་དེ་ག་ལ་ཆོག
ཁྱོད་ནི་འབྱུང་བ་བཞིའི་ཡ་ཀྱལ་གཅིག་སྟེ་ངའི་ཕུང་ཁམས་ཀྱི་གྲུབ་ཆ་ཞིག

དེ་ལས་མང་བ་། “རླུང་།” »

སྙན་ངག

གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་གཏམ།

Posted on 2013-05-312013-05-31 By ཁ་བརྡ་ 152 Comments on གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་གཏམ།

གངས་སེང་།

སྤྱིར་ལོ་རྒྱུས་ཀྱི་བསམ་འཆར་སྤེལ་བ་ལ་ཆོས་ལུགས་ཀྱི་ཞེན་གོག་དང་ཕྱོགས་ལྷུང་ཟུར་ཟའི་གཏམ་ཉོབ་གདལ་ན་དོན་དངོས་ཀྱི་ལོ་རྒྱུས་གསེར་ཞུན་མ་ལྟ་བུར་ར་གན་གྱི་ལྷད་བཅུག་པ་ཡིན་པས་དེ་རིགས་ལས་གཟུར་ཐུབ་ཐབས་བྱེད་པ་ལོ་རྒྱུས་སྨྲ་བ་པོའི་ཁྱད་ཆོས་མེད་དུ་མི་རུང་བ་ཞིག་རེད་སྙམ། ལྷག་པར་དུ་གཡུང་དྲུང་གི་བོན་དང་དམ་པའི་ཆོས་རྣམས་ནི་སངས་རྒྱས་དང་སེམས་དཔའ་རྣམས་ཀྱིས་འགྲོ་བའི་སེམས་རྒྱུད་འདུལ་བའི་ཆེད་དུ་ཐབས་མཁས་ཀྱི་མཛད་པའམ་དྲང་ངེས་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཡོད་པས་དེའི་ཚུལ་སྨྲ་བ་ལ་ཤེས་རབ་རྣམ་དཔྱོད་ཀྱི་སྤྱན་དང་།

དེ་ལས་མང་བ་། “གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་གཏམ།” »

དཔྱད་རྩོམ།

ལངས་ཕྱོགས་མི་བརྟན་པའི་གཞོན་ནུ།

Posted on 2013-05-312013-05-31 By ཁ་བརྡ་ 59 Comments on ལངས་ཕྱོགས་མི་བརྟན་པའི་གཞོན་ནུ།

བོད་ལ་ཞེན།

ད་རེས་གཞོན་ནུའི་ཚོགས་ཆེན་ཐོག་ཚོགས་མི་ཁག་ཅིག་གིས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་གཏོང་ན་གཞོན་ནུའི་ཚོགས་མི་བྱེད་ཀྱི་མིན་ཟེར་བ་དང་ཚོགས་འདུ་ལས་ཐོན་པ་རེད་ཟེར། དེ་ལ་བསམ་ན་ངོ་མ་དགོད་བྲོ་བ་ཞིག་རེད། དེ་སྔོན་གཞོན་ནུས་རང་བཙན་ལ་ཡིད་ཆེས་གཙང་མ་ཡོད་ཟེར་བ། ཆོད་སེམས་བརྟན་པོ་ཡིན་ཟེར་བ། ནམ་ཞིག་རང་བཙན་ཐོབ་ངེས་ཟེར་བ། ལངས་ཕྱོགས་འགྱུར་བ་མེད་ཟེར་བ་སོགས་ཐ་ན་གཞས་ཡན་ཆད་ནང་ཚར་ཁྲི་ཁྲག་དང་འབུམ་ཁྲག་མང་པོ་བསྒྲགས་པ་དེ་ཚོ་བརྗེད་པ་རེད་དམ།

དེ་ལས་མང་བ་། “ལངས་ཕྱོགས་མི་བརྟན་པའི་གཞོན་ནུ།” »

སྣ་ཚོགས།

ཚོལ་ཡ།

Posted on 2013-05-312013-05-31 By ཁ་བརྡ་ 7 Comments on ཚོལ་ཡ།

འབའ་སྲས།

ཕ་མ་ལྷ་ལས་མཆེད་པའི་འགོ་ཁུངས་དེ་མ་ཚོལ།།
འཇིག་རྟེན་བཀོད་པས་བཟོས་པའི་རྟོག་སྒྲུང་དེ་མ་ཚོལ།།
སྤྲེའུ་བྱང་ཆུབ་སེམས་དཔའི་བརྩེ་དུང་གི་རུམ་ཁ།།
བྲག་སྲིན་མཛའ་མོར་སྦྱར་སའི་བྲག་ཕུག་དེ་ཚོལ་ཡ།།

དེ་ལས་མང་བ་། “ཚོལ་ཡ།” »

སྙན་ངག

དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་ངོ་སྤྲོད།

Posted on 2013-05-312013-05-31 By ཁ་བརྡ་ 5 Comments on དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་ངོ་སྤྲོད།

ཙ་ཡུས་ཕུན་ཚོགས།

སྤྱི་ལོ ༡༩༨༩ ལོའི་ཟླ ༦ ཚེས ༤ ཉིན་ནི་རྒྱ་ནག་གསར་རྗེས་ཀྱི་འགོ་བཙུགས་པ་ནས་དམངས་གཙོ་དང་རང་དབང་གི་ཆེད་དུ་ངོ་རྒོལ་གནང་མཁན་ཤེས་ཡོན་པའི་དཔུང་སྡེ་ཞིག་དམར་གསོད་གཏོང་བའི་ཉིན་མོ་ཡ་ང་བ་ཞིག་ཡིན། ཉིན་འདིར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ཁྲག་གིས་བཀྲུས་མྱོང་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ནམ་མཁའ་དུད་སྨུག་གིས་ཟིན་མྱོང་།

དེ་ལས་མང་བ་། “དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་ངོ་སྤྲོད།” »

སྣ་ཚོགས།

བསྟན་འཛིན་ཆོས་སྐྱིད་ལ་སློབ་ཡོན་ཐོག་མ་དེ་ཐོབ་གནས།

Posted on 2013-05-302013-05-30 By ཁ་བརྡ་ 14 Comments on བསྟན་འཛིན་ཆོས་སྐྱིད་ལ་སློབ་ཡོན་ཐོག་མ་དེ་ཐོབ་གནས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་དྲངས། སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ཐོབ་པའི་གསར་འགོད་གསལ་བསྒྲགས། ༢༠༡༣ ཟླ་ ༥ ཚེས་ ༣༠ རེས་གཟའ་ཕུར་བུ། ༄༅། །ཉེ་ལམ་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་སྒྱུ་རྩལ་རིག་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལ་བརྒྱ་ཆ་༩༥་༤ཐོབ་ཡོད་པར་བརྟེན། ཞིབ་ཕྲ་འདི་ནས་གཟིགས་ http://bod.asia/2013/05/སྲིད་སྐྱོང་སློབ་ཡོན་ཐོ/

གསར་འགྱུར།

སྙན་ངག་གི་ཆེད་དུ་ཆང་འདི་འཐུངས།

Posted on 2013-05-302013-05-30 By ཁ་བརྡ་ 6 Comments on སྙན་ངག་གི་ཆེད་དུ་ཆང་འདི་འཐུངས།

འབའ་སྲས།

བོད་ཀྱི་ལ་རྒྱ་བརྗོད་པའི་རྩོམ་ཡིག་ཅིག །
ཕ་མ་ཕ་ཡུལ་དྲན་པའི་སྐྱོ་གླུ་ཞིག །
མཛའ་བརྩེ་དུང་བ་བརྗོད་པའི་སྙན་ངག་ཅིག །
ནན་གྱིས་བཙིར་ཀྱང་མ་ཡོང་ཆང་འདི་འཐུངས།།

བླ་མར་བྱམས་བརྩེ་དགོས་པའི་གསོལ་འདེབ་ཅིག །
དཔོན་པོར་དྲང་བདེན་དགོས་པའི་ཞུ་ཡིག་ཅིག །

དེ་ལས་མང་བ་། “སྙན་ངག་གི་ཆེད་དུ་ཆང་འདི་འཐུངས།” »

སྙན་ངག

ཞང་ཞུང་སྨར་ཡིག

Posted on 2013-05-302013-05-30 By ཁ་བརྡ་ 57 Comments on ཞང་ཞུང་སྨར་ཡིག

བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།

དྲ་གྲོགས་རྣམ་པར་ཞུ་རྒྱུར། བོད་མི་རིགས་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཤེས་རིག་གིས་ཕྱུག་པའི་མི་རིགས་ཞིག་ཡིན་པར་མ་ཟད་ཁ་བའི་ལྗོངས་ཀྱི་ཤེས་རིག་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ཅིག་ཡིན་པ་ལས་རྒྱལ་ཁབ་གཞན་ནས་བླངས་པ་དེ་འདྲ་མ་རེད། ལྷག་པར་དུ་དུས་རབས་བདུན་པ་དང་བརྒྱད་པའི་རྗེས་ནས་རྒྱ་གར་ནས་དམ་པའི་ཆོས་བོད་དུ་བསུས་ཤིང་ཞང་ཞུང་གི་རྒྱལ་པོ་བོད་ཀྱིས་བཏུལ་ཏེ་ཞང་བོད་མི་རིགས་གཅིག་དང་ཤེས་རིག་གཅིག་ཏུ་གྱུར་པ་ནི་

དེ་ལས་མང་བ་། “ཞང་ཞུང་སྨར་ཡིག” »

རྩོམ་རིག

བཀའ་ཤག་གི་གསལ་བསྒྲགས་དེ་ངོས་ལེན་མེད།

Posted on 2013-05-292013-05-30 By ཁ་བརྡ་ 55 Comments on བཀའ་ཤག་གི་གསལ་བསྒྲགས་དེ་ངོས་ལེན་མེད།

ཤར་ཕྱོགས་ཁུག་རྟ།

༄༅།།བོད་གངས་ཅན་ལྗོངས་ཀྱི་དམ་ཚིག་ཅན་གྱི་ལྷ་མི་ཡོངས་རྫོགས་དཔང་དུ་བཞག་སྟེ་ཞུ་གསོལ། ༢༠༠༩ ནས་དེ་རིང་བར་བོད་མི ༡༡༧ གྱིས་རང་ལུས་མེར་སྲེག་བཏང་སྟེ་འཇིག་རྟེན་འདིའི་བྱུང་རབས་སུ་མ་གྲགས་པའི་ལོ་རྒྱུས་གསར་པ་ཞིག་བྲིས་པ་ཀུན་ལ་མངའ་གསལ་བཞིན། རང་སྲེག་བསྟུད་མར་བྱུང་བས་དེས་བསྐུར་བའི་འགན་འཁུར་ཅི་ཙམ་ལྕི་བ་རང་རེ་གངས་ཅན་པ་ཆེ་ཕྲ་ཡོངས་ལ་ཟས་བརྗེད་གཉིད་བྲལ་གྱི་གནས་བབ་དངོས་སུ་བྱུང་བ་ཚང་མར་ཉམས་མྱོང་ཡོད་པ་ལྟར།

དེ་ལས་མང་བ་། “བཀའ་ཤག་གི་གསལ་བསྒྲགས་དེ་ངོས་ལེན་མེད།” »

བགྲོ་གླེང་།

ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

Posted on 2013-05-292013-05-29 By ཁ་བརྡ་ 7 Comments on ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

གསོན་པོ།

རེ་འབྲས་རྙིད་པ།
རེ་སྒུག་ནི་མི་ཞིག་གི་མི་ཚེའི་རེ་སྙེག་ཅིག་ཡིན་ལ། རེ་སྙེག་དེས་མི་དེར་བདེ་སྐྱིད་དང་སྡུག་བསྔལ་གང་ཞིག་ཁུར་ཡོང་མིན་ཆ་མ་འཚལ། མི་སུ་ཞིག་ཡིན་ཡང་རེ་བ་ནི་བརྩེ་དུང་དང་། དཔལ་འབྱོར། བདེ་སྐྱིད། སྤྲོ་སྣང་སོགས་ཡིན་ལ་མི་འདོད་པ་ནི་དེ་ལས་ལྡོག་ཕྱོགས་རྐྱང་རྐྱང་ཡིན། ང་དང་ཁོ་མོ་ཁ་བྲལ་ནས་མི་ལོ་གསུམ་ལ་ཉེ་སོང་། དུས་ཡུན་དེའི་རིང་ཁ་པར་དང་འཕྲིན་ལམ་ནས་འབྲེལ་བ་ཡོད་པ་ནས་མེད་པར་གྱུར་བ་དང་། དེ་ནས་འཕྲིན་ཡིག་གི་འབྲེལ་བ་ཡོད་པ་ནས་མེད་པར་གྱུར་ཅིང་།

དེ་ལས་མང་བ་། “ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།” »

བརྩམས་སྒྲུང་།

རང་ལུས་མེར་བསྲེགས་སྐོར་ལ་ཕྱི་རྒྱལ་མི་དཀྱུས་ཚོའི་བསམ་ཚུལ།།

Posted on 2013-05-292013-05-29 By ཁ་བརྡ་ 4 Comments on རང་ལུས་མེར་བསྲེགས་སྐོར་ལ་ཕྱི་རྒྱལ་མི་དཀྱུས་ཚོའི་བསམ་ཚུལ།།

ཁྲི་རལ་པ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་རྒྱུ་དང་བོད་ནང་རང་དབང་དགོས་པ། བོད་རང་བཙན་དགོས་པ་བཅས།མདོར་དྲིལ་ན་དགོས་འདུན་གཙོ་བོ་འདི་གསུམ་ཆེད། སྤྱི་ལོ་༢༠༠༩ལོར་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བཀྲ་བྷེས་རང་ལུས་མེར་བསྲེགས་འགོ་བཙུགས་ནས་བཟུང་། ད་ཆ་བར་བོད་ནང་བོད་མི་༡༡༧ཙམ་གྱིས་རང་ལུས་བསྲེགས་བཏང་སྟེ་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་གནང་བ་ནི། ཧ་ལམ་མིའི་ལོ་རྒྱུས་དེབ་ཐེར་དུ་ད་སྔ་དེ་འདྲ་བྱུང་མ་མྱོང་བར་མི་ཚོ་ཧ་ལས་དགོས་པ་ཅིག་ཏུ་གྱུར་ཡོད་པ་རེད།

དེ་ལས་མང་བ་། “རང་ལུས་མེར་བསྲེགས་སྐོར་ལ་ཕྱི་རྒྱལ་མི་དཀྱུས་ཚོའི་བསམ་ཚུལ།།” »

སྣ་ཚོགས།

Posts pagination

Previous 1 … 176 177 178 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme