རེབ་ཐོག་མདའ།
སྨྱུག་གུ་ལག་ཏུ་བཟུང་བའི་བསམ་བློའི་སྦུག་ན།།
དབྱངས་ཅན་ལྷ་མོའི་འཛུམ་ཆུང་ལྷུག་ལྷུག་བཞད་ན།།
དེབ་ཆུང་མིག་གིས་འཚོ་བའི་ཉིན་མཚན་བར་ནས།།
མི་སེམས་རྨང་ནས་འཕྲོག་པའི་རྩོམ་ཞིག་འབྲི་འདོད།།
དེབ་ཀློག་གི་སེམས་ཁམས། ༼སྙན་ཚིག་ཚན་པ་ལྔ།༽
རེབ་ཐོག་མདའ།
*དེབ་ཀློག་གི་སེམས་ཁམས།*
ཉི་མ་རེ་རེར
རང་ཉིད་དཔེ་དེབ་ཞིག་གི་སྣེ་མོ་ལ་མདུད་པ་བརྒྱབ་རྗེས
རྩྭ་ཐང་ལྟ་བུའི་དེབ་ཆུང་དེ་ཚོ
ལུ་ཁྱུ་བཞིན་འཚོས་ཏེ
ངོ་གདོང་ལ་ལྷུང་བའི་དུས་ཚོད་འདིས་སྔ་གཞུག་ནས
རང་ཉིད་སྨྱུ་གུ་དང་ཐག་ཉེ་བའི་མྱི་གསོན་པོ་ཞིག་བྱེད་ན་བསམ་ཡོད
བགྲོ་གླེང་ཁག་གི་མདོ་དོན་རྣམས་ངོ་སྤྲོད་།
མཁོ་སྤྲོད་པ། དཔལ་རྡོར། ༧གོང་ས་མཆོག་གིས་ཕྱི་ལོ་༢༠༡༣ ཟླ་༥ ཚེས་༧ ནས་༡༦ བར་ཨ་རིའི་མངའ་སྡེ་མ་རེ་ལན་ཊི་དང་། ཨོ་རེ་གོན། ཝེ་སི་ཀོན་སིན་བཅས་སུ་ཁོར་ཡུག་དང་ཀླད་རྩ་སོགས་ཀྱི་ཐད་དུ་མཁས་དབང་མང་པོ་དང་ལྷན་དུ་བགྲོ་གླེང་གནང་བ་དང་། དུས་མཚུངས་མང་ཚོགས་ལ་གསུང་བཤད་མང་དུ་གནང་བ། ཡང་སྒོས་སུ་གྲོང་ཁྱེར་མལ་ཊི་སན་ནང་སེམས་ཀྱི་བཅོས་སྒྱུར་དང་འཛམ་གླིང་བཅོས་སྒྱུར་ཐད་ལ་བགྲོ་གླེང་གནང་བ་ཁག་གི་མདོ་དོན་རྣམས་སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ངོ་སྤྲོད་གནང་འདུག འབྲེལ་ཐག་འདི་ནས་གཟིགས་http://www.youtube.com/watch?v=bO1_RgiYcSo
མཁྲིས་ཕྲུམ་ཟེར་ན་གང་རེད།
དབྱངས་ཅན་འབངས་ཀྱིས་སྒྱུར་སྒྲིག་བྱས།
མཁྲིས་ཕྲུམ་ cholesterol ནི་ང་ཚོའི་ཁྲག་ནང་གི་རྡུལ་རྫས་སྤྱིར་གཏང་བ་ཞིག་རེད། དེ་ནི་ལུས་ཀྱི་སྐྱི་དཀར་གྱི་ཕྲ་ཕུང་དང་པགས་པའི་སྐོགས་ཆགས་ནང་དུ་མཐོང་རྒྱུ་ཡོད། རྫས་དེ་ཤ་རིགས་སྤྱི་དང་། ལྷག་པར་ཉ། བྱ་རིགས། སྒོ་ང་བཅས་ལ་མང་བ་ཡོད། ཚལ་རིགས་ཀྱི་སྣུམ་ཞག་ལ་ཡང་རྫས་དེ་ཚད་ཉུང་ཉུང་ལྡན་ཡོད། མཁྲིས་ཕྲུམ་ཅན་གྱི་བཟའ་གཏུང་བསྟེན་ཆེས་ན་དེས་གློ་བུར་ཐོག་འབབ་ཏུ་སྙིང་གི་ཁྲག་རྩ་འགག་པའི་ནད་སློང་གི་ཡོད།
དྲན་སྣང་གི་ངོགས་སུ་འཚེར་བའི་མེས་པོ་དམ་པ།
དོལ་སྨྱོན།
དེ་རིང་ང་ཡི་ནམ་མཁའ་ཡོད་ཚད་སྤྲི
མཐོང་སྣང་ཡོད་ཚད་མག་མོག་ནས་མག་
སྒེའུ་ཁུང་གི་ཡོལ་བ་ལས་ཇི་ཙམ་ཅེ
ཕྱི་རོལ་ན་མཛེས་སྡུག་གི་ཆ་ཞིག་
ཕ་ཡབ་ཀྱི་ཉིན་མོ་ལ་རྟེན་འབྲེལ་ཞུ།
སྤྲུལ་སྐུ་དབང་ཆེན།
ཕ་རྒོད་པོ་ཞིག་གི་ལག་རྟེན་ཡིན།།
མ་མཛངས་མ་ཞིག་གི་སེམས་རྟེན་ཡིན།།
བུ་དཔའ་བོ་ཞིག་གི་འདུན་ལམ་ཡིན།།
སྐྱིད་འཚོ་བ་ཞིག་གི་ལོ་རྒྱུས་ཡིན།།
རྟོག་དཔྱོད་དང་དབྱེ་ཞིབ། གཉིས་པ།
བཅར་འདྲི་དང་ཡིག་ཐོག་ལ་འབེབ་མཁན། དོལ་སྨྱོན།
____ གསོ་རིག་སློབ་དཔོན་ཆེན་མོ་རྒན་རིན་པོ་ཆེ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་ལ་བཅར་འདྲི་ཞུས་པ།
དྲི་བ།
དེ་ཡང་བོད་ཀྱི་གསོ་བ་རིག་པའི་ཐོག་མའི་བྱུང་ཚུལ་ལམ་ལོ་རྒྱུས་ཀྱི་སྔ་ཚད་ཐད། གསོ་རིག་ལོ་རྒྱུས་སྨྲ་བ་རྣམས་བཞེད་པ་མི་མཐུན་པ་དུ་མ་ཞིག་མཆིས་པ་སྟེ། ལ་ལས་ལོ་ཆིག་སྟོང་བཞི་བརྒྱ་ཡས་མས་སུ་འདོད་པ་དང་། ལ་ལས་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་འདོད་པ། ཡང་ལ་ལས་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་འདོད་པ་སོགས་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་མཆིས་པས།
རྒྱ་མིན་བོད་མིན་བུ་ཡི་རང་བཙན་ལ།། ཕན་ཕྱིར་དབུ་མའི་བཅད་མ་ཤར་མར་སྤྲིངས།།
ཤར་ཕྱོགས་ཁུག་རྟ།
མཐོན་པོའི་གྲལ་དང་བདག་མེད་འཁྱམ་པོའི་ཁྲོད།།
ངེས་གཏན་གནས་ཡུལ་ཐབ་ཀ་མ་ཟིན་པའི།།
བར་མ་དོ་ན་འཁོར་བའི་ཁ་རྒྱགས་འགའི།།
རང་བཙན་སྒྲོགས་པ་གཏད་སོ་ཅི་ཞིག་མཆིས།།
དེ་ལས་མང་བ་། “རྒྱ་མིན་བོད་མིན་བུ་ཡི་རང་བཙན་ལ།། ཕན་ཕྱིར་དབུ་མའི་བཅད་མ་ཤར་མར་སྤྲིངས།།” »
ཁྱོད་ཚོ་བུ་ཕྲུག་ལས་ཅན་རེད།
ཐེ་བོ་ཤེས་རབ་རྒྱ་མཚོ།
ང་དང་བསྡུར་ན་ཁྱེད་ཚོ་ངོ་མ་བུ་ཕྲུག་ལས་ཅན་ཏག་ཏག་རེད། ངས་ངོ་མ་བཤད་པ་ཡིན། ངས་ཨ་མའི་ཉིན་མོའམ་ཨ་མའི་དུས་ཆེན་ཟེར་བ་ཞིག་ཡོད་པ་སྔོན་ཆད་ནས་གོ་མྱོང་ནའང་། ཨ་ཕའི་ཉིན་མོའམ་ཨ་ཕའི་དུས་ཆེན་ཟེར་བ་ཞིག་ཡོད་པ་དེ་རིང་ཁྱེད་ཚོའི་ངག་ནས་ད་གཟོད་གོ་བ་ཡིན། བཀའ་དྲིན་ཆེ།
ཁྱེད་རང་ཚོ་དངོས་གནས་བུ་ཕྲུག་ལས་བསོད་ཅན་ཤ་སྟག་རེད། ཁྱེད་རང་ཚོར་ད་ལྟ་རྒྱབ་རི་བཀན་མོ་ཞིག་དང་འདྲ་བའི་ཨ་ཕ་རེ་རེ་ཡོད་པ་དང་། ང་ཡང་ལོ་ངོ་མང་པོའི་ཡར་སྔོན། དེ་རིང་གི་ཁྱེད་ཚོ་ནང་བཞིན་ཨ་ཕ་ཡོད་པའི་བྱིས་པ་ཞིག་ཡིན།
གནའ་དེང་ཟུང་འབྲེལ།
རིགས་གྲོལ།
གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ཏུ་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་སྤྲོད་ལེན་ཐུབ་རྒྱུ་གལ་ཆེའི་རང་བཞིན་ཡིན།
__________ཁ་བྱང་གི་འགྲེལ་བཤད།
སྔོན་གླེང་།
སྤྱིར་ཤེས་ཡོན་གྱི་དོན་ལ་སྔོན་དང་ད་ལྟའི་དུས་ཀྱི་མཁས་པ་སོ་སོས་རང་རང་གི་ཁོར་ཡུག་དང་ཤེས་ཡོན་གནས་བབས་ལ་ལྟོས་ནས་འགྲེལ་བཤད་མང་པོ་ཞིག་མཛད་ཡོད་ཀྱང་། ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ།1 ཞེས་པ་དེ་ཡིན།
༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་སློབ་ཕྲུག་དང་པེ་ཅིན་སྲིད་གཞུང་།
རྩོམ་པ་པོ། མགཪ་རྩེ་འཇིགས་མེད།
༄༅།། བོད་ཀྱི་སློབ་ཕྲུག་དང་པེ་ཅིན་སྲིད་གཞུང༌།
བོད་ཀྱི་སློབ་ཕྲུག་ཚོའི་ལས་དབང་ལ་དབྱེ་ཞིབ་ཅིག་བྱས་ན་ངའི་སེམས་ཁམས་སྡུག་གིས་ཁེངས་འགྲོ རྒྱུ་མཚན་ནི། བོད་ཀྱི་སློབ་ཕྲུག་ཚོ་ནི་པེ་ཅིན་སྲིད་གཞུང་གི་མིག་མངས་ཀྱི་རྡེའུ་ཞིག་དང་འདྲ་བས། པེ་ཅིན་སྲིད་གཞུང་གིས་གང་དུ་བཞག་ན་དེར་ཉམ་ཆུང་གིས་འདུག་དགོས་པ་ལས་མཐའ་ན་སེམས་ཀྱི་སྡུག་ཡུས་ཙམ་བཤད་ཀྱང༌། པེ་ཅིན་སྲིད་གཞུང་གིས་དབང་ཤུགས་དང་བཙན་བཀའ། ཡང་ན་མེ་མདའ་དང་ལྕགས་སྒྲོག་གང་རུང་ཁྱེར་ནས་ཐོན་ངེས་ཡིན།
དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་སློབ་ཕྲུག་དང་པེ་ཅིན་སྲིད་གཞུང་།” »
གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ༼ཚན་པ་གསུམ་པ༽
སྙན་བཟང་གཡུང་དྲུང་ཚེ་རིང་།
ལྔ།
ཕྱི་ལོ་༡༩༩༩ལོའི་དགུན་ཁ་ཞིག་ལ། བསྟན་འཛིན་མགོན་པོ་ལགས་དང་། ཚེ་ལོ་རྒྱལ། ང་བཅས་ལྡི་ལི་ནས་མེ་འཁོར་དུ་བསྡད་དེ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་རུ་བསྐྱོད། ཚེ་ལོ་རྒྱལ་གྱིས་བསྟན་འཛིན་མགོན་པོ་ལགས་ལ་ཨ་ཞང་ཞེས་འབོད་ཅིང་། ཚེ་ལོ་རྒྱལ་ནི་ཁོང་གི་ཚ་པོ་ཡིན་པ་ཤེས། སྐབས་དེར་ངས་བསྟན་འཛིན་མགོན་པོ་ལགས་ཐོག་དང་པོར་མཐོང་བ་ཡིན། ཁོང་གི་གདོང་དབྱིབས་ཅུང་རིང་ཞིང་། གདོང་ཤ་སེར་པོ། སྐྲ་རྫོང་སྲབ་པ། འགྲོ་བའི་ཚེ་ན་ཅུང་སྒུར་སྒུར་གྱིས་འགྲོ་ཞིང་། སྐབས་དེའི་ཁོའི་ལུས་ལ་གོན་པའི་གྱོན་ཆས་ནི་ཁོང་ལ་ཆེ་ཙམ་ཡོད་པའི་སྣང་བ་དེ་ད་དུང་ཡང་ངའི་བློ་ན་འབྱར་འདུག
དེ་ལས་མང་བ་། “གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ༼ཚན་པ་གསུམ་པ༽” »
ཤ་བྲང་དང་འབྲེལ་བའི་སྐད་ཆ།
(རྩོམ་ཡིག་འདི་ནི་གཅན་ཚ་བཟོད་པའི་གདོང་དེབ་ཏུ་ངོ་སྤྲོད་བྱས་པ་ལྟར་ཁ་བརྡས་བཀོད།)
བདེ་ཆེན་དབྱངས་སྒྲོན།
ཉེ་ལམ། དྲ་བའི་སྒང་དུ་རེབ་གོང་ས་ཁུལ་གྱི་དབྱར་རྩྭའི་རྩོད་གླེང་སྐོར་གྱི་རྩོམ་ཡིག་དང་འདྲ་པར། དེ་མིན་སྐྱོན་བརྗོད་ཀྱི་གླེང་གཞི་འདྲ་མིན་སྣ་ཚོགས་འཛེམ་བག་མེད་པར་སྤེལ་གྱིན་འདུག་པས། ལོ་ཕྱེད་སྔོན་ལ་རོགས་སྟོན་ལས་མིའི་མིང་ཐོགས་ནས་དོན་རྐྱེན་བྱུང་བའི་སྡེ་བ་ནས་འཚོ་བ་ཡུན་ཙམ་རོལ་རྐྱེན་ཤ་བྲང་གི་སྐོར་ལ་ཡི་གེ་ཙམ་བྲིས་ན་ཕྱོགས་མང་པོར་བསྔོ་ཙམ་ཐོགས་པར་སྨོན་པའོ།།
ད་རེས་དྲ་བའི་སྒང་གི་མི་རིགས་ཀྱི་རྣ་རྫོབ་ཅེས་པའི་ཚིག་འབྲུ་མིག་ལ་འཛེར་བ་དག་མཐོང་བས་བློ་ཕམ་པར་གྱུར་ལ།
རེབ་གོང་ལ་དྲག་ཆར་བབས་པ།
དེ་རིང་ཕྱི་ཟླ་ ༦ ཚེས ༢༥ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་རེབ་གོང་ལ་དྲག་ཆར་བབ་ནས་ས་ཞིང་བཅོམ་བརླག་དང་། ཁང་པའི་ཤེལ་སྒོ་དང་རླངས་འཁོར་སོགས་ཀྱི་ཤེལ་སྒོ་བཅག་པ་ཚབས་ཆེ་ནའང་མི་ལ་གནོད་འཚེ་ཕོགས་པའི་གནས་ཚུལ་ཐོན་མི་འདུག འབྲེལ་ཡོད་བརྒྱུད་གོ་ཐོས་ལྟར་ན། རེབ་གོང་ཁུལ་གྱི་ཁ་འདབས་ལས་འབྲོག་ཕྱོགས་ལ་བབ་མེད་པ་དང་། འབབ་ཡུན་ཡང་སྐར་མ་བཅོ་ལྔ་ཙམ་རེད་ཟེར།
པར་ནང་གི་བུ་མོ།

རེབ་ཐོག་མདའ
གདོང་ལ་ཟགས་པའི་སྐྲ་ལོའི་འོག་ན་དཀར་དམར་མདངས་ཀྱི་མཛེས་པ་མངོན།།
མིག་ཟུང་དྭངས་མོའི་འོད་མདངས་ཀློང་ན་བབ་ཆགས་ལྷན་སྐྱེས་གཤིས་ཀ་ཞིག།
ཚྭར་ལ་ནག་པོའི་ལྗོན་པ་དེ་ལ་རིན་ཆེན་གསེར་དངུལ་རྒྱན་དུ་ཐོགས།།
གོ་ལྷམ་ནག་པོའི་གོམ་སྟབས་བར་ནས་འཛུམ་ཆུང་མེ་ཏོག་སུ་ལ་གཏོར།།
སྒོ་ཤེས་རབ་ལ་ལག་པ་ཡར་སྒྲེང་པ།
བོད་ནང་གི་རྩོམ་པ་པོ་མེ་བཙའ ། འོས་སྦྱོར་བ། རང་དབང་རྒྱལ
༡༽ སྒེར་གཅོད་པའི་མིག་ནང་གི་ཤེ
སྤྱིར་བཏང་སྒེར་གཅོད་ཅེས་པ་ནི་
ཞུ་བ་འཐེན་པས་ཕན་པ་མེད།
བོད་ལ་ཞེན།
ང་ཚོས་རྒྱ་ནག་དང་གྲོས་མོལ་བྱེད་
བོད་ཀྱི་རྩོམ་པ་མོ་ཞིག་གི་སྐྱོ་གར།
རྡེའུ་འབུམ་རྩོམ་པ་པོ་བུད་མེད་རྩོམ་པ་པོ་ཀུན་བཟང་སྒྲོལ་མ། དབྱིན་དེབ།
དེ་རིང་ངས་འདི་ལྟར་གླེང་།
—-ཨ་རིག་དགེ་མཐོང་།
མགོ་ནག་བོད་ཀྱི་བུད་མེད་རྟོགས་སད་པ།།
ཀུན་བཟང་སྒྲོལ་མའི་ཁྲག་ཐིགས་རེ་རེ་ཡིས།།
གྲུབ་པའི་དཔེ་དེབ་རྡེའུ་འབུམ་དཀར་པོ་དེ།།
དབྱིན་ཡིག་སྟེང་ནས་དེ་རིང་དབུ་འབྱེད་གནང་།།
རྡེའུ་འབུམ་རྩོམ་མཁན་བདག་མོའི་སྐྱོ་གར་དེ།།
དེ་རིང་བདག་གིས་སྨྱུག་རྩེར་དྲངས་ཏེ་འབྲི།།
སེམས་ཀྱི་འཆར་སྣང་།༼སྙན་ངག་ཚན་པ་ལྔ༽
རེབ་ཐོག་མདའ།
*ཆར་པ*
སྒེའུ་ཁུང་ལས་ཆར་པ་འབབ་ཀྱིན་འདུག
ཉིན་མཚན་བསྟུད་ནས་འབབ་ཀྱིན་འདུག
ཆར་པ་དེ མཛའ་མོ་ཞིག་གི་མིག་ཆུ་བཞིན
གས་ཆག་ཤོར་བའི་སེམས་པ་འདི
ཕྱི་ནང་ལ་བབས་སོང་
སེམས་ངོགས་ན་བཞད་པའི་ཕ་ས།
སོག་མདའ།
རིན་ཆེན་གསེར་གྱི་ས་གཞི་གདན་ལ་བཏིང་ནས།།
སྔོན་པོ་གོས་ཀྱི་མནབ་བཟའ་ལུས་ལ་གཡོགས་ཏེ།།
མི་ངོམས་རྩྭ་ཐང་ཡངས་པའི་མིག་རྒྱ་བསྐྱེད་ས།།
སོག་ཡུལ་མཐོང་བ་ཀུན་སྨོན་བདག་གི་ཕ་ས།།
