Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚན་མོའི་རོལ་དབྱངས།

Posted on 2013-07-102013-07-10 By ཁ་བརྡ་ 1 Comment on མཚན་མོའི་རོལ་དབྱངས།

བཀྲ་ཤིས་དོན་འགྲུབ།

གློག་འོད་མག་མོག་འོག་ཏུ
ལྷོད་ཆགས་པའི་རོལ་མོའི་རམ་འདེགས་ལ་བརྟེན་པའི
བབས་ལྷིང་བའི་གླུ་གཞས་ཞིག་ལ་ཉན་ཚེ
སྒེའུ་ཁུང་ཕྱི་རོལ་ནས་གྲག་པའི་ཆར་ཐིགས་ལྷུང་བའི་སྒྲ་དེ་ཡང
དབྱངས་ཚིགས་ཀྱིས་བཏེགས་པའི་སེམས་སྒྲ་རེ་ལས་མ་འདས

དེ་ལས་མང་བ་། “མཚན་མོའི་རོལ་དབྱངས།” »

སྙན་ངག

གཟའ་ཧླག་པ།

Posted on 2013-07-102013-07-10 By ཁ་བརྡ་ 4 Comments on གཟའ་ཧླག་པ།

ཐེ་བོ་སངས་རྒྱས།

དེ་རིང་ནི་རེས་གཟའ་ལྷག་པ་དང་ད་ལོའི་༧སྐུའི་འཁྲུངས་སྐར་རྗེས་ཀྱི་ལྷག་དཀར་དང་པོ་དེའང་རེད། ཤེས་བྱེད་ནི་ངའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་གཟའ་ཧླག་པ་ཞེས་ཤར་འདུག ཁ་པར་མ་ཟད་བོད་ཡིག་བདམས་ཡོད་པའི་གློག་ཀླད་སོགས་ཀུ་ཤུ་རྟགས་ཅན་གྱི་ཐོན་དངོས་ཡོད་ཚད་ནང་འདི་ཤར་ཡོད་པ་ཐག་ཆོད།
དེས་ག་ལ་ཚད་གཟའ་པ་སངས་ལ་སངས་གཅིག་པུ་དང་། ཚེས་ལ་ཙེས། ཁ་སང་ལ་ཁས་ས།

དེ་ལས་མང་བ་། “གཟའ་ཧླག་པ།” »

སྣ་ཚོགས།

ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

Posted on 2013-07-102013-07-10 By ཁ་བརྡ་ 1 Comment on ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

དགེ་འདུན་རྒྱ་མཚོ།

༼ཚན་པ་དྲུག་པ༽
བསམ་ཁོ་དང་ངེད་གཉིས་ཀྱིས་ནོར་ལུག་འཚོ་བཞིན། རི་གླུ་ལེན་བཞིན། མེ་ཏོག་འཐུ་བཞིན། མཉམ་དུ་སློབ་གྲྭར་འགྲོ་བཞིན་རྩ་ཐང་ནས་འཚར་ལོངས་བྱུང་། རྒྱུ་མཚན་བཤད་རྒྱུ་ཅི་ཡང་མེད་པར་ངེད་གཉིས་མཛའ་བཤེས་ཀྱི་གྲོགས་པོ་ཞིག་ཏུ་ཡང་གྱུར། ད་ཆ་ངེད་གཉིས་ཕོ་ལོ་བཅོ་ལྔ་ལ་བསླེབས་ཟིན་པས་ཕོ་གསར་སྣང་བ་སྐྱིད་དུས་རེད། ཕོ་ལོ་བཅོ་ལྔ་སྟག་གིས་ཚེས་ན་མནའ་བཅད་སྒྲིག་པའི་ལུགས་སྲོལ་ཡོད་པ་བཞིན་ངེད་གཉིས་ཀྱང་གསར་བུ་གཞན་དག་དང་འདྲ་བར་མནའ་བཅད་བསྒྲིགས་པ་ཡིན།

དེ་ལས་མང་བ་། “ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽” »

བརྩམས་སྒྲུང་།

བསྟོད་ཚིག་མེ་ཏོག་ཆུན་པོ།

Posted on 2013-07-102013-07-10 By ཁ་བརྡ་ No Comments on བསྟོད་ཚིག་མེ་ཏོག་ཆུན་པོ།

ཚངས་སྲས་རྒྱལ་མོའི་སྲས་པོ།

༡༽པདྨ་ལས་འཁྲུངས་རྡོ་རྗེ་དྭངས་མའི་སྐུ།།
ལྷུན་གྲུབ་མཚན་དཔེ་རབ་རྫོགས་ཐུགས་རྗེ་གཏེར།།
བསིལ་ལྡན་འགྲོ་བའི་མགོན་གཅིག་གུ་རུ་པདྨ་འབྱུང་།།
དགེ་ལེགས་ཤིས་པའི་མེ་ཏོག་དེང་འདིར་སྩོལ།།

དེ་ལས་མང་བ་། “བསྟོད་ཚིག་མེ་ཏོག་ཆུན་པོ།” »

སྙན་ངག

དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽

Posted on 2013-07-102013-07-10 By ཁ་བརྡ་ 3 Comments on དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽

མཁོ་འདོན་པ་དང་ཡིག་ཕབ་མཁན། ཤིང་རྟ།

ཁམས་ཕྱོགས་ཀྱི་བྱིས་པ་རྣམས་ཀྱི་ལས་དབང་།
ང་ཚོའི་ཕྱོགས་ཀྱི་སློབ་གྲྭ་འགའ་རེའི་ནང་དུ་ང་ཐོན་པས། སློབ་གྲྭ་འགའ་རེ་ཅི་འདྲ་རེད་ཟེར་ན། གཏན་གནས་ཀྱི་སློབ་གྲྭ་རེད་ཡུལ་ཚོ་གཅིག་ལ་ཁྱིམ་ཚང་སྟོང་གཅིག་ལྷག་ཡོད་འདུག སློབ་མ་ཉུང་དུས་ཅི་འདྲ་རེད་ལབ་ན། ང་ཐོན་དུས་སློབ་གྲྭ་དེའི་ནང་ལ་སློབ་མ་དྲུག་འདུག རྡོག་མ་དྲུག་སྟེ། གཅིག་གཉིས་གསུམ་བཞི་ལྔ་དྲུག དགེ་རྒན་དགུ་འདུག དེ་འདྲ་ཞིག་རེད། གཞན་དག་དེ་ཚོ་དོན་གྱི་ཐོག་ལ་དེ་ཡིན་གྱི་རེད།

དེ་ལས་མང་བ་། “དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽” »

སྣ་ཚོགས།

རཀར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་དང་པོ༽

Posted on 2013-07-092013-07-11 By ཁ་བརྡ་ 43 Comments on རཀར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་དང་པོ༽

བཙན་བྱོལ་ནང་གི་སྐད་གྲགས་ཅན་གྱི་སྙན་ངག་པ་དང་ཡིག་སྒྱུར་མཁས་པ་རྒན་པ་རཀར་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་ཉིན་མོ་དང་སྟབས་བསྟུན། ངེད་ཁ་བརྡ་དྲ་དེབ་ངོས་ལ་དེ་རིང་ནས་ཉིན་བདུན་རིང་ཁོང་གི་མཛད་པ་འཕྲིན་ལས་ལ་རྗེས་དྲན་སྲུང་བརྩི་བྱེད་རྒྱུ་ཡིན།  བཀུར་འོས་རྩོམ་པ་པོ་རྣམས་ཀྱིས་དེར་འབྲེལ་བའི་རྩོམ་ཡིག་གང་མང་བསྐུར་བར་འབོད་སྐུལ་ཞུ།  དེ་རིང་ནས་ཉིན་བདུན་རིང་རྡོ་རྗེ་དབང་ཕྱུག་གིས་ཁོང་གི་རྗེས་དྲན་དུ་བྲིས་པའི་རྩོམ་ཡིག་དུམ་བུ་རེ་རེ་ཁ་བརྡ་དྲ་དེབ་སྟེང་མུ་འགོད་ཞུ་རྒྱུ་ཡིན།

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ནས།

གཅིག རིན་པོ་ཆེའི་རང་རྣམ་རྟ་ཐོག་མ།

 རྡོ་རྗེ་དབང་ཕྱུག་གིས།

          ཕྱི་ཟླ་ ༧ ཚེས་ ༡༠ ཉིན་ནི་རཀར་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ ཉིན་དགུང་གྲངས་ ༨༧ ལ་སྐུ་གཤེགས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མོ་ཆགས་ཡོད། ད་ལམ་འདིར། རིན་པོ་ཆེ་མཆོག་དང་མཇལ་བའི་བརྒྱུད་རིམ་ནང་། དཔེ་ཁྲིད་ཞུས་པ་དང་། གསུང་རྩོམ་རིགས་མཇལ་ཀློག ཡིག་ལམ་ནས་མཇལ་མོལ། དངོས་མཇལ་བཅས་ཀྱི་གོ་སྐབས་སྣ་ཚོགས་ཤིག་བྱུང་ཁྲོད་ནས། དེ་རིང་ཞུ་འདོད་པ་གཅིག་དེ། ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༧ པའི་ནང་རིན་པོ་ཆེ་མཆོག་ལ་རང་རྣམ་ཞིག་ལྗགས་རྩོམ་ངེས་གནང་ཡོང་བའི་སྙན་ཞུ་ཞིག་ཕུལ་བར། ཕྱི་ལོ་༢༠༠༡ ཟླ་ ༨ ཚེས་ ༤ ཉིན་ཕྱག་བྲིས་དང་ལྷན་རང་རྣམ་མདོར་བསྡུས་ཤིག་གནང་སོན་བྱུང་བ་དེ་སྐོར་ཡིན། དེ་ནི་གཤམ་གྱི་འདི་ཡིན།

དེ་ལས་མང་བ་། “རཀར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་དང་པོ༽” »

སྣ་ཚོགས།

བདེན་དོན་ཁྲག་གི་དར་ཆ། གླུ་གཞས།

Posted on 2013-07-092013-07-09 By ཁ་བརྡ་ 2 Comments on བདེན་དོན་ཁྲག་གི་དར་ཆ། གླུ་གཞས།

གཞས་པ། པད་མ་འཕྲིན་ལས།

གླུ་གཞས།

ལས་ཁུངས་གསར་འཛུགས།

Posted on 2013-07-092013-07-09 By ཁ་བརྡ་ 7 Comments on ལས་ཁུངས་གསར་འཛུགས།

གནས་ཚུལ་གཏོང་མཁན། འོད་ཟེར།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགུང་གྲངས་དོན་བརྒྱད་ལ་སོན་པའི་བཀྲ་ཤིས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན་ནས། རྡ་ས་མདོ་སྨད་ས་གནས་རྒྱུན་ལས་སྐབས་བཅུ་གཉིས་པའི་ངོས་ནས་ས་གནས་ཀྱི་ལས་ཁུངས་གསར་བ་ཞིག དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འཁྲིས་ཀྱི་བཀྲ་ཤིས་ཆོས་གླིང་དགོན་པའི་ཁང་པའི་ནང་དུ་གསར་འཛུགས་གནང་འདུག

དེ་ལས་མང་བ་། “ལས་ཁུངས་གསར་འཛུགས།” »

གསར་འགྱུར།

ཁོར་ཡུག་གིས་སྐྲུན་པའི་སེམས་གཟུགས།

Posted on 2013-07-092013-07-09 By ཁ་བརྡ་ No Comments on ཁོར་ཡུག་གིས་སྐྲུན་པའི་སེམས་གཟུགས།

གངས་དཀར་རྒྱལ་སྲས།

ས་མཐའ་ཞིག་འགྲིམས་ན་ཡང་འདོད་ཀྱང་།།
འཇོན་ཐང་གི་ཆོག་མཆན་དེ་མེད་པས།།
ལས་དབང་ལ་སྒུག་པ་རང་་མ་གཏོགས།།
ལམ་ཐིག་ཅིག་རྙེད་པ་ནི་མ་བྱུང་།།

དེ་ལས་མང་བ་། “ཁོར་ཡུག་གིས་སྐྲུན་པའི་སེམས་གཟུགས།” »

རྩོམ་རིག

ལྷ་མོ་དོན་འགྲུབ།

Posted on 2013-07-092013-07-09 By ཁ་བརྡ་ 4 Comments on ལྷ་མོ་དོན་འགྲུབ།

ལོག་སྨྲ་ཚར་གཅོད།

ལྷ་མོ་དོན་འགྲུབ། ཁྱེད་ནི་ལྷ་མོའི་བླ་མཚོ་ནང་འཆར་བའི་ཨ་ཀ་མ་ཡིན་ལ། ལྷ་མོས་བསྐོས་པའི་གངས་ཅན་པའི་རྒྱལ་པོ་མཐའ་མ་དེའང་ཡིན། ཁྱེད་ནི་བཙན་པོའི་གདུང་རྒྱུད་ཀྱི་ཤུལ་འཛིན་པ་ངོ་མ་དེ་ཡིན་ལ་གདོང་དམར་བའི་ལོ་རྒྱུས་ཀྱི་དཔང་པོ་ཡང་ཡིན། ལྷ་མོ་དོན་འགྲུབ། ཁྱེད་ཀྱི་གཟི་བརྗིད་ཀྱིས་མི་རིགས་ཤིག་གི་ཚེ་སྲོག་སླར་གསོ་ཐུབ་ལ། བཙན་པོ་ཞིག་གི་སྙིང་སྟོབས་མངོན་འགྱུར་ཡང་བྱེད་ཐུབ། དམ་ཉམས་ཚོས་བར་ཆད་ཇི་ལྟར་བཙན་ཡང་། ལྟ་ལོག་གིས་ཞབས་འདྲེན་ཅི་འདྲ་བྱས་ཀྱང་།

དེ་ལས་མང་བ་། “ལྷ་མོ་དོན་འགྲུབ།” »

རྩོམ་རིག

༧འཁྲུངས་སྐར་སྲུང་བརྩི་དང་སྐད་ཡིག་བགྲོ་གླེང་འགྲན་བསྡུར་སོགས།

Posted on 2013-07-092013-07-09 By ཁ་བརྡ་ 1 Comment on ༧འཁྲུངས་སྐར་སྲུང་བརྩི་དང་སྐད་ཡིག་བགྲོ་གླེང་འགྲན་བསྡུར་སོགས།

གནས་ཚུལ་མཁོ་གཏོང་བ། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།

ལོ་ཤས་གོང་ནས་བཟུང་བོད་ཕྱི་ནང་གཉིས་སུ་སྔར་ལས་ལྷག་པའི་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་རིམ་པར་བྱུང་བ་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་གནས་པའི་བོད་རིགས་སྤུན་ཟླ་སྤྱི་མཚུངས་ལྟར་ནུབ་ཨ་རིའི་ཁུལ་གྱི་བོད་མི་རྣམས་ཀྱིས་ཀྱང་བོད་ཀྱི་བསྟན་སྲིད་ཆེད་གཤེགས་པའི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་བཅས།

དེ་ལས་མང་བ་། “༧འཁྲུངས་སྐར་སྲུང་བརྩི་དང་སྐད་ཡིག་བགྲོ་གླེང་འགྲན་བསྡུར་སོགས།” »

གསར་འགྱུར།

རྡ་སའི་ཆར་ཞོད་ཀྱིས་བོད་ཡིག་ནག་བསུབས་བཏང་སོང་།

Posted on 2013-07-092013-07-09 By ཁ་བརྡ་ 73 Comments on རྡ་སའི་ཆར་ཞོད་ཀྱིས་བོད་ཡིག་ནག་བསུབས་བཏང་སོང་།

ནམ་མཁའ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ་ཞིག བོད་ཀྱི་དུས་བབ་ཀྱིས་༢༠༡༣/༧/༠༡ཉིན་དྲ་ཐོག་ཏུ་འདི་ལྟར་བཀོད་འདུག སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཡོངས་སུ་འཛིན་རིམ་༦ དང༨ བར་སློབ་ཚན་ཁག་དབྱིན་སྐད་ཐོག་ཁྲིད་དགོས་ཅེས་བཀའ་ཁྱབ་གནང་འདུག་པས། ངས་འདིའི་སྐོར་ལ་བསམ་ཚུལ་ཕྲན་བུ་ཞིག་གླེང་འདོད་སྐྱེས།

དེ་ལས་མང་བ་། “རྡ་སའི་ཆར་ཞོད་ཀྱིས་བོད་ཡིག་ནག་བསུབས་བཏང་སོང་།” »

སྣ་ཚོགས།

སེར་བྱེས་གྲྭ་ཚང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་པ།

Posted on 2013-07-082013-07-08 By ཁ་བརྡ་ 7 Comments on སེར་བྱེས་གྲྭ་ཚང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་པ།

མཁོ་སྤྲོད་པ། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

 ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ཉིན། སྤྱི་ནོར༸་གོང་ས ༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་པ་རྒྱལ་ས་ལྡི་ལི་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ། ལྷོ་ཕྱོགས་ཀ་ཎ་ཌ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་ཞབས་སོར་བཀའ་དྲིན་བསྐྱངས་པ་དང་། གྲོང་ཁྱེར་དེར་ཧིན་ངྷིའི་ཆོས་ཚོགས་ཤིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་གའི་ལྷ་ཁང་དུ་ཕེབས་ཏེ། ཧིན་ངྷིའི་བླ་ཆེན་ཁག་དང་དགེ་འདུན་པ་དང་ཕྱི་ནང་གི་དད་ལྡན་མང་པོས་དགའ་བསུའི་གུས་འདུད་ཞུས་པ་དང་།

དེ་ལས་མང་བ་། “སེར་བྱེས་གྲྭ་ཚང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་པ།” »

གསར་འགྱུར།

བྷོ་རེ་ཏི་ཡར་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ།

Posted on 2013-07-082013-07-08 By ཁ་བརྡ་ 4 Comments on བྷོ་རེ་ཏི་ཡར་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ།

གནས་ཚུལ་མཁོ་གཏོང་བ། སྨན་སྐོར་རྡོ་རྗེ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༨དུ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་བྷོ་རེ་ཏི་ཡར་(Buryatia)སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།

ཕྱི་ལོ་༢༠༡༣།༧།༦ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་ཨུ་རུ་སུའི་མངའ་ཁུལ་གྱི་ནང་པའི་དགོན་པ་ཆེ་ཤོས་ཨོ་རྒེ་སུ་གྲྭ་ཚང་(Ivolginskiy Monastery)གི་ཚོམས་ཆེན་དུ་དགོན་པའི་མཁན་པོ་གཙོ་བོས་གྲྭ་མང་ཡོངས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང

དེ་ལས་མང་བ་། “བྷོ་རེ་ཏི་ཡར་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ།” »

གསར་འགྱུར།

སྤེལ་ལྗམ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི།

Posted on 2013-07-08 By ཁ་བརྡ་ 5 Comments on སྤེལ་ལྗམ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི།

༼གནས་ཚུལ་མཁོ་གཏོང་བ་སྤེལ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།༽

འདི་ཟླའི་ཚེས་༦ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༨ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་མཛད་སྒོ་ཞིག་སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག  སྤེལ་ལྗམ་ནང་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་གྲོང་ཁྱེར་ཨན་ཁྲི་ཝར་ཕན་དུ་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗོ་ལགས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ། 

དེ་ལས་མང་བ་། “སྤེལ་ལྗམ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི།” »

གསར་འགྱུར།

རང་ལ་ཡོད་རུང་། རང་གིས་མ་ཚོར།

Posted on 2013-07-082013-07-08 By ཁ་བརྡ་ 4 Comments on རང་ལ་ཡོད་རུང་། རང་གིས་མ་ཚོར།

བཀྲ་ལྷ་ཉི་མ་རྡོ་རྗེ་།

 ༣/༠༧/༢༠༡༣ཉེ་དུས་ང་རང་ཡིག་རྒྱུགས་གལ་ཆེ་ཤིག་གི་ནང་གྲུབ་འབྲས་ཡག་པོ་མ་སོན་པའི་དབང་གིས་ཉིན་ཤས་རིང་སེམས་པ་མ་སྐྱིད་པ་དང་ཟས་པའི་ལྟོ་ལ་ཡང་བྲོ་བ་ཡང་མེད་པར་རྒྱུར། དུས་རྒྱུན་ང་རང་མི་སྣ་འདྲ་མིན་ཁག་དང་ཐུགས་ཕྲད་བྱེད་རྒྱུར་དགའ་མོས་ཆེན་པོ་ཡོད། ཡིན་ཡང་། སྐབས་དེར། ངས་ཉིན་ཤས་རིང་ལས་ཁུངས་ནས་ནད་དགོངས་ཞུས་རྗེས་རང་ཉིད་བཟང་བཙོན་ནང་བཅུག་པ་ལྟར་། ཉིན་ལྟར་རང་གི་ལས་ཤག་ཁང་ཆུང་འདོམ་གང་གྲུ་བཞི་དེའི་ནང་འཛུལ་ནས་བསྡད།

དེ་ལས་མང་བ་། “རང་ལ་ཡོད་རུང་། རང་གིས་མ་ཚོར།” »

སྣ་ཚོགས།

སྙན་དངགས་ཆེན་མོ་<<སྤྲིན་གྱི་ཕོ་ཉ>>འི་ཁ་སྐོང་།

Posted on 2013-07-082013-07-08 By ཁ་བརྡ་ 6 Comments on སྙན་དངགས་ཆེན་མོ་<<སྤྲིན་གྱི་ཕོ་ཉ>>འི་ཁ་སྐོང་།
ཟླ་བ་གཞོན་ནུས་བསྒྱུར།
དེ་ལྟར་བསྟན་པར་ལྷ་ཡི་བདག་པོའི་གྲོགས་བཟངས་རི་བོ་དང་ནི་ཆུ་བོ་གྲོང་རྣམས་སུ།།
གནས་ཤིང་གནས་ཤིང་ནོར་སྦྱིན་བདག་པོའི་གྲོང་ཁྱེར་དུ་ནི་ཉིན་མ་འགའ་ཡིས་འབྱོར་བར་གྱུར།།
ལྷ་ཡི་ཁང་བཟངས་ས་ལེ་སྦྲམ་གྱིས་རབ་ཏུ་མཛེས་པ་མཚན་མ་རྣམས་ནི་སྔར་བཤད་པ།།
དེ་ཡི་ཕང་དུ་ས་ཡི་གཞི་ལ་ཞུམ་པར་གྱུར་བའི་གནོད་སྦྱིན་མོ་ནི་མཐོང་བར་གྱུར།།
 

དེ་ལས་མང་བ་། “སྙན་དངགས་ཆེན་མོ་<>འི་ཁ་སྐོང་།” »

འགྱུར་རྩོམ།

སྙན་དངགས་ཆེན་མོ་འི་ཁ་སྐོང་།

Posted on 2013-07-08 By ཁ་བརྡ་ 6 Comments on སྙན་དངགས་ཆེན་མོ་འི་ཁ་སྐོང་།
ཟླ་བ་གཞོན་ནུས་བསྒྱུར།
དེ་ལྟར་བསྟན་པར་ལྷ་ཡི་བདག་པོའི་གྲོགས་བཟངས་རི་བོ་དང་ནི་ཆུ་བོ་གྲོང་རྣམས་སུ།།
གནས་ཤིང་གནས་ཤིང་ནོར་སྦྱིན་བདག་པོའི་གྲོང་ཁྱེར་དུ་ནི་ཉིན་མ་འགའ་ཡིས་འབྱོར་བར་གྱུར།།
ལྷ་ཡི་ཁང་བཟངས་ས་ལེ་སྦྲམ་གྱིས་རབ་ཏུ་མཛེས་པ་མཚན་མ་རྣམས་ནི་སྔར་བཤད་པ།།
དེ་ཡི་ཕང་དུ་ས་ཡི་གཞི་ལ་ཞུམ་པར་གྱུར་བའི་གནོད་སྦྱིན་མོ་ནི་མཐོང་བར་གྱུར།།
 

དེ་ལས་མང་བ་། “སྙན་དངགས་ཆེན་མོ་འི་ཁ་སྐོང་།” »

འགྱུར་རྩོམ།

༼རྟོག་འགྱུའི་ང་རོའི་༽བསྒྲགས་གཏམ།

Posted on 2013-07-08 By ཁ་བརྡ་ 3 Comments on ༼རྟོག་འགྱུའི་ང་རོའི་༽བསྒྲགས་གཏམ།

སེར་ཤུལ་རིན་ཆེན་དོན་གྲུབ།

གུས་པའི་རྩོམ་དེབ་༼རྟོག་འགྱུའི་ང་རོ།༽གསར་དུ་པར་འགྲེམས་བྱས་ཡོད། འདི་ནི་བདག་གི་རྩོམ་ཡིག་དེབ་ཕྲེང་གསུམ་པ་དེ་ཡིན། རྩོམ་དེབ་འདིར་དད་པའི་དབྱངས་དང་། ལ་རྒྱའི་དབྱངས། དཔྱོད་པའི་དབྱངས། ཚོར་བའི་དབྱངས། བཅས་ཚན་པ་བཞི་ཡིས་གྲུབ་ཡོད་པ་དང་། ཤོག་ངོས་༡༣༥ ཡོད།  རྩོམ་དེབ་འདི་ནི་དད་སེམས་དང་། ལ་རྒྱ། དཔྱོད་ཞིབ། ཚོར་བ་བཅས་ཀྱི་བརྗོད་གཞི་བྱས་ཤིང་། གསར་བཅད་རྣམ་པའི་ཚིག་འགྲོས་ཀྱི་རང་བཞིན་ལྡན་པའི་དཔྱད་བརྗོད་སྙན་ངག་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན།

དེ་ལས་མང་བ་། “༼རྟོག་འགྱུའི་ང་རོའི་༽བསྒྲགས་གཏམ།” »

གསར་འགྱུར།

དབྱངས་ཀྱི་མཆོད་པ། ༼བོད་འབྱོར།༽

Posted on 2013-07-082013-07-08 By ཁ་བརྡ་ No Comments on དབྱངས་ཀྱི་མཆོད་པ། ༼བོད་འབྱོར།༽

ལྗོན་པ།

མཛད་འཕྲིན་གསེར་གྱི་ཤིང་རྟས་བརྗིད་པའི་ཁ་བའི་ལུགས་གཉིས་སྲོག་གི་ཀ །
སྐྱེ་དགུའི་ལེགས་བྱས་སྟོང་གི་ཉིང་ཁུར་ལྷོ་རྒྱུད་འཛིན་མའི་པང་དུ་བཞེངས།།
དམན་པའི་རིགས་ཁམས་ཐུགས་ལ་བརྣག་པའི་བྱམས་བརྩེའི་འོད་ཀྱི་ཟེགས་མའི་ཆབ།།
རྣམ་དཀར་ལས་ཀྱི་རྩ་བ་སྦོམ་པའི་རྒྱུད་ཚོགས་སྐྱེ་འགྲོའི་རྫིང་བུར་ལྷུང་།།

དེ་ལས་མང་བ་། “དབྱངས་ཀྱི་མཆོད་པ། ༼བོད་འབྱོར།༽” »

རྩོམ་རིག

Posts pagination

Previous 1 … 164 165 166 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme