ལྷ་རྩེའི་ཁུ་བྱུག
ཁོ་བོའི་དངོས་མིང་ལ་བསོད་ནམས་ཆོས་དབྱིངས་དང་། སྨྱུག་མིང་ལ་ལྷ་རྩེའི་ཁུ་བྱུག་ཏུ་འབོད། ཁམས་རབ་ཤེས་སྒོག་སྟོད་དུ་སྐྱེས་འཚར་བྱུང་ཞིང་། ཆུང་དུས་ཕྱུགས་རྫིར་བསྐྱོད་པ་ལས་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ་ནའང་། ཕ་རྒན་དྲིན་པོ་ཆེས་བོད་ཡིག་བསླབས་ཏེ། ནང་ཆེན་སྐྱོ་བྲག་དགོན་པའི་ཚོགས་གྲལ་ཞུགས་པ་ན། དགའ་སྐྱོའི་རྨི་ལམ་ལྟ་བུ་བཟང་ངན་དུ་མའི་ཀློང་དུ་ཁ་ཡན་ཞིང་། བར་ཞིག་ཏུ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེའི་བདག་རྐྱེན་ལ་བརྟེན་ནས་གྲོགས་དགའ་དབང་དང་གྲགས་བཟང་གི་ལྷན་མདོ་སྟོད་རྫོགས་ཆེན་ཤྲི་སེང་ཆོས་གྲྭ་དང་། ཨ་རིག་ཆོས་གྲྭ། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་ནས་ཐོས་བསམ་ཅུང་ཟད་བགྱིས་པའི་སྐལ་བཟང་ཐོབ།


