དྲིན་ཅན་གྱི་ཨ་ཕ་ལགས།
ཆབ་མདོ་ངག་ཕུན། དྲིན་ཆེན་ཕ་མ་ལགས། ལོ་ཟླ་དེ་ཙམ་ཞིག་ཕྱིན་ནའང་། དྲིན་ཅན་གྱི་ཨ་ཕ་མཇལ་སྐལ་བྱུང་མ་སོང་། སྐབས་རེ་རང་ཉིད་གཅིག་པུ་བསྡད་དེ། འདས་ཟིན་ལོ་ཟླའི་སྐྱོ་གར་དེ་དག་དྲན་ཐེངས་རེ། དྲིན་ཅན་ཨ་ཕ་ཁྱེད་ཀྱི་རྣམ་འགྱུར། སེམས་ཁོངས་སུ་ཝ་ལེར་ཤར་འོང་། ངའི་བྲང་ཁོག་ཏུ་ན་ཟུག་བཏང་ཐེངས་རེ། ཁུག་ཀྱོག་ཏུ་མིག་ཆུ་གཏོང་བཞིན་སྡོད་རྒྱུ་ལས་ཅི། དྲིན་ཅན་གྱི་ཨ་ཕ་ལགས། དེང་སྐབས་དྲིན་ཅན་གྱི་ཕ་ལོ་ཧ་ཅང་དྲན་གྱིན། ཕ་མ་དང་ཕ་ཡུལ་ཁ་བྲལ་དགོས། དེ་འདྲའི་ལས་དབང་བཙན་པ་ལ་ཨང་།…