Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (5)

Posted on 2020-05-07 By ཁ་བརྡ No Comments on ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (5)

སྐྱེས་སར་ཀླུ་སྒྲུབ་ཀྱིས་རང་གི་སློབ་སྦྱོང་ཆེད་བོད་སྒྱུར་བྱས།

ལྔ་པ། ཇུས་འགོད་ནས་བྱུང་བའི་རྩོད་སྒྲུབ།

བརྒྱུད་རིམ་འདིའི་གོ་རིམ་རྗེས་མའི་ནང་ང་ཚོས་ཇུས་འགོད་ནས་བྱུངབའི་རྩོད་སྒྲུབ་གླེང་རྒྱུ་དང་། ཁྱེད་ཚོ་ཚང་མས་ཇུས་འགོད་ནས་བྱུང་བའི་རྩོད་སྒྲུབ་ཤེས་ངེས་རེད། འཛམ་གླིང་ཐོག་གི་བྱ་དངོས་ཐམས་ཅད་ནི། ང་ཚོས་འཇིག་རྟེན་འདིའི་ཐོག་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཇུས་འགོད་བྱས་པ་ཡིན་ཞིང་། གལ་ཏེ་འཇིག་རྟེན་འདི་སྔ་མོ་ནས་ཕྲན་བུའི་མི་འདྲ་བ་ཞིག་ཡོད་ན། ང་ཚོས་འཇིག་རྟེན་འདིའི་ཐོག་འཚོ་བ་སྐྱེལ་ཐབས་མེད། འདི་ནི་ཇུས་འགོད་ཀྱི་སྒྲུབ་བྱེད་རེད།

དེས་མཚམས་རེར་མཚར་སྣང་གི་རྣམ་པ་ཞིག་ཀྱང་མངོན། དཔེར་ན། མི་ལ་ལས་རི་བོང་གི་རྔ་མར་དཀར་ཐིག་ཅིག་ཡོད་པ་ནི་མདའ་རྒྱག་བདེ་བའི་ཆེད་དུ་ཡིན་པར་འདོད། འོན་ཀྱང་ངས་ནི། རི་བོང་གིས་ལྟ་སྟངས་དེར་ངོས་འཛིན་གང་འདྲ་ཞིག་བྱེད་མིན་མི་ཤེས། འདི་ནི་ལས་སླ་བའི་ལད་ཟློས་རང་བཞིན་གྱི་སྒྲུབ་བྱེད་ཅིག་རེད། ཁྱེད་ཚོ་ཚང་མས་ཤེས་གསལ་ལྟར། བོལ་ཏེག་(Voltaire) གིས། སྣ་ནི་མིག་ཤེལ་ལ་འཚམ་པར་ཇུས་འགོད་བྱས་པ་རེད་ཅེས་བཤད་ཡོད།

ད་ཆ་དགོད་བྲོ་བའི་ལད་ཟློས་དེ་རིགས་དེ་སྔ་དུས་རབས་བཅོ་བརྒྱད་པ་དང་འདྲ་བར་ཚུལ་མིན་ཞིག་མིན། གངས་ལགས་ཤེ་ན། རྒྱུ་མཚན་ནི་ཏར་ཝུན་(Darwin)གྱི་དུས་རབས་ནས་བཟུང་། ང་ཚོ་སྐྱེ་དངོས་ཁོར་ཡུག་དང་འོས་འཚམ་ངང་གནས་ཐུབ་པའི་རྒྱུ་མཚན་གང་ཡིན་ཐད་གོ་རྟོགས་ལེགས་པོ་བྱུང་བས་རེད། དེའི་རྒྱུ་མཚན་ནི། ཁོར་ཡུག་ནི་སྔ་མོ་ནས་མི་ཚོར་འོས་འཚམ་ཞིག་མིན་རུང་། མི་རྣམས་ཀྱི་འཚར་ལོངས་བརྒྱུད་རིམ་གྱིས་ཕར་ཁོར་ཡུག་དེར་འཕྲོད་པ་ཞིག་ཏུ་གྱུར་པའི་རྐྱེན་གྱིས་རེད། དེ་ནི་ཁོར་ཡུག་དང་འཕྲོད་པའི་རྨང་གཞི་དེ་རེད། དེར་ཇུས་འགོད་ཀྱི་དཔང་རྟགས་ཅི་ཡང་མེད།
ཁྱོད་ཀྱིས་ཇུས་འགོད་ནས་བྱུང་བའི་རྩོད་སྒྲུབ་ཀྱི་ལྟ་བར་ཞིབ་འཇུག་བྱེད་སྐབས། མི་རྣམས་ཧང་སངས་དགོས་པ་ཞིག་ལ་མི་རྣམས་ཀྱིས་འཇིག་རྟེན་འདི་ལ་ཡིད་ཆེས་བྱེད་ཀྱི་ཡོད།
འཇིག་རྟེན་འདིའི་ནང་གི་དངོས་པོ་ཡོད་ཚད་དང་། དེ་བཞིན་དེའི་སྐྱོན་ཆ་ཡོད་ཚད་ནི། མཐུ་སྟོབས་ཡོངས་སུ་རྫོགས་ཤིང་ཐམས་ཅད་མཁྱེན་པ་ཞིག་གིས་ལོ་ངོ་ས་ཡ་མང་པོའི་རིང་བསྐྲུན་པའི་བྱ་དངོས་ཆེས་ཡག་ཤོས་དེ་ཡིན་དགོས་ངེས་ལྟ་བུ་རེད།

ངས་དངོས་གནས་དེར་ཡིད་ཆེས་བྱེད་མི་ཐུབ། ཁྱེད་ཀྱིས་བལྟས་ན་གང་འདྲ་འདུག གལ་ཏེ། ཁོང་ལ་བླ་ན་མེད་པའི་འཇིག་རྟེན་ཞིག་སྐྲུན་ཆེད། མཐུ་སྟོབས་ཡོངས་སུ་རྫོགས་ཤིང་ཀུན་མཁྱེན་གྱི་ནུས་པ་ཞིག་ཡོད་ན། ཅིའི་ཕྱིར་ཁོང་གིས་ལོ་ངོ་ས་ཡ་འགའི་ནང་ཨ་རིའི་མི་དཀར་མཆོག་འཛིན་བྱེད་པའི་ཕྱོགས་ཞེན་ཚོགས་པ་(KKK or the Klan) དང་། ཡུ་རོབ་ཀྱི་ཧྥ་ཤི་སི་(Fascists)ཚོགས་པ་ལས་ལེགས་པ་ཞིག་སྐྲུན་མ་ཐུབ་པ་རེད། ད་དུང་། ཁྱེད་ཀྱིས་སྤྱིར་བཏང་གི་ཚན་རིག་གི་ཆོས་ཉིད་ཁས་ལེན་བྱས་ཚེ། ངེས་པར་དུ་མིའི་རིགས་ཀྱི་ཚེ་སྲོག་དང་། གཞན་ཡང་རྒྱུ་སྐར་འདིའི་སྟེང་གི་སྤྱིར་བཏང་གི་ཚེ་སྲོག་རྣམས་དུས་ཚོད་ངེས་ཅན་ཞིག་གི་མཚམས་སུ་འཇིག་འགྲོ་བར་ངོས་ལེན་བྱེད་དགོས། དེ་ནི་ཉི་མའི་ཁྱིམ་རྒྱུད་ཉམས་རྒུད་དུ་འགྲོ་བའི་དུས་རིམ་ཞིག་ཡིན། དུས་ཀྱི་རིམ་པ་འདིའི་ནང་། ཁྱོད་ལ་གདོད་མའི་སྐྱེ་རྒྱུ་དང་འོས་འཚམ་གྱི་དྲོད་ཚད་སོགས་ཀྱི་ཆ་རྐྱེན་འཐོབ་ཐུབ།

ཉི་མའི་ཁྱིམ་རྒྱུད་ཡོངས་ཀྱི་ཚེ་སྲོག་གི་ཁྲོད་དུ་ཆེས་དུས་ཡུན་ཐུང་བའི་ཚེ་སྲོག་ཀྱང་ཡོད། ཁྱོད་ཀྱིས་ཟླ་བའི་གོ་ལའི་སྟེང་ནས་མཐོང་བ་ནི། སའི་གོ་ལའི་འཁོར་ཕྱོགས་ཀྱི་དངོས་པོ་དེ་རིགས་ཡིན་ཞིང་། དེ་ནི། ཤི་བ་དང་། གྲང་བ། ཚེ་སྲོག་དང་བྲལ་བ་ལྟ་བུ་རེད། མི་ཞིག་གིས་ང་ལ་བཤད་རྒྱུར། ལྟ་ཚུལ་འདི་རིགས་ནི་ཡིད་ཆད་དུ་འཇུག་པ་ཞིག་རེད། མི་རྣམས་ཀྱིས་སྐབས་འགར་ཁྱོད་ལ་བཤད་ངེས་ཡིན། གལ་ཏེ་ཁོ་ཚོས་ཚན་རིག་གི་ཆོས་ཉིད་ལ་ཡིད་ཆེས་བྱས་ན། ཁོ་ཚོས་མུ་མཐུད་དུ་འཚོ་བ་རོལ་མི་ཐུབ་པས་དེར་ཡིད་ཆེས་བྱེད་མི་རུང་ཟེར་བ་དེ་ནི་བླུན་གཏམ་རང་རེད། ལོ་ངོ་ས་ཡ་ཁ་ཤས་ཀྱི་རྗེས་ནས་ཅི་ཞིག་འབྱུང་བར་སེམས་ཁུར་བྱེད་མཁན་སུ་གཅིག་ཀྱང་མེད།

གལ་ཏེ་ཁོ་ཚོའི་བསམ་པར་ཁོ་ཚོས་དོན་དེར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་སྙམ་ན། དོན་དངོས་ཐོག་དེ་ནི་ཁོ་ཚོས་རང་གིས་རང་ལ་མགོ་སྐོར་བཏང་བ་ཙམ་རེད། དོན་དངོས་སུ་ཁོ་ཚོས་སེམས་ཁྲལ་བྱེད་ས་ནི་དེ་བས་ཀྱང་སྤྱིར་བཏང་གི་བྱ་བ་ཞིག་གམ། ཡང་ན་ཟས་འཇུ་དཀའ་བ་ཁོ་ན་ཙམ་ཡིན་སྲིད། འོན་ཀྱང་ལོ་ངོ་ས་ཡ་ཁ་ཤས་ཀྱི་རྗེས་ནས་འཛམ་གླིང་ཐོག་འབྱུང་སྲིད་པའི་བྱ་བ་དེ་དྲན་ནས་དངོས་གནས་སེམས་ངལ་བྱེད་མཁན་ནི་གཅིག་ཀྱང་མེད། དེར་བརྟེན། ཚེ་སྲོག་འཇིག་རྒྱུ་ནི་མུན་ནག་གི་ལྟ་སྟངས་ཤིག་ཡིན་པའི་དབང་དུ་བཏང་ནའང་། མ་མཐར་ཡང་ང་ཚོས་འདི་ལྟར་བཤད་ཆོག་སྙམ། སྐབས་འགར་ངས་བསམ་གཞིགས་བྱེད་སྐབས། ངའི་བསམ་བློར། མི་རྣམས་ཀྱིས་འཚོ་བའི་ཁྲོད་དུ་བསྒྲུབས་པའི་བྱ་བ་ཕལ་མོ་ཆེ་ནི་སེམས་གསོ་ཙམ་ཞིག་ཡིན་པར་འདོད། དེས་རང་གི་འཚོ་བ་ཐབས་སྡུག་པོ་ཞིག་ཏུ་མི་མཐོང་བར། དེས་ཁྱོད་ཀྱི་དོ་སྣང་བྱེད་སའི་ཁ་ཕྱོགས་བྱ་དངོས་གཞན་ཐོག་བསྒྱུར་འཇུག་གི་རེད།

མཆན།

François-Marie Arouet / Voltaire: ཕྱི་ལོ་ ༡༦༩༤ ཟླ་ ༡༡ ཚེས་ ༢༡ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༧༧༨ ཟླ་ ༥ ཚེས་ ༣༠ ཉིན་པེ་རི་སི་ནས་དགུང་ལོ་ ༨༣ ཐོག་གྲོངས། ཁོང་ནི་ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་། བློ་འབྱེད་ཀྱི་རྩོམ་པ་པོ། ལོ་རྒྱུས་སྨྲ་བ། རང་དབང་གི་གཏམ་བརྗོད་པ། དམིགས་བསལ་གྱིས་ཡེ་ཤུ་ཆོས་ལུགས་ཀྱི་སྒེར་གཅོད་དབང་འཛིན་ལ་རྒོལ་གཏམ་སྤེལ་མཁན་དང་། ཆོས་ལུགས་དང་སྲིད་གཞུང་ཐ་དད་དུ་དབྱེ་དགོས་པའི་ལས་འགུལ་སྤེལ་མཁན་བཅས་ཡིན།

Darwin: ཕྱི་ལོ་ ༡༨༠༩ ཟླ་ ༢ ༡༢ ཉིན་དབྱིན་ཡུལ་དུ་སྐྱེས་ཤིང་། ཕྱི་ལོ་ ༡༨༨༣ ལོའི་ ཟླ་ ༤ ཚེས་ ༡༩ ཉིན་དགུང་ལོ་ ༧༣ ཐོག་གྲོངས། ཁོང་ནི་འཛམ་གླིང་ནང་སྙན་གྲགས་ཆེ་བའི་སྐྱེ་ཁམས་རིག་པའི་རིག་སྒོ་གསར་བཏོད་བྱེད་མཁན་སྙན་གྲགས་ཅན་ཞིག་ཡིན།

KKK or the Klan ཨ་རིའི་མི་རིགས་དཀར་པོ་མཆོག་འཛིན་བྱེད་པའི་རྙིང་ཞེན་ཚོགས་པ་ཞིག་སྟེ། ཨ་རིའི་མི་རིགས་ནག་པོ་ཚོར་སྡང་ཟུག་བྱེད་མཁན་ཞིག་ཡིན། དེ་ལ་ཚོགས་ཁག་དང་པོ་དེ་ཕྱི་ལོ་ ༡༨༦༥ ནས་ ༡༨༧༡ དང་། ཚོགས་ཁག་གཉིས་པ་ཕྱི་ལོ་ ༡༩༡༥ ནས་ ༡༩༤༤ བར། ཚོགས་ཁག་གསུམ་པ་ཕྱི་ལོ་ ༡༩༤༦ ནས་ད་བར་གནས་ཡོད་པ་ཞིག་ཡིན་ལ། སྐབས་འགར་ཁོང་ཚོའི་ཚོགས་པ་དེ་སྔ་ཕྱི་ཐེངས་གསུམ་ལ་བྱུང་བའི་དོན་སྟོན་ཐབས་དང་བསྡུས་མིང་ལྟ་བུར་ KKK འབྲི་མཁན་ཡང་ཡོད།

Fascists. ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལི་དང་། འཇར་མན་གཉིས་ནས་དར་བའི་སྒེར་གཅོད་རིང་ལུགས་དང་། མི་རིགས་རིང་ལུགས་ཀྱི་ཐལ་ཆ་ཆེ་བའི་ལྟ་གྲུབ་ཞིག་སྟེ། རང་དབང་ལ་རྒོལ་ཞིང་། མང་ཚོགས་ལ་མནར་གཅོད་ཚད་མེད་གཏོང་བའི་སྲིད་ཇུས་ཤིག་སྟེ། དེའི་དཔེ་མཚོན་གྱི་མི་སྣ་གཙོ་བོ་དེ་ནི་ཨ་ཌོལ་ཧྥི–ཧི་ཊི་ལེར་(Adolf Hitler) ཡིན།

འགྱུར་རྩོམ།

Post navigation

Previous Post: གནམ་སའི་ལྕེ།
Next Post: ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། ( 9 )

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme